|
|
༄།ས། |
|
༄།ཆུ |
|
༄།མེ། |
|
༄།རླུང་། |
|
|
 |
 |
༄།གསར་འགྱུར།
BP ཀྱིས་སྣུམ་བཤོ་བ་མཚམས་འཇོག་ཐུབ་པ།
སྤྱི་ལོ༢༠༡༠ལོའི་ཟླ་༧ཚེས་༡༥།
མེག་ཟེ་ཁོའི་མཚོ་ཁུག་ཏུ་སྣུམ་འཛག་པ་དེ་ཟླ་གཉིས་དང་ཉིན་ཉི་ཤི་རྩ་ལྔ་འགོར་རྗེས་མཚམས་འཇོག་བྱེད་ཐུབ་འདུག
དང་ཐོག་སྤྱི་ཟླ་༤་ཚེས་༢༠་ཉིན་མེག་ཟེ་ཁོ་མཚོ་ཁུག་ཏུ་ཡོད་པའི་BP༼དབྱིན་ཇིའི་རྡོ་སྣུམ་༽ཀུང་ཟིའི་སྣུམ་འདོན་ས་ཚུགས་
ཞིག་ཏུ་འབར་གས་རང་བཞིན་གྱི་བསམ་ཡུལ་འདས་བའི་ཆག་སྒོ་བྱུང་ནས་ལས་མི་༡༡་རྐྱེན་ལམ་དུ་སོང་ཞིང་སྐབས་དེ་དུས་
ས་འོག་ནས་སྣུམ་འབོད་ཆེན་རྒྱུན་ཆད་མེད་པར་འཛག་བཞིན་པ་ངེས་སུ་ས་སྟེང་ནས་མཐོང་མེད།
འོན་ཀྱང་མཚོ་ངོས་ནས་མར་
རྩིས་པའི་དབྱིན་ཁྲི་༥༠༠༠རྩམ་གྱི་རྒྱ་མཚོའི་གཏིང་ན་སིང་རྒྱབ་མ་ཐུབ་པའི་སྣུམ་ནག་འཛག་བཞིན་པ་BPཀུང་ཟིས་
ཡོངས་ཁྱབ་གསལ་བསྒྲགས་བྱས་མེད།
ཉིན་ཤས་མ་འགོར་པར་གསར་འགོད་པ་དང་ས་གནས་སྲིད་གཞུང་གི་གནོད་ཤུགས་ལ་བརྟེན་ནས་རྗེས་སུ་ཕྱིར་བསྒྲགས་བྱས།
སྐབས་དེ་དུས་ནས་ཚན་རིག་པ་དང་འཕྲུལ་འཁོར་ཇུས་འགོད་པ་མང་པོས་ཐབས་ཤེས་སྣ་ཚོགས་ཀྱི་སྒོས་ནས་སྣུམ་འཛག་
བཞིན་པའི་སྦུ་གུ་དེའི་ཁ་བཅོད་ཐབས་ཀྱི་རིག་ལམ་སྟོང་ཕྲག་མང་པོ་འཚོལ་བསྡུ་བྱས་ཤིང་གཏིང་ཧ་ཅང་ཟབ་པའི་རྐྱེན་
གྱིས་མཚོའི་ཞབས་ཀྱི་གནོན་ཤུགས་ཧ་ཅང་ཆེ་བར་བརྟེན་སྤྱི་ཟླ་༧་ཚེས་༡༥པར་དུ་སྤུ་གུ་དེ་ལ་ཁ་གཅོད་རྒྱག་མ་ཐུབ་པ་རེད།
སྣུམ་ནག་རྒྱ་མཚོའི་གཏིང་ནས་མཚོ་ངོས་སུ་སླེབས་ཤིང་མཚོ་རླབས་དང་རླུངཤུགས་ཀྱིས་སྣུམ་ནག་མཚོ་འགྲམ་དུ་ཁུར་
ཡོང་ནས་ཨ་རིའི་མངའ་སྡེ་ཋེག་ཟ་སི།
ལོའུ་ཟི་ཨཱན་ནཱ།
མི་སཱི་སཱི་ཕེ།
ཨཱ་ལཱ་བྷ་མ།
(Taxas, Loousiana, Mississipi,
