གཙོ་ངོས་
དབྱིན་ཡིག་ English
དཀའ་ཁག་
ཐབས་ལམ་
འཁྲབ་གཞུང་ཀློག་པ་
གློག་བརྙན་ལ་ལྟ་བ་
མི་སྣའི་མིང་ཐོ་
སྔོན་འགྲོའི་གློག་བརྙན་
གློག་བརྙན་སྟོན་དུས་
འདྲ་དཔར་
རོགས་རམ་གནང་རོགས

ངོ་སྤྲོད། འབྱུང་ཁུངས། བདག་དབང། གཏེར་འདོན། ཚྭ་ཆུ། ཡུལ་སྐོར། ཆུ་རགས། འཇུག་བསྡོམས།


 

གློག་བརྙན་འདིའི་ནང་དུ་བཤད་པའི་སྐད་ཆ་དང་ལྟ་གྲུབ་ནི་མི་སྒེར་གྱི་འདོད་ཚུལ་
ཡིན་པ་ལས
བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་ལྟ་བ་ཡིན་པའི་མ་ཁྱབ


 གསལ་བཤད།

གློག་བརྙན་འདིའི་དཔར་དབང་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པ་ལ་ཡོད་པས་
གཟིགས་སྒྲ་གཉིས་ལ་བསྒྱུར་བཅོས་
གང་ཡང་མ་བྱེད་རོགས། འོན་ཀྱང་སློབ་གསོའི་ཆེད་དུ་མ་དཔེ་བསྐྱར་ཤུས་དང་འགྲེམ་སྤེལ་བྱེད་པར་དགའ་བསུ་ཞུ།

 Blood of the Earth Colorado River
སའི་གོ་ལའི་ཟུངས་ཁྲག་ཁོ་ལོ་ར་ཌོ་གཙང་པོ།

Gene R. Reetz Ph.D
དོན་དངོས་སུ་མིང་དེ་ནི་སི་པིན་གྱི་རྟོགས་དཔྱོད་པ་ཚོས་བཏགས་པ་རེད། དེ་ནི་ཁ་མདོག་
དམར་པོ་ཞེས་པའི་དོན་ཡིན། དེའི་རྒྱུ་མཚན་ནི་ཆུ་བོའི་ནང་དུ་ས་སྙིགས་མང་པོ་ཡོད་པ་
མཐོང་ནས་སི་པིན་ཡའི་མིས་དེ་ལྟར་བཏགས་པ་རེད་ལ། དེ་ནི་གནའ་དུས་སུ་ཨ་རིའི་
ལྷོ་ནུབ་ཁུལ་གྱི་སི་པིན་ཡའི་མི་རྣམས་ཀྱིས་བཏགས་ནས་མིང་དེ་དེ་ལྟར་བྱུང་བ་རེད།

Jim Pokrandt
ཁོ་ལོ་རོ་ཌོ་གཙང་པོ་ནི་དངོས་གནས་བྱེ་མའི་གཙང་པོ་ཞིག་ཡིན་ལ་དཀའ་ལས་རྒྱག
བཞིན་པའི་ཆུ་པོ་ཞིག་ཀྱང་ཡིན། ཁོ་ལོ་རོ་ཌོ་ཆུ་བོས་ཨ་རི་དང་མེག་ཟི་ཁོ་སྤྱི་མཐུན་
རྒྱལ་ཁབ་གཉིས་ཀྱི་མི་གྲངས་ས་ཡ་༣༠་ལ་ཞབས་འདེགས་སྒྲུབ་བཞིན་ཡོད།

འཛམ་གླིང་གི་མི་མང་པོས་དེ་གོ་ཚེ་ཁོ་ལོ་རོ་ཌོ་གཙང་པོ་ནི་ཧ་ཅང་ཆེན་པོ་ཞིག་རེད་
སྙམ་བཞིན་ཡོད།
འོན་ཀྱང་ཁྱེད་ཀྱིས་འདི་ནས་མཐོང་བ་ཇི་བཞིན་དེ་འདྲའི་ཆུ་བོ་ཆེན་པོ་ཞིག་
གཏན་ནས་མ་རེད།

