༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།གསར་འགྱུར།

ཀྲུང་གོས་རྡོ་སོལ་གྱི་ཚབ་དུ་རླུང་སྤྱོད་ཐུབ་པ།

ecogeek.org
By Megan Treacy
སྤྱི་ལོ་༢༠༠༩་ཟླ་༩ཚེས་༡༦་ གཟའ་ཕུར་བུ

ཨ་རིའི་ཧཱར་བར་དྷྲི་སློབ་ཆེན་དང་པེ་ཅིང་ཆེན་ཧཱ་སློབ་ཆེན་གྱི་ཞིབ་འཇུག་པ་རྣམས་ཀྱིས་ཤེས་རྟོག་
བྱུང་བར་གཞུགས་ན་འདས་བའི་ལོ་ལྔའི་རིང་ལ་ཀྲུང་གོའི་རྒྱལ་ཁབ་ཡོངས་ཀྱི་རླུང་གློག་སྒྲིག་སྦྱོར་
གསར་འཛུགས་ནི་ལོ་རེར་རྡབ་གཅིག་རེ་འཕར་བཞིན་ཡོད་པ་དང་། མུ་འཐུད་དུ་ལོ་རེར་བཞིན་འཕར་བ་
ཡིན་ན་༢༠༣༠ལོར་ཀྲུང་གོའི་རྒྱལ་ཡོངས་ཀྱི་གློག་གི་དགོས་མཁོ་སྐོང་ཐུབ་པར་བཤད།    ཚན་རིག་པ་དེ་
རྣམས་ཀྱིས་གནམ་གཤིས་དང་ནོར་སྲིད་ཀྱི་གསར་འགྱུར་ལ་ལྟོས་ནས་བཤད་ན་མ་འོངས་པར་ཀྲུང་གོ་ནི་རླུང་གློག་
ཁོ་ན་ལ་བརྟེན་ཆོག་པར་བཤད།

ཁོང་ཚོས་རླུང་ཤུགས་ཀྱི་ཁྱད་པར་ཕྱེད་ནས་ཡུལ་ལུང་དང་ཁག་ས་ཁྲ་རུ་བཀོད་པ་དང་ཚོད་དཔག་བྱས་པར་
གཞུགས་ན་རླུང་གློག་ཀ་བའི་འཁོར་གཅིག་གིས་གློག་༡་༥MWསྐྲུན་ཐུབ་པ་རེད་ཟེར། ས་ཁུལ་དེ་དག་གི་ནང་དུ་
གྲོང་ཁྱེར་དང་གྲོང་བརྡལ་ས་ཁུལ། རླུང་བསྡུ་མི་ཐུབ་པ་དང་བེད་སྤྱོད་མི་ཐུབ་པའི་ས་ཁུལ་དེ་དག་ས་ཁྲ་དེའི་
ནང་དུ་ཚུད་མི་འདུག ས་ཁྲ་བཀོད་རྗེས་ས་ཁུལ་རེ་རེས་གློག་ཅི་ཙམ་འཁོ་འདོན་བྱེད་ཐུབ་མིན་དང་སྒྲིག་སྦྱོར་དང་
འཛུགས་སྐྲུན་གྱི་འགྲོ་གྲོན་ལ་རྩིས་རྒྱབ་ཡོད་པ་རེད།

ལྷག་པར་ཏུ་ཀྲུང་གོའི་ནུབ་ཕྱོགས་དང་བྱང་ཕྱོགས་ས་ཁུལ་ནས་གློག་kWhལ་ཨ་སྒོར་$.06 ནས་
$.08 cents
ཡིན་འདུག  དེའི་ནང་དོ་ཅི་ཡིན་ཞེས་ན་སྤྱི་ལོ་༢༠༣༠ལོར་གློག་འདོན་ཚད་ནི་
ད་ལྟའི་གློག་འདོན་ཚད་ལས་རྡབ་གཉིས་འཕར་རྒྱུ་ཡིན་པ་རེད།   དེ་ལྟར་ཡིན་ན་
གློག་འདོན་ཚད་༼དུའུ༽གཏམ་༦་༩༦༼༦༩༦༠༠༠༠༠༠༠༠༠༠༽(6.96 trillion kWh)
ལོ་རེའི་ཁེ་བཟང་ཡིན་པ་དང་། མ་ཟད་རླུང་གིས་རྡོ་སོལ་ཚབ་བྱས་ནས་དབྱང་གཉིས་ཐན་རྫས་༼CO2༽
ཊོན༼ton༽ཐེ་འབུམ་༣་༥ཕྱིར་གཏོང་སྔོན་འགོག་བྱེད་ཐུབ་པར་བཤད།

ད་ལྟ་ཀྲུང་གོས་རླུང་གློག་འཛུགས་སྐྲུན་ནི་ཧ་ཅང་མགྱོགས་མྱུར་ལྡན་ཤིང་ཞིབ་འཇུག་པ་
དེ་དག་གིས་བསམ་ཚུལ་ཡིན་ན་གལ་ཏེ་མུ་མཐུད་ནས་རླུང་གློག་འཕེལ་རྒྱས་ལ་ཕྱིན་པ་ཡིན་ན་
གོང་གི་ཚོད་དཔག་འདི་དག་མངོན་གྱུར་བྱེད་ཐུབ་རྒྱུ་རེད་ཟེར།

མ་ཟད་རྒྱལ་ཁབ་འདི་ནི་རླུང་གློག་གི་ཞིང་ས་ཆེན་པོ་ཞིག་ལ་འགྱུར་བ་དང་གློག་འདོན་ཨང་དང་པོ་
ལེན་རྒྱུ་ཡིན་འདུག

ད་ལྟ་འཛམ་གླིང་གི་ས་ཁུལ་གཞན་དག་ཏུ་སླར་གསོ་ཅན་གྱི་ནུས་ཤུགས་ནི་ཐག་ཧ་ཅང་རིང་ན་ཡང་
ཞིབ་འཇུག་འདིའི་འཇུག་འབྲས་ལ་ལྟོས་ན་དེ་ནི་འགྲུབ་ཐུབ་པའི་བྱ་བ་ཞིག་ཡིན་པ་གཏན་ཁེལ་འདུག་གོ།

གནས་ཚུལ་ཡོང་ཁུངས་ MIT དང་ ecogeek

 

 

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com