Alabama, Florida)
ཧྥི་ལོ་རི་ཌ་བཅས་ཀྱི་མཚོ་འགྲམ་གྱི་རང་བྱུང་སྐྱེ་ཁམས་དང་ཁོརཡ་ཡུག་ལ་གནོན་པ་ཚབས་ཆེན་ཕོག་ཡོད་པ་རེད།
མེག་ཟེ་ཁོ་མཚོ་ཁུག་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་རྒྱ་མཚོ་ཡིན་ཞིང་རྒྱ་མཚོ་ལ་གཙོག་སྐྱོན་ཐེབས་པ་དེས་སྐམ་མཚོ་
གཉིས་ཀྱི་སྲོག་ཆགས་བྱ་རིགས་དང་།
ཉ།
རུས་སྦལ།
སྡིག་སྲིན་གྱི་རིགས་མང་དག་གི་ཁ་ཟས་ཆད་འགྲོ་བཞིན་ཡོད་ལ།
རྩི་ཤིང་གི་རིགས་ཡོངས་སུ་སྣུམ་ནག་གིས་གཙོག་སྐྱོན་བཟོས་ཤིང་བྱ་རིགས་དེ་དག་ལ་མཚོན་ན་བྱ་སྒྲོའི་ནང་དུ་སྣུམ་འཐིམ་ཚེ་
འཕུར་མི་བདེ་བ་མ་ཟད་ལུས་ཀྱི་ཚ་གྲང་ལ་འགྱུར་བ་ཐེབས་འགྲོ་བ་ཡིན།
བྱ་ཡི་ལུས་ལ་གཙོག་པ་གང་ཡིན་འགོས་དུས་བྱའི་
གཙང་མ་བཟོ་བའི་ཐབས་ལམ་ཉེག་གཅིག་དེ་ནི་ལུས་སྟེང་གི་གཙོག་པ་ཟ་བའི་ཐབས་ལམ་ཡིན།
བྱ་ཡིས་སྣུམ་ནག་ཟས་བ་ཡིན་ན་
མཁལ་མ་དང་མཆིན་པ་སོགས་ལ་འགྱུར་བ་ཐེབས་ཤིང་འཇུ་བྱེད་མ་ལག་ལ་ཡང་གཏོར་སྐྱོན་ཐེབས་ནས་མགྱོགས་པོར་ཤི་
འགྲོ་བ་ཡིན།
སྤྱིར་ན་འཛམ་གླིང་འདིར་རུས་སྦལ་གྱི་རིགས་རིགས་ཆེ་བ་ཁག་གཉིས་སུ་དབྱེ་ཞིང་བྱེ་བྲག་གི་རིགས་༢༥༠ཙམ་ཡོད་ལ་
མེག་ཟེ་ཁོ་མཚོ་ཁུག་ཏུ་རུས་སྦལ་གྱི་བྱེ་བྲག་གི་རིགས་༥༠་ཙམ་གནས་སྡོད་དང་འགྲོ་འོང་བྱེད་བཞིན་ཡོད།
གང་མགྱོགས་མཚོ་འགྲམ་གཙང་བཟོ་མ་བྱས་པ་ཡིན་ན་མཚོ་འགྲམ་དང་བྱེ་ཁུག་དག་ཏུ་རུས་སྦལ་གྱི་ཚང་བཅས་
ཡོད་པའི་སྒོང་ང་ལས་ཕྱིར་ཐོན་མ་ཐག་པའི་རུས་སྦལ་གྱི་ཕྲུ་གུ་མང་པོ་ཤི་འགྲོ་བ་མ་ཟད་རུས་སྦལ་དར་མ་མང་པོའི་
ཁ་སྣ་རུ་སྣུམ་ནག་འཛུལ་ནས་དབུགས་ལེན་མ་ཐུབ་པར་ཤི་འགྲོ་བ་ཐེ་ཚོམ་མེད།
མཚོ་ཡི་རུས་སྦལ་གྱི་རིགས་མང་ཆེ་བ་