Gregory J. Hobbs, Jr.
ས་ཆ་འདི་དག་ནི་ཆུ་ཧ་ཅང་དཀོན་པའི་ཨ་རིའི་ལྷོ་ནུབ་ཀྱི་ཁོ་ལོ་རོ་ཌོ་གཙང་པོའི་
མངའ་སྡེ་སྟེ། མངའ་སྡེ་བདུན་ཡོད། ཁོ་ལོ་རོ་ཌོ་དང་། མེག་ཟི་ཁོ་གསར་མ། ཝ་ཡོ་མེན།
ཡུ་ཐ་མངའ་སྡེ་སོགས་ལ་ཆུ་བོའི་སྟོད་རྒྱུད་དང་། ནེབཱ་ཌ་དང་། ཨ་རེ་ཟོ་ནཱ། ཁཱ་ལེ་ཧྥོ་ནེ་
ཡ་མངའ་སྡེ། མེག་ཟི་ཁོ་སྤྱི་མཐུན་རྒྱལ་ཁབ་བཅས་ལ་ཆུ་བོའི་སྨད་རྒྱུད་ས་ཁུལ་ཞེས་
འབོད་བཞིན་ཡོད།

ཁོ་ལོ་རོ་ཌོ་གཙང་པོ་ནི་ཁོ་ལོ་ར་ཌོ་ནས་བྱུང་བ་ཡིན་ནའང་ཁོ་ལོ་རོ་ཌོ་མངའ་སྡེ་ལ་
ཆུའི་གསུམ་ཆའི་གཅིག་ལས་མི་ཐོབ། རྗེས་སུ་ལྷག་ཡོད་པའི་ཆུ་བོའི་སུམ་ཆའི་གཉིས་དེ་
མངའ་སྡེ་གཞན་པ་དང་མོ་ཟེ་ཁོ་སོགས་ལ་བཞུར་དགོས་པ་རེད།

Jim Pokrandt
ང་ཚོ་ཡོད་ས་འདི་ནི་ཁོ་ལོ་རོ་ཌོ་ཆུ་བོའི་ཆུ་གཞུང་གཙོ་བོ་རེད། དེ་ནས་ལྕགས་ཟམ་
འོག་གི་ཆུ་བོ་དེ་ནི་གཙང་པོ་འདིའི་ཡན་ལག་ཆེ་བ་ཆུ་བོ་ཪོར་ཨེན་ཧྥོ་ཁུ་རེད།
ད་སྐབས་ནི། སྟོད་ཀྱི་ཁ་བ་ཞུ་ནས་གཙང་པོ་རྒྱུས་པའི་དུས་ཡིན་ལ་ཆུ་འབབ་པའི་དུ་ཚིགས་ཡིན།

འདིར་སྐར་ཆ་རེ་ལ་ཆུ་དབྱིན་ཁྲི་རྒྱ་དཔངས་གྲུ་བཞི་མ་ལྷམ་པ་༡༤༠༠༠རེ་བཞུར་ཀྱིན་ཡོད།
ད་དུང་གཙང་པོ་ཧ་ཅང་རྒྱས་པའི་དུས་ལ་སླེབས་མེད།

ང་ཚོས་ད་དུང་ཁ་ཆུ་མང་པོ་ཞིག་འབྱུང་རྒྱུ་རེད་བསམ་ཡོད། དེའིརྒྱུ་མཚན་ནི་ད་ལོ་ཁ་བ་
ཆེ་བའི་ལོ་ཞིག་ཡིན། དེའི་སྟབས་ཀྱིས་ཆུ་ངོས་ད་དུང་ཇེ་མཐོར་དང་ཇེ་བྲེལ་དུ་འགྲོ་སྲིད།

ང་ཚོའི་བསམ་བར་འདི་ནི་ཧ་ཅང་བཟང་ཏེ་ང་ཚོར་མུ་འཐུད་དུ་ལོ་བདུན་ལ་ཐན་པ་
བྱུང་སྟབས།ཆུ་འདི་འདྲ་བྱུང་བ་ནི་དགའ་དགོས་པ་ཞིག་རེད། དེས་ཐན་པ་དེ་སེལ་
ཐུབ་པའི་རེ་བའང་ཡོད།

