༄༅།།གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གླེང་བ།

རྩོམ་པ་པོ།
ཁྲི་གཡུང་དྲུང་།


བཞི་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་པའི་དགེ་ཕན།

སྤྱིར་བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཡ་ཐོག་གནའ་སྔ་མོའི་དུས་ནས་ཡུལ་ལྗོངས་བལྟ་ན་སྡུག་ཅིང་མཁའ་རླུང་གཙང་ཞིང་ཡིད་དུ་འོང་བ་དང༌། མི་མཐུན་པའི་གཏོར་སྐྱོན་སོགས་གང་ཡང་བྱུང་མེད་པའི་དབེན་པ་རང་བྱུང་ལྷིང་འཇགས་ཀྱི་གནས་མཆོག་ཅིག་ཡིན། མེས་པོ་བོད་མི་རྣམས་ཀྱང་གནའ་ནས་དགེ་ལ་བརྩོན་ཞིང་སྡུག་ལ་འཛེམས་པ། ལས་རྒྱུ་འབྲས་ལ་བརྩི་བསྲུང་བྱེད་པ། དབུལ་ཞིང་ཕོངས་པའི་འགྲོ་བ་ཉམ་ཐག་རྣམས་མིག་གིས་མཐོང་པ་དང་། ཡུལ་ཕྱོགས་གང་དུ་ཡང་ནད་ཡམས་དང་མུ་གེ་ས་ཡོམ་ཆུ་ལོག་སོགས་བྱུང་ཡོད་པ་མཐོང་བ་དང་ཐོས་པ་ཙམ་གྱིས་དེ་དག་སེལ་བའི་བསྔོ་དང་སྨོན་ལམ་འདེབས་པའི་གོམས་སྲོལ་དང་སྤྱོད་བཟང་ལྡན་པ། ཉམ་ཐག་དེ་རྣམས་ལ་སྡུག་བསྔལ་གང་ཞིག་ལས་ཐར་པའི་རོགས་འདེགས་ཞུ་བ་དང་། ཕན་ཚུན་ནང་མི་ནང་བཞིན་མཛའ་བརྩེ་ལྡན་ཞིང་ཕན་སེམས་ཆེ་བ། གཡོ་སྒྱུ་བྲལ་ཞིང་དྲང་བདེན་གྱི་ལམ་ལ་བློ་ཕུགས་བཅོལ་བ། ལུས་སེམས་བདེ་ཞིང་སྐྱིད་པ། དུས་བདེ་གནས་འཇམ། ཞི་བདེ་ལྷིང་འཇགས། ཚེ་བསོད་དཔལ་འབྱོར་ལྡན་པ་སོགས་ཀྱང་ཁོ་པ་ཚོའི་ཕ་མེས་ཡང་མེས་རྣམས་ཀྱི་ཕ་ལྷ་དང་ཞང་ལྷ་རྣམས་གསོལ་ཞིང་དེ་དག་གི་ཞལ་ཆེམས་དང་ཡུལ་སྲོལ་གོམས་སྲོལ་སོགས་རྒྱུན་འཛིན་དང་བརྩི་སྲུང་ཞུས་པའི་འབྲས་བུ་ལས་བྱུང་བའི་དགེ་ཕན་ཞིག་ཡིན་པ་གདོན་མི་ཟའོ།

ད་ལྟའི་དུས་འདིར་ང་ཚོས་ཀྱང་བོད་རང་གི་གནའ་བོའི་མེས་པོ་རྣམས་ཀྱི་སྲོལ་རྒྱུན་དང་དགེ་ལས་ལྷ་གསོལ་ཀླུ་མཆོད་སོགས་ཀྱི་ལས་ལ་བརྩོན་ཞིང་། ཁྱད་པར་དུ་དེང་འཛམ་གླིང་གི་རྒྱལ་ཁབ་ཡར་ཐོན་ཅན་རྣམས་ལ་ཡང་ཁ་མིག་ཡར་བལྟས་ཀྱིས་དེང་རབས་དང་མཐུན་པའི་འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཆེས་མཐོ་བའི་ཚད་ངེས་ཅན་གྱི་སྤྱི་ཚོགས་གསར་པ་ཞིག་ཐབས་བརྒྱ་ཇུས་སྟོང་གིས་མངོན་སྤེལ་དང་གཙིགས་སུ་འཛིན་པ་ནི་སོ་སོའི་འགན་འཁྲི་ལྟ་བུར་སེམས་ཏེ། འགྲོ་བ་མི་ཞིག་ཡིན་ཕྱིན་དུས་ཀུན་ཏུ་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་དང༌། སེམས་ལྡན་ཀུན་ལ་ཞེ་གཏིང་ནས་བརྩེ་བ་དང་དམིགས་སུ་མེད་པའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ལ་འབུངས་དགོས་སུ་མཐོང་། །