རྩ་སྟོང་དུ་འགྲོ་ཉེན་ཆེ་བའི་ཐོ་རུ་བཀོད་ཡོད་པ་དང་རུས་སྦལ་དེ་དག་དག་ནི་རྒྱ་མཚོའི་སྐྱེ་ཁམས་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
ཨ་རིའི་ཉ་དང་རི་དྭགས་དོ་དམ་ལས་ཁུངས་ཀྱི་སྙན་ཞུ་ཞིག་གི་ནང་དུ་འཁོད་པ་ལྟར་ན་སྤྱི་ཟླ་༤་ཚེས་༣༠་ནས་
ཟླ་༦པའི་༢༤་བར་དུ་སྡོམས་པའི་རུས་སྦལ་༤༡༡་གི་རོ་རྙེད་པར་བཤད་ཞིང་།
རུས་སྦལ་ལྔའི་སྟེང་དུ་མ་གཏོགས་
སྣུམ་ནག་འགོས་ཡོད་པ་མཐོང་མི་འདུག
འོན་ཀྱང་ས་ཁུལ་དེར་བརྙེད་པའི་རུས་སྦལ་གྱི་རོ་གྲངས་ནི་གཤམ་གསལ་རེའུ་མིག་ལྟར།
 |
|
ས་ཁུལ་ |
རུས་སྦལ་གྱི་རོ་གྲངས་ |
|
མི་སཱི་སཱི་ཕེ། |
210 |
|
ལོའུ་ཟི་ཨཱན་ནཱ། |
88 |
|
ཨཱ་ལཱ་བྷ་མ། |
66 |
|
ཧྥི་ལོ་རི་ཌ་ |
43 |
|
མེག་ཟེ་ཁོ་མཚོ་འགྲམ་ |
4 |
|
རྒྱལ་སྤྱིའི་རི་དྭགས་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ WWFདང་Audubon
Society
ལྟ་བའི་གཞུང་འབྲེལ་མ་ཡིན་
པའི་ཚོགས་པ་མང་དག་ཅིག་གིས་སྣུམ་ནང་དུ་ལྷུང་ཡོད་པའི་རུས་སྦལ་དང་བྱ་བྱེའུ་མང་པོ་གཙང་སེལ་ས་ཚིགས་མང་པོར་
ཁྱེར་ཡོང་ནས་ལུས་པོ་ཡོངས་སུ་ཆུ་དང་དགས་རྫས་བྱེད་སྤྱད་བྱས་ནས་བཀྲུས་དེ་ཕྱི་རང་བྱུང་ཁམས་སུ་གཏོང་བཞིན་ཡོད།
ལྷག་པར་ཏུ་དུས་ཚུགས་འདི་ནི་བྱ་རིགས་མང་པོ་ལྷོ་ནས་བྱང་དུ་འཕུར་པའི་དུས་ཚིགས་ཞིག་ཡིན་ཞིང་།
མེག་ཟེ་ཁོའི་
མཚོ་ཁུག་དེ་ནི་བྱ་ལམ་གྱི་ངལ་གསོའི་ས་ཚུགས་ཆེན་པོ་ཞིག་ཡིན།
ལོའུ་ཟི་ཨཱན་ནཱའི་མངའ་སྡེའི་གཞུང་གི་མཚོན་རྟགས་
བྱ་Brown Pelicanཞེས་པ་དེ་ཆེར་སྟོང་ཉེན་ཆེ་བའི་བྱ་རིགས་ཀྱི་ཐོ་ནས་སུབ་ཐུབ་ཡོད་ན་ཡང་སྣུམ་ནག་འཛག་པའི་
དོན་རྐྱེན་འདིས་བྱ་རིགས་དེ་ཡང་བསྐྱར་སྟོང་ཉེན་ཆེ་བའི་ཐོ་རུ་འགོད་སྲིད་པར་བཤད།