Gregory J. Hobbs, Jr.
༡༩༢༢ལོར་མངའ་སྡེ་རིམ་པས་ཁོ་ལོ་ར་ཌོ་གཙང་པོའི་ཆིངས་ཡིག་བཞག་པ་དེས།
ཆུ་བོ་དེ་ཨ་རིའི་ནང་ཁུལ་ཀྱི་ཁོ་ལོ་ར་ཌོ་གཙང་པོའི་མངའ་སྡེ་བདུན་ལ་བགོས་ཡོད།
ཡང་༡༩༤༤ལོར་ཨ་རི་དང་མེག་ཟི་ཁོ་གཉིས་ཀྱི་བར་ཆིངས་ཡིག་བཞག་ནས་མོ་ཟེ་ཁོ་ལ་
ལོ་རེར་ཆུ་དབྱིན་མོའུ་གྲུ་བཞི་མ་༼ལྷམ་པ་༽༡༥༠༠༠༠༠་དེ་རྒྱལ་མཚམས་ནས་
འདོན་སྤྲོད་བྱེད་རྒྱུའི་ཁག་ཐེག་བྱས་ཡོད།

Jennifer Pitt
དེ་ནི་ཆུ་སྨན་ས་ཁུལ་གྱིས་ཆུ་བེད་སྤྱོད་བྱེད་པ་ཆུ་སྟོད་ལས་འགྱོགས་པ་དང་།
ཆུ་སྟོད་ས་ཁུལ་གྱི་རེ་བ་ཡིན་ན་ཆུ་བེད་སྤྱོད་མ་བཏང་གོང་ལ་ཁོ་ཚོ་ལ་ཆུའི་
བདག་དབང་དགོས་པ་ངོས་འཛིན་བྱས་ཡོད།

ཆུའི་འབྱུང་ཁུངས་ནི་ཁོ་ལོ་ར་ཌོ་རང་ཡིན་ན་ཡང་། མ་ཟད་ཆུ་ཁྲིམས་ལྟར་
ལྷོ་ཕྱོགས་པས་ཆུ་བེད་སྤྱོད་གཏོང་དགོས།
སུ་ལ་སྔ་བ་དེ་ལ་དབང་བའི་ལམ་ལུགས་
བཞིན་ལྷོ་ཕྱོགས་པས་ཆུ་བེད་སྤྱད་ན།
ཁ་བའི་འགྲམ་གྱི་མི་རྣམས་ལ་དོན་དངོས་སུ་
ཆུ་ཐོབ་རྒྱུ་མ་རེད།

དེར་བརྟེན་༡༩༢༢ལོར་མངའ་སྡེ་ཕན་ཚུན་བར་ཏུ་ཆིངས་ཡིག་ཅིག་བཞག་མོད། འོན་ཀྱང་
༡༩༤༤ལོར་ཨ་རི་དང་མེག་ཟི་ཁོ་གཉིས་བར་ཆིངས་ཡིག་བཞག་སྟེ་རེལ་གྷི་རན་ཌི་ཆུ་བོ་དང་
ཁོ་ལོ་རོ་ཌོ་གཙང་པོ་གཉིས་མཉམ་བགོ་མ་བྱས་གོང་བར་དུ་ལག་བསྟར་བྱེད་ཐུབ་མེད།
ཆིངས་ཡིག་འདིའི་ནང་དུ་མེག་ཟི་ཁོ་ལ་ཆུ་དེའི་དབྱིན་མུའུ་གྲུ་བཞི་མ་ལྷན་མ་ཁྲི་༡༥༠
བཀོལ་ཆོག་པའི་བདག་དབང་བསྟན་ཡོད་པ་དང་དེ་ནི་དེ་དུས་ཀྱི་ཕལ་ཆེར་ལོ་རེའི་
ཆ་སྙོམས་ཀྱི་ཆུ་ཡི་བཞུར་རྒྱུན་གྱི་བཅུ་ཆའི་གཅིག་ཡིན་པ་ར་སེམས།

