༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྐྱེ་ཁམས་ཤེས་བྱ།

གནམ་གཤིས་འགྱུར་ལྡོག་གིས་འཕྲོད་བསྟེན་ལ་གནོད་པ་ཚབས་ཆེན་འབྱུང་བ།

"འཛམ་གླིང་འཕྲོད་བསྟེན་ལྷན་ཁང་(WHO)གི་༢༠༠༠ལོའི་ཡིག་ཆའི་ནང་དུ་གསལ་བ་
ལྟར་ན་"ལོ་རེར་བཞིན་འཚོ་བཅུད་མ་འདང་བ་དང་། བཤལ་ནད། ཁྲག་ནད་སོགས་ནི་
གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་འདུག"ཟེར

གནམ་གཤིས་འགྱུར་པ་ཕྱིན་པས་ཆར་བ་འབབ་ཚད་མི་འདྲ་བ་བྱུང་ནས་དབྱར་དུས་སུ་སྐམ་ཤུགས་ཆེ་བ་དང་
དགུན་དུས་སུ་དྲོ་པོ་ཆགས་པ།  སྔོན་ཆད་ནད་ཡམས་ཡོད་སར་ད་ཆ་དབུལ་འཕུང་གི་གནས་སུ་ལྷུང་ནས་
འཚོ་བཅུད་མ་འདང་བའི་ནད་སྣ་ཚོགས་འབྱུང་བཞིན་ཡོད།
 
ཆར་བ་འབབ་ཚད་དང་།  གནམ་གཤིས་དྲོད་འཁྱགས། རློན་འབྲུམ་དང་འབུ་སྲིན་སོགས་ལ་ནད་ཡམས་
ཁྱབ་བརྡལ་གྱི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། གནམ་གཤིས་ཚ་དྲོད་ཆེ་བ་དེ་ཙམ་གྱིས་ཆར་བ་དང་། འབུ་སྲིན། 
སྐྱེ་ལྡན་ཕུང་པོ་སོགས་ཀྱི་ནད་ཡམས་ཁྱབ་མེད་པའི་ས་ཁུལ་ལ་ནད་ཡམས་ཁྱབ་བརྡལ་བྱེད་པ་ཡིན། ནད་ཡམས་
སྣ་ཚོགས་ཀྱི་དབང་གིས་མི་མང་པོ་འཆི་སྲིད་པ་ཡིན།

ཚ་ཤུགས་ཇེ་ཆེར་ཕྱིན་དུས་རང་བྱུང་གི་མེ་སྐྱོན་ཚད་ཆེ་ཆུང་སྣ་ཚོགས་འབྱུང་བཞིན་ད་དུང་ཚ་བ་དེ་ལས་ཆེ་རུ་
ཕྱིན་ན་ནགས་ཚལ་མང་པོ་གཞི་རྒྱ་ཆེ་པོའི་མེ་སྐྱོན་བྱུང་ནས་དུད་སྤྲིན་གྱིས་མཁའ་དབུགས་བཙོག་བཏང་ནས་
མི་མང་པོར་དབུགས་ལམ་མ་ལག་གི་ནད་ཚ་སྣ་བྱུང་ནས་ས་ཁུལ་མང་པོར་འཆི་རྐྱེན་ཇེ་མང་དུ་འགྲོ་བ་ཡིན། 
དེ་བཞིན་ཆུ་ལོག་གི་འཁྱེར་བའི་ན་ཚ་ཇེ་མང་དུ་འགྲོ་རྒྱུ་ཡིན་སྟབས་ཆུ་ཡི་བདེ་འཇགས་ལ་ཤུགས་སྣོན་རྒྱག་
དགོས་པ་གལ་ཆེ་ཡིན།


 མིང་ཚིག
 
བོད་ དབྱིན་ རྒྱ་

འཚོ་བཅུད་མ་འདང་བ་

malnutrition

營養不良

འདར་ནད་ malaria 疟疾
བཤལ་ནད།

diarrhea

腹泻

ཆར་བ་འབབ་ཚད་

rainfall

降雨量
རློན་འབྲུམ་ humidity 湿气
འབུ་སྲིན་ pest
སྐྱེ་ལྡན་ཕུང་པོ organism 有机体
དབུགས་ལམ་མ་ལག་ respiratory system 呼吸系统
སྲུང་སྐར་མཐོ་ཚད་འཇལ་ཆས་ Satellite Altimeter 卫星高度计
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ World Health Organization 世界卫生组织
 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com