༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྲོག་ཆགས།

AsianBlackBear.JPGphoto from wikipedia

དོམ་ནག་གི་མིང་ལ་བོད་ཀྱི་དོམ་ནག ཧི་མ་ལ་ཡའི་དོམ།
ཡ་གླིང་གི་དོམ་ཞེས་མིང་འདོག་ཚུལ་སྣ་ཚོགས་ཡོད། 
ཡང་ན་ཟླ་བའི་དོམ་ཟེར་(དེ་ནི་གསོ་རིག་གི་མིང་ཞིག་
ཡིན་པར་བཤད་)། དོམ་ནག་གི་ལུས་པོ་ཡོངས་རྫོགས་
སྦུ་ནག་པོ་ཡིན་པ་དང་བྲང་ཁ་ན་དབྱིན་ཡིག་Vལྟ་བའི་
སྦུ་དཀར་པོའི་བྲང་རྟགས་སྐྱེ་ཡོད། བྱང་ཨ་མེ་རི་ཁའི་
དོམ་ནག་དང་འདྲ་བོ་ཡོད་སྟབས་དེ་དང་གཉེན་འབྲེལ་
ཡོད་པར་བཤད།  དོམ་གྱི་ཚེ་ཚད་ལོ་༢༥་ཡས་མས་དང་
ལུས་ཀྱི་རིང་ཚད་༡༣༠ནས་cm། ཕོ་ཡིན་ན་ལྗི་ཚད་ལ་
སྤྱི་རྒྱ་༡༡༠ ནས་ ༡༥༠་དང་།   མོ་ཡིན་ན་སྤྱི་རྒྱ་༦༥་ནས་
༩༠ཡོད།

 

ཁྱབ་ཁུངས།

ཁྱབ་ཁུངས་ཡ་གླིང་སྐམས་ས་ཆེ་མོའི་ནགས་ཚལ་ཅན་གྱི་རི་རྒྱུད་ཡིན་ལ།  ཡ་གླིང་ལྷོ་ཤར་གྱི་རྒྱལ་ཁབ་
འཧྥུ་ཀ་ནི་སི་ཐན། རྒྱ་གར། བལ་ཡུལ། འབྲས་ལྗོངས། འབྲུག འབར་མ། ས་བྷེ་རེ་ཡ། ར་ཤི་ཡ། ཀྲུང་གོའི་
ནུབ་བྱང་དང་ཐེ་ཝན། ཉི་ཧོང་སོགས་སུ་ཡང་ཁྱབ་ཡོད་ལ་སྤྱིར་དོན་ནག་བསྡོད་སའི་མཐོ་ཚད་རྒྱ་མཚོ་
ནས་སྨིས་༤༧༠༠m ཡིན་ཡང་སྐབས་རེ་ས་མགོ་དམའ་ས་རུ་ཡང་མཐོང་རྒྱུ་ཡོད།  དོམ་ནག་བསྡོད་སའི་
ས་ཁུལ་ཁ་ཤས་སུ་དོམ་སེར་ཡང་གནས་སྡོད་བྱེད་ཀྱིན་ཡོད།

ཟ་མ།

དོམ་ནག་རི་འཛེགས་པའི་སྦྱོང་བརྡར་ཐེབས་ཡོད་སྟབས་ཤིང་ཏོག་དང་ཤིང་སྡོང་གི་འབྲས་བུ་རེག་པར་
ཕན་ཐོག་ཆེན་པོ་ཡོད། དོམ་ནག་གི་ཟ་རྒྱུ་ལ་ཁྱད་པར་མེད་དེ་ཤིང་ཏོག ཁུ་ལྡན་འབྲས་བུ། རྩྭ། ས་བོན།
 ཤུན་མཁྲེགས་ཤིང་ཏོག སྦྲང་རྩི། སྒལ་ཚིག་མེད་མཁན།  ཤ་(ཉ།   བྱ།  སོ་མི་བརྗེ་བའི་རིགས་དང་།
འོ་གསོའི་སེམས་ཅན་ཆུང་བའི་རིགས། སྒོ་ཕྱུགས་སོགས་) ཟ་བ་ཡིན། དོམ་ནག་མི་དང་འཕྲད་ན་གཤིས་
ཀ་གཏུམ་དྲག་ཅན་ལ་འགྱུར་ནས་མི་བསད་པའི་ལོ་རྒྱུས་གྲངས་མང་ཡོད། ཡ གླིང་གི་དོམ་ནག་ནི་
བྱང་ཨ་མེ་རི་ཁའི་དོམ་ནག་ལས་ཀྱང་གཏུམ་དྲག་ཚ་བོ་ཡོད།

ཉེན་ཚབས།

ཡ་གླིང་གི་དོམ་ནག་གམ་བོད་ཀྱི་དོམ་ནག་ནི་གཙོ་བོ་ནགས་ཚལ་སྒོ་འབྱེད་བྱེད་པ་
དང་ཆབ་གཅིག་དོམ་ནག་གི་བསྡོད་གནས་བརླག་འགྲོ་ཡིན་ཡོད་པ་དང་།  རྒྱུན་དུ་
དོམ་ནག་གིས་སྒོ་ཕྱུགས་བསོད་པའི་རྐྱེན་གྱིས་ཞིང་འབྲོག་ས་ཁུལ་ཁ་ཤས་དུ་དོམ་
ནག་བསོད་ཀྱིན་ཡོད་པ་རེད།   ཡང་དོམ་མཁྲིས་ནི་རྒྱ་ནག་མི་རིགས་ཀྱི་སྲོལ་རྒྱུན་
གསོ་རིག་(ཀྲུང་ལུགས་གསོ་རིག)ལ་མེད་དུ་མི་རུང་བ་ཞིག་ཡིན་དང་།  དེའི་དབང་གིས་ཀྱང་དོམ་ནག་
བརྔོན་གྱི་ཡོད། ལོ་རབས་༨༠བའི་ཀྲུང་གོ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་ཞིང་ལས་པ་རིགས་
ཞིག་གིས་དོམ་མཁྲིས་འཛད་སྤྱོད་པ་ལ་མཁོ་སྤྲོད་བྱེད་ཀྱིན་ཡོད་པ་རེད།

མིང་ཚིག

 
བོད་ དབྱིན་ རྒྱ་

དོམ་ནག་

Black Bear

黑熊

དོམ་མཁྲིས་

bear bile (gall bladders )

胆汁
འཛད་སྤྱོད་པ་

consumers

消费者
ནགས་ཚལ་སྒོ་འབྱེད་

deforestation

森林开发
 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com