ཆ་སྙོམས་ཀྱི་ཆུ་བགོད་ཚུལ།

ཆུ་བོའི་སྟོད་རྒྱུད་ལ་44%

ཁོ་ལོ་རོ་ཌོ་མངའ་སྡེ།
མེག་ཟི་ཁོ་གསར་མའི་མངའ་སྡེ།
ཝ་ཡོ་མིན་མངའ་སྡེ།
ཡུ་ཐཱ་མངའ་སྡེ།  

ཆུ་བོའི་སྨད་རྒྱུད་ལ་51%

ནེ་བཱ་ཌ་ལ་མངའ་སྡེ།
ཨ་རེ་ཟོ་ནཱ་མངའ་སྡེ།
ཁཱ་ལེ་ཧྥོ་ཉེ་ཡ་མངའ་སྡེ།

  མེག་ཟི་ཁོ་རྒྱལ་ཁབ་ལ་5%

Rita L. Crumpton
ང་ཚོས་ཞིང་ས་རྒྱ་ཁྱོན་དབྱིན་མུའུ་གྲུ་བཞི་མ་༩༤༠༠ཙམ་ལ་ཞིང་ཆུ་འཁོ་འདོན་བྱེད་བཞིན་ཡོད།
ང་ཚོའི་ས་འདིར་སྐྱུར་སྡོང་དང་། ཁམ་སྡོང་། སྦྲང་གི་རོའི་སྡོང་བོ་སོགས་བཏབས་ཡོད་ཏེ།
སྦྲང་གི་རོ་ཡི་ཆང་གི་བཟོ་གྲྭ་འགའ་རེ་ཡོད་པ་མང་ཆེ་བའི་སྦྲང་གི་རོ་བེད་སྤྱོད་གཏོང་གི་ཡོད།
ད་དུང་གཟན་རྩྭ་ཡང་འདེབས་བཞིན་ཡོད། ཁྱིམ་ཚང་མང་ཆེ་བའི་སྒོ་རའི་ནང་གི་ལྡུམ་ར། ད་དུང་
སྒེར་ཁང་ཀྱིས་ང་ཚོའི་ཆུ་བེད་སྤྱོད་ཡོད། ང་ཚོས་བཀོལ་སྤྱོད་བྱེད་པའི་ཞིང་ཆུ་ནི་རྡོ་བྲག་རི་རྒྱུད་ཀྱི་
ཁ་བ་ཞུ་བའི་ཆུ་དེ་ཁོ་ལོ་རོ་ཌོ་གཙང་པོའི་ཆུ་རེད། དེ་ནི་ང་ཚོས་བེད་སྤྱོད་གཏོང་བཞིན་ཡོད།
བེད་སྤྱད་ཚར་བའི་ཆུ་འཕྲོ་མ་དག་ཆུ་རྐ་རྒྱུད་ནས་ཕྱིར་ཁོ་ལོ་རོ་ཌོ་གཙང་པོའི་ནང་དུ་གཏོང་གི་ཡོད།

Larry A. Gilbert
ཕལ་ཆེར་ལུང་བ་འདིར་ལོ་རེར་ལོ་ཏོག་གི་རིགས་༥༠འདེབས་བཞིན་ཡོད། དེ་ལས་མང་བའང་ཡང་སྲིད།
མང་ཆེ་ཤས་ནི་གཟན་རྩྭ་དེ་འབུ་སུ་ཧང་སྨུག་སྐྱ་དང་། སུའུ་ཏན་གྱི་རྩྭ། པེ་མོའུ་ཏའི་རྩྭ།
ཁུ་ལེ་ཨིན་གྱི་རྩྭ་རེད། དེ་དག་ལས་མང་ཆེ་བ་ཕལ་ཆེར་གཟན་རྩྭ་ཡིན་དེ།གཟན་རྩྭ་དེ་དག་གིས་
རྟ་ནོར་དང་བཞོ་ཟོག་སོགས་གསོ་བཞིན་ཡོད། བེད་སྤྱོད་གཏོང་མཁན་མང་ཤོས་ནི་ནང་རྒྱལ་གྱི་
ཁཱ་ལེ་ཧྥུའུ་ཉེ་ཡ་དང་ཨ་རེ་ཟོ་ནཱ་མངའ་སྡེ་རེད། ཡང་འགའ་ཞིག་ཉི་ཧོང་དང་ཐེ་ཝན་སོགས་ལ་
ཕྱིར་གཏོང་བྱེད་བཞིན་ཡོད།

Bradley H. Udall
ལཱ་སི་ཝེ་གྷ་སིའི་ཆུའི་བརྒྱ་ཆའི་དགུ་བཅུ་ནི་ཁོ་ལོ་རོ་ཌོ་གཙང་པོའི་ཆུ་རེད། ཡིན་ན་ཡང་
ལཱ་སི་ཝེ་གྷ་སིར་ཡོད་པའི་མེ་ཌི་མཚོ་མོ་སྟོང་བར་བྱེད་མི་ཐུབ། འོན་ཀྱང་སྔར་བྱུང་མ་མྱོང་པའི་
གནམ་གཤིས་འཕོ་འགྱུར་འདིས་འདས་པའི་ལོ་དགུའི་རིང་ལ་ཆུའི་ཤོངས་ཚད་མངོན་གསལ་
ཇེ་དམའ་རུ་བཏང་ཡོད།