དེ་ལྟར་དུ་ཕྱི་ནང་གི་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རིག་པ་ལ་བློ་སྦྱོང་དང་གོམས་པར་བརྩོན་ན་རང་རྒྱུད་ལ་ཡང་དག་པའི་ལྟ་བ་དང་སྒོམ་པ་སྤྱོད་པ་རྣམ་པར་དག་པ་མ་ནོར་བའི་དོན་འབྱུང་ཞིང་། དགེ་བའི་བྱ་བ་ལ་སོགས་གང་བསམ་པའི་སྨོན་ལམ་འགྲུབ་ཅིང་། ལྷ་མཐུ་བོ་ཆེ་དང་ཀླུ་མཐུ་རྩལ་ཅན་ལ་སོགས་འཇིག་རྟེན་སྐྱོང་བའི་སྲུང་མས་སྡོང་གྲོགས་བྱེད་པ་དང་། སྤྲེའུ་བྱང་ཆུབ་སེམས་དཔའ་ལ་སོགས་བྱོལ་སོང་དང་དུད་འགྲོ་རིག་པ་ཅན་རྣམས་ཀྱིས་ཀྱང་བསྙེན་བཀུར་བྱེད་པ་དང་། ཚེ་འདིར་མཐུ་ཆེ་བ་དང་། བཀའ་བརྩན་པ་དང་། དཔངས་མཐོ་བ་དང་། བསོད་ནམས་རྒྱས་པ་དང་། མཆོག་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འབྱུང་བ་དང་། ནད་ཉུང་བ་དང་། ཚེ་རིང་བ་དང་། ལོག་པའི་བར་དུ་གཅོད་པས་མི་ཚུགས་པ་དང་། ཟས་ནོར་ལོངས་སྤྱོད་ཀྱི་བཀུར་བསྟི་ཡོངས་སུ་འདུ་བ་སོགས་འབྱུང་ཞིང་། ལས་རྒྱུ་འབྲས་སོགས་ལ་བརྩི་བསྲུང་བྱས་པས་མཐར་ཐུག་ཀྱང་རང་ཉིད་གཙོས་པའི་འགྲོ་བ་ཐམས་ཅད་ལ་བདེ་སྐྱིད་ལྡན་པ་དང་རྒྱལ་ཁམས་ཞི་བདེའི་དཔལ་ལ་རོལ་ཞིང་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་འདི་ཡང་ལྷིང་འཇགས་ལྡན་པ་སོགས་ཀྱི་དགེ་ཕན་རླབས་ཆེན་འབྱུང་བར་སེམས་སོ། །