ལོའུ་ཟི་ཨཱན་ནཱའི་མངའ་སྡེས་ཨ་རིའི་རྒྱལ་ཡོངས་ཀྱི་སྡིག་སྲིན་ལས་གྲུབ་པའི་བཟའ་ཆའི་བརྒྱ་ཆ་༦༠ནས་༧༠ ཨ་རིའི་
རྒྱལ་ཡོངས་སུ་འཁོ་འདོན་བྱེད་བཞིན་ཡོད། ལོའུ་ཟི་ཨཱན་ན་དང་ཨཱ་ལཱ་བྷ་མ། ཧྥི་ལོ་རི་ཌ་མངའ་སྡེ་སོགས་ཀྱི་དཔལ་འབྱོར་
གྱི་ཡོང་སྒོ་མང་ཆེ་བ་མཚོ་འགྲམ་གྱི་ཡུལ་སྐོར་ཡིན་ཞིང་། ཆུ་རྩེད་རྣམ་གྲངས་སྣ་ཚོགས་དང་།
འགྲོན་ཁང་དང་ཟ་ཁང་གི་
ལས་རིགས།
སྐྱེ་ཁམས་ཡུལ་སྐོར་དང་བྱ་རིགས་ངེས་འཛིན་གྱི་ལས་རིགས་སོགས་ནི་ས་ཁུལ་དེ་དག་གི་དཔལ་འབྱོར་གྱི་
ཁྲག་རྩ་ཡིན།
ལོའུ་ཟེ་ཨཱན་ནཱ་མངའ་སྡེའི་གཞུང་གི་རྩིས་ཐོ་ལ་གཞུགས་ནས་བཤད་ན་ཡུལ་སྐོར་ཟས་རིགས་ཚོང་ལས་
གཅིག་པོས་ལོ་རེའི་ཆ་སྙོམས་ཡོང་འབབ་ཨ་སྒོར་ཐེར་འབུམ་གཅིག་༼༡༥༠༠༠༠༠༠༠༠༽དང་ཕྱེད་ཀ་འཁོར་བསྐྱོད་
བྱེད་བཞིན་ཡོད།
དེ་བཞིན་མི་སཱི་སཱི་ཕེ་དང་ཨཱ་ལཱ་བྷ་མ་གཉིས་གྱི་དཔལ་འབྱོད་ལ་ཡང་ཉུང་མཐར་ཨ་སྒོར་
ཐེར་འབུམ་ལྔ་རྩམ་གྱི་ཡོང་འབབ་སྐྲུན་བཞིན་ཡོད།
འོན་ཀྱང་ཐེངས་འདིའི་སྣུམ་ནག་འཛག་པ་འདིས་ཡོང་འབབ་
དེ་དག་ཚང་མ་མེད་པར་བཟོ་བར་མ་ཟད་རང་བྱུང་སྐྱེ་ཁམས་ལ་ལྡབ་ཉི་ཤི་ལས་ལྷག་པའི་གཏོར་སྐྱོན་ཐེབས་བཞིན་ཡོད།
སྤྱི་ཟླ་དྲུག་པའི་ཚེས་༡༦ཉིན་སྲིད་འཛིན་ཨོ་བྷ་མ་དང་BPགྱིས་རྒྱུན་ལས་གཙོ་འཛིན་གཉིས་ཕན་ཚུན་གྲོས་མོད་
བྱས་ནས་BPཀྱིས་མཚོ་ཁུལ་གཏོར་སྐྱོན་དང་ལས་མེད་མང་ཚོགས་གྱི་འཚོ་བའི་ཁ་སྣོན།
འདས་བཀྲོངས་སུ་སོང་བའི་
ལས་མིའི་ནང་མི་ལ་སེམས་གསོ་མཚོན་ཆེད་དང་།
མཚོ་ཁུག་གཙང་བཟོ་བྱ་བ་སོགས་ཀྱི་ཐད་ལ་ཨ་སྒོར་ཐེར་འབུམ་
ཉི་ཤི་༼༢༠༠༠༠༠༠༠༠༠༠༽སྔོན་གཏོང་བྱེད་རྒྱུའི་གྲོས་མཐུན་བྱུང་ཞིང་ལག་བསྟར་བྱས།
མཚོ་ཁུག་དེ་ནི་ཨ་རི་ས་ཁོངས་ཡིན་ཀྱང་BPགྱིས་སྣུམ་འདོན་བྱེད་པའི་ཐད་ལ་ཨ་རིའི་གཞུང་ནས་སྒྲིག་ལམ་དང་