འདི་ནི་སྒྲོ་བཏགས་པའི་སྐད་ཆ་ཞིག་མིན་ཏེ། ད་ལྟ་ལཱ་སི་ཝེ་གྷ་སིའི་མ་འོངས་བའི་ཆུ་འཁོ་འདོན་
ལ་ཧང་ཅང་སེམས་ཁུར་བྱ་དགོས་བསམ་གྱི་འདུག རྒྱུ་མཚན་ནི།  ལཱ་སི་ཝེ་གྷ་སི་གྲོང་ཁྱེད་ནི་ཨ་རིའི་
ནུབ་ཕྱོགས་ཀྱི་གྲོང་ཁྱེར་གཞན་གྱི་ཆུའི་ཐོན་ཁུངས་དང་མི་འདྲ་ས་མེད། ལོ་སི་ཨན་ཅེ་ལེ་སིར་
མཚོན་ན་ཆུའི་ཐོན་ཁུངས་ནི་ཁཱ་ལེ་ཧྥོ་ཉེ་ཡའི་སེ་ཨེར་སེ་རི་རྒྱུད་ཀྱི་བྱང་ཕྱོགས་གི་ཨོ་ཝིན་
ལུང་བ་རྒྱུད་ནས་ཡོང་བའི་ཆུ་དེ་ཡང་ཁོ་ལོ་ར་ཌོའི་གཙང་པོ་ཡིན་པ་སྨྲས་མ་དགོས།

དྷྲེན་ཝུར་གྱི་ཆུའི་ཐོན་ཁུངས་ཁག་ཞིག་ནི་ས་གནས་རང་གི་ཡིན་ན་ཡང་། ཁག་ཞིག་ནི་རི་ལུང་
རྒྱུད་ནས་ཁོ་ལོ་ར་ཌོའི་ཆུ་དྲངས་ཡོད་པ་དང་། ཧྥེ་ནེ་ཁི་སི་ལ་ཡང་ཆུ་འབོར་ཆེན་ཞིག་དྲངས་ཡོད། དེ་མ་ཟད་ཨ་རེ་ཟོ་ནའི་ཊུའུ་སོན་གྲོང་ཁྱེར་ལ་ཡང་ཨ་སྒོར་དུང་ཕྱུར་དུ་མ་ཅན་གྱི་ཆུ་འདྲེན་
ལས་གྲྭ་ཞིག་ཡོད་ལ་
དེ་ལ་དབུས་ཨ་རེ་ཟོ་ནའི་ལས་གྲྭ་ཞེས་འབོད

ཁོ་ལོ་ར་ཌོ་གཙང་པོའི་འབྱུང་ཁུངས།

Carol T. Linnig
རྡོ་བྲག་སྤྱི་གླིང་འདིའི་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི་བཅུ་དང་སྟོང་ཕྲག་བརྒྱད་ཡོད་པ་རེད།
ཆུ་མགོ་ནི་རིའི་འགོ་སྟོད་ན་ཡོད། དེ་ནས་ཁ་བ་ཞུ་བའི་ཆུ་དང་། ཆར་ཆུ་དང་། རྒྱུག་ཆུ་སོགས་
གཅིག་ཏུ་འདྲེས་ནས་རི་འདབས་གྱི་ཁ་ཝོ་ནཱེཅཱི་ལུང་བ་ནས་མར་བཞུར་གྱིན་ཡོད་པ་རེད།

Gene R. Reetz, Ph.d
རྡོ་བྲག་སྤྱི་གླིང་ནང་ན་ཁོ་ལོ་རོ་ཌོ་ཆུ་བོའི་འགོ་ཁུངས་ཡོད་པ་རེད། རྡོ་བྲག་སྤྱི་གླིང་ནི་
གཙང་པོའི་འབྱུང་ཁུངས་ཡིན། སྤྱི་གླིང་མ་བཙུགས་ཡར་སྔོན་དུ་ཁོར་ཡུག་ལ་གནོད་པའི་
ལས་འགུལ་ཁ་ཤས་ཞིག་སྤེལ་བ་རེད། སྤྱི་གླིང་གི་ནུབ་ཕྱོགས་ལ་ལྟོས་ན་གྷི་རན་ཆུ་རྐ་དེ་
མཐོང་ཐུབ། དེ་ནི་རི་བོའི་སྟེང་གི་རྨ་ཤུལ་ལྟ་བུ་ཞིག་རེད། དེས་ཆུའི་འགོ་ཁུངས་ནས་ཆུ་
ཧ་ཅང་མང་པོ་ཞིག་གཞན་ཡུལ་དུ་དྲངས་ཡོད།

