སྤྱི་ལོ་༢༠༠༩་ཟླ་༥ཚེས་༦་ གཟའ་ལྷག་པ།
ཀྲུང་གོའི་གནམ་གཤིས་རྟོག་ཞིབ་ཁང་གིས་བོད་ཡུལ་གྱི་གནས་གཤིས་ཚ་གྲང་ཇེ་ཆེར་འགྲོ་བ་དེས་
བོད་ཡུལ་ལ་ཐན་པ་དང།
ཆུ་ལོག་སོགས་ཀྱིས་མི་གྲངས་ས་ཡ་འགའ་ལ་གནོད་འཚེ་ཐེབས་པར་ཉེན་ཁ་
ཆེན་པོ་ཡོད་ཅེས་ཀྲུང་གོའི་གནམ་གཤིས་རྟོག་ཞིབ་ཁང་གིས་གསལ་བསྒྲགས་བྱས།
ཀྲིན་གོ་གང་ (郑国光)གིས་གནམ་གཤིས་འཕོ་འགྱུར་གྱིས་གངས་རི་ཞུ་ཚད་ཇེ་མགྱོགས་སོང་བ་དང་
འཁྱག་རོམ་སོགས་མཚོ་ནང་དུ་འདྲེས་ཡོད་ཅེས་སྨྲས་བ་དང་།
ཁོང་གིས་གསུང་དོན་གལ་སྲིད་ཚ་གྲང་
འདི་ལྟར་མུ་མཐུད་དུ་ཇེ་ཆེ་སོང་ཚེ་ཀྲུང་གོའི་ནུབ་ཕྱོགས་སུ་ལོ་འགར་ཆུ་ལོག་བྱུང་བ་དང་ཡུན་རིང་བོར་
ཐན་པ་བྱུང་ངེས་ཡིན།
པེ་ཅིན་ནས་བཤད་པ་ལྟར་ན་དཔལ་འབྱོར་འཕེལ་རྒྱས་གཏོང་བ་མ་ཟད་གནམ་གཤིས་འཕོ་འགྱུར་ཡང་
བཀག་འགོག་བྱེད་རྒྱུ་ངེས་ཡིན་ཟེར། གནམ་གཤིས་འཕོ་འགྱུར་གྱིས་ཀྲུང་གོའི་མི་གྲངས་དུང་ཕྱིར་༤ལྷག་
བྱེ་ཐང་དང་ཐན་པ་སོགས་ཀྱི་གནོད་འཚེའི་ཁྲོད་དུ་ཡོད་ཅེས་ཆེད་མཁས་བ་ཚོས་སྨྲས་བཞིན་ཡོད་པ་མ་ཟད།
ཀྲུང་གོའི་གནམ་གཤིས་རྟོག་ཞིབ་ཁང་གིས་འགོ་གཙོ་ཀྲིན་ལགས་ཀྱིས་ཀྱང་བོད་ཡུལ་གྱི་གནམ་གཤིས་
འཕོ་འགྱུར་བཀག་འགོག་བྱ་བ་དེ་འགོ་བརྩོམ་འོས་བ་རེད་ཞེས་བཤད།
ཁོང་གིས་ཞིབ་ཏུ་བསྟན་དོན།
བོད་ཡུལ་ནི་མཚོ་ངོས་ལས་མཐོ་ཚད་སྨིས་༤༠༠༠ཡི་ཡན་དུ་ཡོད་པས་
འཛམ་གླིང་ཚ་འགྱུར་དེ་གནམ་གཤིས་ཚ་འགྱུར་ལས་ཀྱང་རྟོག་སླ་བོ་ཡིན་པ་དང་།
སྤྱི་ལོ་༡༩༦༡ལོ་
ནས་བཟུང་ལོ་༡༠རེའི་ནང་དུ་དྲོད་ཚད་ཧྲི་ཧྲི་ཏུའུ་༠.༣༢རེ་འཕར་བ་དང་དེ་ནི་ཀྲུང་གོའི་ཆ་སྙོམས་
འཕེལ་ཚད་ལས་༠.༠༥-༠.༠༨ཀྱིས་མཐོ་བ་རེད།
ཚ་འགྱུར་གྱི་མགྱོགས་ཚད་འདི་ནི་འཛམ་གླིང་གི་དུས་རབས་རེ་རེ་འཕར་བའི་ཆ་སྙོམས་ཚ་འགྱུར་
དྲོད་ཚད་ལས་ཧྲི་ཧྲི་ཏུའུ་༠.༢ལས་ཆེ་བ་རེད་ཅེས་ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས།
BBC གསར་འགྱུར་ནས་བཤུས།