ཆ་རྐྱེན་ལག་བསྟར་ནན་པོ་བྱས་མེད་པར་མ་ཟད་BPགྱི་ལྷོད་ཡངས་ཤོར་དྲག་པའི་རྐྱེན་དུ་མ་ཞིག་ལ་བརྟེན་ནས་
སྣུམ་བཤོ་བའི་གནས་ཚུལ་འདི་བྱུང་པ་རེད།
ཡུལ་དེ་དག་གི་སྐྱེ་ཁམས་ཁོར་ཡུག་ལྷར་གསོ་ཡོང་བར་ཉུང་མཐར་
མི་ལོ་༢༥་དགོས་བར་བཤད་དོ།
རེའུ་མིག་འདི་ནི་ལོ་རྒྱུས་སྟེང་གི་སྣུམ་བཤོ་བའི་གྲངས་ཚད་ཏོན་འབུམ་གཅིག་གི་ཡན་ཅན་གྱི་རེའི་མིག་ཞིག་ཡིན།
རེའུ་མིག་འདི་ཝེ་ཁེ་རིག་མཛོད་ལས་ཞུས་ཤིང་བོད་སྐད་དུ་བསྒྱུར།
|
སྣུམ་གྲུ་དང་སྣུམ་བཤོ་བའི་མིང་ |
རྒྱལ་མིང་དང་ས་གནས་ |
དུས་ཡུན་ཟླ་ཚེས་ |
འཇལ་ཚད་ ཏོན་གྲངས་ |
|
Lakeview Gusher
|
ཨ་མེ་རི་ཀ
ཁཱ་ལི་ཧྥོ་ནི་ཡའི་ཁེ་རན་རྫོང་།
United States,
Kern County, California |
སྤྱི་ལོ་༡༩༡༠ཟླ་༥་ཚེས་༡༤་ནས་
སྤྱི་ལོ་༡༩༡༡ཟླ་༩་ཚེས་བར་ |
1,200,000 |
|
Deepwater Horizon |
ཨ་མེ་རི་ཀ
མེག་ཟེ་ཁོ་མཚོ་ཁུག
United States,
Gulf of Mexico |
སྤྱི་ལོ་༢༠༡༠ཟླ་༤་ཚེས་༢༠་ནས་
སྤྱི་ལོ་༢༠༡༠ཟླ་༧་ཚེས་༡༥་བར་ |
414,000–1,186,000 |
|
Gulf War oil spill
[b] |
ཨཱེ་རཱ་ཥི།
སྟག་གཟིག་མཚོ་ཁུག
Iraq,
Persian Gulf
and
Kuwait |
སྤྱི་ལོ་༡༩༩༡ཟླ་༡་ཚེས་༢༣་ |
270,000–820,000 |
|
Ixtoc I |
མེག་ཟེ་ཁོ་རྒྱལ་ཁབ།
མེག་ཟེ་ཁོ་མཚོ་ཁུགMexico,
Gulf of Mexico |
སྤྱི་ལོ་༡༩༧༩ཟླ་༦་ཚེས་༣་ནས་
སྤྱི་ལོ་༡༩༨༠ཟླ་༣་ཚེས་༢༣་བར་ |
454,000–480,000 |
|
Atlantic Empress
/
Aegean Captain |
ཋི་ནི་ཌ་ཌི་དང་ཋོ་བྷ་གོ
Trinidad and Tobago |
སྤྱི་ལོ་༡༩༧༩ཟླ་༧་ཚེས་༡༩་ |
287,000 |
|
Fergana Valley |
ཨུ་ཟེ་བྷེ་ཁེ་སི་ཐན།
Uzbekistan |