Carol T. Linnig
ཆུ་རྐ་དེ་ནི་ལོ་རབས་༡༨༩༠དང་ལོ་རབས་༡༩༣༠དུས་སུ་འཛུགས་སྐྲུན་བྱས་པ་ཡིན། དེ་ནི་ཆུ་འདྲེན་ལས་གཞིའི་ཆུ་རྐ་ཞིག་ཡིན་པས་ཆུ་བོའི་འགོ་ཁུངས་ལ་ཐད་ཀར་གནོད་རྐྱེན་
ཐེབས་ཡོད། དེའི་རྒྱུ་མཚན་ནི་དབྱར་མེད་གངས་རིའི་སྟེང་གི་ཆུ་དྲངས་སོང་པས་ཁ་ཆུ་
དེ་རྩ་བ་ནས་རི་འདབ་ལ་མི་སླེབས། ཆུ་རྣམས་ཕྱོགས་གཅིག་བསྡུས་ཏེ་བྱང་ཕྱོགས་རྒྱུད་ནས་
ཤར་ཕྱོགས་ཀྱི་ཕྱུགས་ལས་དང་ཞིང་ལས་ས་ཁུལ་དུ་དྲངས་ཡོད།

ང་ཚོར་ཆུ་འདྲེན་ལས་གཞི་གཞན་ཞིག་ཡང་ཡོད་ལ། གླིང་གའི་ནང་དུ་ཡོད་པའི་ཨེ་དམ་
ཆུ་རྐ་དེས་ཀྱང་ཁོ་ལོ་རོ་ཌོ་གཙང་པོ་ལས་ཆུ་ཤར་ཕྱོགས་སུ་དྲངས། དེ་ན་མི་གྲངས་མང་ཡང་
ཆར་ཆུ་ཧ་ཅང་དཀོན་པོ་ཡིན།

Gene R. Reetz, Ph.d 

སྤྱི་གླིང་ཞབས་འདེགས་ལས་ཁུངས་ཀྱིས་རྡོ་བྲག་གླིང་ག་འདི་ལ་དོ་དམ་བྱེད་ཀྱིན་ཡོད་མོད་
ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ལ་བསྐྱར་ཞིབ་བྱེད་པའི་འོས་འགན་ཡོད། དཔེར་ན།
ཁོར་ཡུག་དགེ་སྐྱོན་གྱི་སྙན་ཞུ། ཨ་རིའི་རྒྱལ་ཁྲིམས་དང་ཁོར་ཡུག་ཁྲིམས་ལུགས་སུ་འཁོད་པ་ལྟར།
ཆུ་མཛོད་དང་གཞུང་ལམ་བཟོ་བ་སོགས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཁོར་ཡུག་གི་
དགེ་སྐྱོན་སྙན་ཞུ་འབྲི་དགོས། དེ་ནི་རྒྱུད་རིམ་ཧ་ཅང་གལ་ཆེན་ཞིག་རེད།

ཁོར་ཡུག་དགེ་སྐྱོན་སྙན་ཞུ་དེས་ལས་གཞི་ཞིག་གི་བྱ་འགུལ་གྱི་འཇུག་འབྲས་དང་དམིགས་ཡུལ་
དངོས་འཛིན་བྱེད་དགོས། དེ་ནི་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ཡིན་པས་མི་དམངས་དང་
ཐག་གཅོད་མི་སྣས་དེའི་བཟང་ངན་ལ་ལྟོས་ནས་ཐག་གཅོད་ཀྱིན་ཡོད། ཁོར་ཡུག་སྲུང་སྐྱོབ་
ལས་ཁུངས་ཀྱིས་ཁྲིམས་ལྟར་བསྐྱར་ཞིབ་བྱེད་ཅིང་བསམ་འཆར་འདོན་དགོས། ང་ཚོའི་ལས་ཁུངས་ནི་བྱ་བ་དེ་སྒྲུབ་པའི་གཞུང་འབྲེལ་གྱི་ལས་ཁུངས་ཉེག་གཅིག་དེ་ཡིན།

Carol T. Linnig
ང་ཚོས་གླིང་ག་འདིའི་ནང་དུ་འཛུགས་སྐྲུན་བྱེད་པ་དང་དངོས་པོ་གང་འདོད་ཁྱེར་བའི་
ཆོག་འཆན་སྟེར་གྱིན་མེད། རང་བྱུང་རྣམ་པ་སྲུང་སྐྱོབ་བྱས་ནས་བཞག་ཡོད།

རྡོ་བྲག་རི་བོ་ནི་རྗིད་ཆགས་མཛེས་སྡུག་གི་ཡུལ་ལྗོངས་ཁྱད་པར་བ་ཞིག་ཡིན་ལ་ད་དུང་
རི་སྐྱེས་སྲོག་ཆགས་ཡང་མང་པོ་མཐོང་ཐུབ། གླིང་གའི་ནང་དུ་རི་དྭགས་སྣ་ཚོགས་ཡོད་ལ་
འོ་འཐུང་སྲོགས་ཆགས་༦༥་དང་བྱིའུ་ཕ་ཝང་རིགས་༨། བྱ་རིགས་༢༨༥། སྐམ་ཆུ་
གཉིས་འཚོའི་སྲོགས་ཆགས། གོག་བགྲོད་སྲོག་ཆགས་རིགས་༡། རང་སའི་ཉ་རིགས་༧དང་
ཕྱེ་མ་ལེབ་ཀྱི་རིགས་༡༢༥ཡོད།

རྡོ་བྲག་གླིང་ག་འདི་ནི་རྒྱལ་ཁབ་ཀྱི་གླིང་ག་ཨང་བཅུ་བ་ཡིན། ༡༩༡༥ལོའི་ཟླ་དང་པོའི་ཚེས་
༢༩ཉིན་རྒྱལ་ཚོགས་ཀྱིས་ཁྲིམས་དུ་བཀོད་ཅིང་སྲིད་འཛིན་ཝོ་ཌི་རོ་ཝལ་སོན་གྱིས་དེ་ལ་
མིང་རྟགས་བཀོད། རྒྱལ་ཚོགས་ཀྱིས་རྡོ་བྲག་སྤྱི་གླིང་གི་མ་དངུལ་ལ་ཨ་སྒོར་བྱེ་བ་༡གཏོང་གིན་
ཡོད་པ་མ་ཟད་གླིང་གའི་ལྟ་སྐོར་འཛིན་བྱང་བཙོང་བའི་བརྒྱ་ཆའི་༨༠ཡང་མ་དངུལ་དུ་
གཏོང་བཞིན་ཡོད།  

དེ་ལ་ཡོང་འབབ་ཕལ་ཆར་ཨ་སྒོར་ཁྲི་༣ནས་༤ཡོད། སྤྱི་གླིང་ཞབས་འདེགས་ལས་ཁུངས་ཀྱི་
ཁྲིམས་སུ་བཀོད་པའི་ཆ་རྐྱེན་དང་དམིགས་ཡུལ་ཇི་བཞིན་མི་རབས་རྗེས་མའི་ཆེད་དུ་ས་གནས་
འདི་སྲུང་སྐྱོབ་བྱེད་བཞིན་ཡོད། རང་བྱུང་གི་རྣམ་པ་སྲུང་སྐྱོབ་བྱེད་པ་ནི་ང་ཚོའི་ལས་འགན་ཡིན།

གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།

Carol T. Linnig
ང་ཚོར་ཁྱགས་རོམ་གྱི་སྐོར་ལ་ཟིན་བྲིས་དང་གཞི་འཛིན་ས་གང་ཡང་མེད་མོད། ང་ཚོས་མཐོང་
ཐུབ་པའི་གནམ་གཤིས་འགྱུར་ལྡོག་གྱི་ཤུགས་རྐྱེན་ནི་ཐང་ཤིང་ལ་འབུ་སྲིན་གྱིས་གནོད་འཚེ་
འབྱུང་བཞིན་པ་དེ་རེད། དེར་རྟེན་ང་ཚོར་ཤིང་སྡོང་སྐམ་བོ་འདི་འདྲ་མང་པོ་ཡོད་པ་རེད། མ་མཐའ་ཡང་དེའི་རྒྱུ་རྐྱེན་ནི་དགུན་དུས་ཀྱི་གནམ་གཤིས་དྲོད་འཇམ་ཅན་ཏུ་འགྱུར་བ་དང་
དགུན་དུས་ཇེ་ཐུང་དུ་འགྱུར་བ་དེ་རེད་བསམ་བཞིན་ཡོད།