སྤྱི་ལོ་༡༩༩༢ཟླ་༣་ཚེས་༢་ |
285,000 |
|
Nowruz Field Platform |
ཨཱེ་རན།
སྟག་གཟིག་མཚོ་ཁུག
Iran,
Persian Gulf |
སྤྱི་ལོ་༡༩༨༣ཟླ་༢་ཚེས་༤་ |
260,000 |
|
ABT Summer |
ཨཱན་གྷོ་ལ།
Angola,
700 nmi
(1,300 km;
810 mi)
offshore |
སྤྱི་ལོ་༡༩༩༡ཟླ་༥་ཚེས་༢༨་ |
260,000 |
|
Castillo de Bellver |
ལྷོ་ཨ་ཧྥེ་རི་ཁ།
སཱིལ་ཌན་ཧཱ་མཚོ་འགྲམ།
South Africa,
Saldanha Bay |
སྤྱི་ལོ་༡༩༨༣ཟླ་༨་ཚེས་༦་ |
252,000 |
|
Amoco Cadiz |
ཧྥ་རཱན་སི།
བྷ་རེ་ཐན་ནེ།
France,
Brittany |
སྤྱི་ལོ་༡༩༧༨ཟླ་༣་ཚེས་༡༦་ |
223,000 |
|
MT Haven |
དབྱི་ཋ་ལེ་ཡ།
དཀྱིལ་ཤར་མཚོ་ཁུག
Italy,
Mediterranean Sea
near
Genoa |
སྤྱི་ལོ་༡༩༩༡ཟླ་༤་ཚེས་༡༡་ |
144,000 |
|
Odyssey |
ཁཱ་ནཱ་།
ནོ་ཝ་སི་ཁོ་ཋེ་ཡ།
Canada, 700 nmi
(1,300 km;
810 mi)
off
Nova Scotia |
སྤྱི་ལོ་༡༩༨༨ཟླ་༡༡་ཚེས་༡༠་ |
132,000 |
|
Sea Star |
ཨཱེ་རན།
ཨོ་མན་མཚོ་ཁུག
Iran,
Gulf of Oman |
སྤྱི་ལོ་༡༩༧༢ཟླ་༡༢་ཚེས་༡༩་ |
115,000 |
|
Irenes Serenade |
གྷི་རེ་སེ།
ཕེ་ལོ་སི།
Greece,
Pylos |
སྤྱི་ལོ་༡༩༨༠ཟླ་༢་ཚེས་༢༣་ |
100,000 |
|
Urquiola |
སི་ཕཱེན།
ཨཱ་ཁོ་རུ་ནཱ།
Spain,
A Coruña |
སྤྱི་ལོ་༡༩༧༦ཟླ་༥་ཚེས་༡༢་ |
100,000 |
|
Torrey Canyon |
དབྱིན་ཇི།
ཨེ་སི་ལི་སི།
United Kingdom,
Isles of Scilly |
སྤྱི་ལོ་༡༩༦༧ཟླ་༣་ཚེས་༡༨་ |
80,000–119,000 |
|
Greenpoint Oil Spill |
ཨ་མེ་རི་ཀ
ནེའུ་ཡོར་ཁི།
བྷི་རོ་ཁི་ལིན།
United States,
Brooklyn,
New York City |
སྤྱི་ལོ་༡༩༤༠་ནས་
སྤྱི་ལོ་༡༩༥༠་ཁ་ཤས་ |
55,194–
97,402 |
|