Bradley H. Udall
རི་ཁུལ་གྱི་ཐང་ཤིང་འབུ་སྲིན་ནི་ཡ་མཚར་བའི་སྣང་ཚུལ་ཞིག་རེད། དེ་ནི་གནམ་གཤིས་ཀྱི་
འགྱུར་བ་དང་། རང་བྱུང་གི་འཁོར་བསྐྱོད། ཡང་ན་འགྲོ་བ་མིའི་དོ་དམ་ལ་འབྲེལ་བ་ཡོད་
སྲིད་པ་ཡིན། ང་ཚོས་ལྟོས་ན་དེ་ལ་རྒྱུ་རྐྱེན་གསུམ་འདུག གནམ་གཤིས་འགྱུར་ལྡོག་དང་།
འབུ་གསོད་ཐུབ་པའི་དགུན་དུས་ཀྱི་གྲང་ངར་ཆུང་བ། ཤིང་སྡོང་ལོ་ཚད་གཅིག་པ། རང་བྱུང་
གི་མེ་སྐྱོན་ཉུང་བ།

དེ་གསུམ་གཅིག་འདུས་ཀྱི་རྐྱེན་བྱས་ནས་ཁོ་ལོ་ར་ཌོའི་རི་ཁུལ་གྱི་སྐྱེ་དངོས་ཁྱབ་ཆེ་ཤོས་དེ།
ཐང་ཤིང་གི་བརྒྱ་ཆ་༩༠་མེད་པར་འགྲོ་རྒྱུ་རེད། དུས་ཡུན་ཐུང་ངའི་ནང་ལ་ང་ཚོས་ས་ངོས་
བཞུར་ཆུ་ཇེ་མང་དུ་འགྲོ་རྒྱུ་རེད་བསམ་གྱིན་ཡོད།

གང་ཡིན་ཟེར་ན་ཤིང་སྡོང་སྐྱེ་བ་ལ་ཆུ་མང་པོ་དགོས། བཞུར་ཆུ་ཇེ་མང་དུ་འགྲོ་བ་འདི་
དུས་ཡུན་རིང་བོ་ཞིག་ལ་བསམ་བློ་བཏང་ན་དེའི་ནང་དོན་ཅི་ཡིན་པ་མི་སུས་ཀྱང་
བཤད་དཀའ།

ལོ་ལྔ་ནས་བཅུའི་ནང་དུ་ང་ཚོའི་ས་ངོས་བཞུར་ཆུ་ཇེ་མང་འགྲོ་བ་དང་། ཆུའི་སྤུས་ཚད་ལ་
ཡང་འགྱུར་བ་ཐེབས་སྲིད། གང་ཡིན་ཟེར་ན། རྒྱུན་དུ་ཤིང་སྡོང་གིས་རྨང་གཞིའི་འཚོ་རྫས་
ཁག་ཞིག་བཟུང་ནས་ཡོད་ན་ཡང་། ད་ནི་རྫས་དེ་རྣམས་ང་ཚོའི་ཆུ་བོ་དག་གི་ནང་དུ་
ཡོང་རྒྱུ་རེད། ད་ལྟ་ཤིང་སྡོང་དེ་དག་བདེ་ཐང་མེད་པས་བཅུད་རྫས་དེ་རྣམས་འཛིན་མི་ཐུབ།

དེའི་ཕྱིར་ཐང་ཤིང་འབུ་སྲིན་དང་འབྲེལ་བའི་འགྱུར་བ་མང་པོ་ཞིག་ང་ཚོས་ཁྱོན་
ཡོངས་ནས་ཤེས་རྟོག་ཐུབ་ཀྱིན་མེད་ལ། དེས་ཅི་བྱེད་མིན་ལ་ཚན་རིག་གིས་ཚོལ་ལྟ་
བྱེད་བཞིན་ཡོད་པ་རེད།

coming soon...

Funding for Blood of the Earth: Colorado River has been provided by
Tibetan Ecology Foundation and Tibet International Council, Inc

------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
Copyright @ 2006-2009
Tibetads.net