དཔྱད་གཞིའི་ཡིག་ཆ་ཁག

༡༽ ༼དྲི་མེད་གཟི་བརྗིད།༽ དེབ་གཟུགས། སྟོན་པ་གཤེན་རབ་ཀྱི་བཀའ། ༢༠༠༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌གིས་དཔར་དུ་བསྐྲུན།
༢༽ ༼གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།༽ མཁས་དབང་དཔལ་ལྡན་ཚུལ་ཁྲིམས། ༡༩༨༨ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌གིས་དཔར་དུ་བསྐྲུན།
༣༽ ༼གཙང་མ་ཀླུ་འབུམ་ཁྲ་བོ།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༣༦། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༤༽ ༼གནམ་ས་སྣང་བརྒྱད་ཀྱི་མདོ་འགྲོ་ལ་ཕན་ཕྱིར་ཀོང་ཙེས་ཞུས་པ།༽ སྟོན་པ་གཤེན་རབ་ཀྱི་བཀའ། བཀའ། པོད་ཨང༌༡༣༧ ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༥༽ ༼དཔལ་འབུམ་དཀར་པོ་བཞུགས་པའི་དབུ་ཕྱོགས།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༤༣། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༦༽ ༼མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ཞེས་བྱ་བ།༽ རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། ༼རྒྱུན་ཁྱེར་བོན་སྤྱོད་ཕྱོགས་བསྡུས་དད་ལྡན་ཐར་ལམ་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།༽ ༢༠༡༠ལོར་ཝཱར་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་དཔར་དུ་བསྐྲུན།
༧༽ ༼ས་བདག་དབང་ཆེན་འཁོར་ལོ་བསྒྱུར་འབུམ་འཁྲུགས་པ་སྤྱི་བཅོས།༽ ཆབ་མདོ་སྟེང་ཆེན་དགོན་གྱི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་དཔར་དུ་བསྐྲུན་པའི་པོད་ཨང་༡༣ཅན།
༨༽ ༼ཀླུ་གཉན་ས་བདག་གསུམ་གྱི་སྤང་ཀོང༌།༽ སྟོན་པ་གཤེན་རབ་ཀྱི་བཀའ། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༩༽ ༼གངས་ཅན་བོད་ཀྱི་བརྡ་སྐད་མིང་གཞིར་གསལ་བར་སྟོན་པའི་བསྟན་བཅོས།༽ ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ། ༢༠༠༤ལོར་སྨན་རིའི་གླིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན།
༡༠༽ ༼རྣམ་པར་དག་པའི་འབུམ་བཞི་ལས་ས་བདག་དབང་ཆེན་གྱི་བསྒྱུར་བཅོས་ཏེ་བམ་པོ་གཉིས་པ།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༤༠། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༡༽ ༼རྣམ་པར་དག་པའི་འབུམ་བཞི་ལས་གཙང་མའི་ཀླུ་འབུམ་བཞུགས།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༣༩། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༢༽ ༼རྣམ་པར་དག་པའི་འབུམ་བཞི་ལས་རིན་པོ་ཆེ་གཉན་གྱི་འབུམ་བཞུགས།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༤༡།  ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༣༽ ༼སྲིད་པའི་མཛོད་ཕུགས་དང་མཛོད་སྒྲ་འགྲེལ།༽ རྩ་བ་རྒྱལ་བའི་བཀའ། འགྲེལ་བླ་ཆེན་དྲན་པ་ནམ་མཁས་མཛད། ༢༠༡༢ལོར་ཝཱར་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་དཔར་དུ་བསྐྲུན།
༡༤༽ ༼རྣམ་པར་དག་པའི་འབུམ་བཞི་ལས་རྡོ་བདག་གཏོད་པོ་བཅོས་པ་སྟེ་བམ་པོ་བཞི་པ།༽ སྟོན་པ་གཤེན་རབ་ཀྱི་བཀའ། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༥༽ ༼ཀླུ་མཆོད་འོ་མའི་རྒྱ་མཚོའི་གཞུང་བཞུགས་པའི་དབུ་ཕྱོགས།༽ མཁན་ཆེན་བསོད་ནམས་བློ་གྲོས་དབང་གིས་རྒྱལ་པོས་བསྒྲིགས། (GTO PHRAN) 1973 by khedup gyatso ལྡི་ལིའི་དཔར་མ།
༡༦༽ ༼བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མའི་ཀླུ་འབུམ་དཀར་པོ་བཞུགས།༽ སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༣༥། ༡༩༩༤ལོར་ཀུན་གྲོལ་ལྷ་སྲས་ཀྱིས་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༧༽ ༼མཁའ་ཀློང་གསང་མདོས།༽ འོལ་སྒོམ་ཕུག་པའི་གཏེར་མ། བོན་གྱི་བཀའ་རྟེན་དཔེ་ཚོགས། ༡༩༩༤ལོར་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༡༨༽ ༼སྲིད་པ་སྤྱི་མདོས་ཆེན་མོ།༽ ར་སངས་ཁྲི་ནེ་ཁོད། ༢༠༠༢ལོར་མཁར་རྨེའུ་བསམ་གཏན་གྱིས་ཉི་ཧོང་དུ་དཔར་བསྐྲུན་བྱས་ཡོད།
༡༩༽ ༼མན་ངག་དང་གསང་སྔགས་གནད་ཀྱི་རྫོང་འཕྲང་།༽ དེབ་གཟུགས་ཅན། ༢༠༡༥ལོའི་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན།
༢༠༽ ༼སྲིད་པ་རྒྱུད་ཀྱི་ཁ་བྱང་།༽ ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་གཏེར་ནས་བཏོན། ༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
༢༡༽ ༼བསྟན་པའི་སྲོག་ཤིང་འདུལ་བའི་བསླབས་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།༽ མཉམ་མེད་ཤེས་རྒྱལ་མཚན། ༢༠༠༣ལོར་སྨན་རིའི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན།
༢༢༽ ༼གཅོད་པའི་ལན་ཆགས་སྦྱངས་འཇལ།༽ གཏེར་མ། དཔེ་གཟུགས། བོན་གྱི་བཀའ་རྟེན་དཔེ་ཚོགས། ༡༩༩༤ལོར་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།
༢༣༽ ༼བོད་རིག་པའི་ཞིབ་འཇུག་མཁའ་ལྡིང་གཤོག་ཟུང་།༽དགེ་བཤེས་དྲངསྲོང་རྣམ་རྒྱལ། ༢༠༠༩ལོར་བལ་ཡུལ་ནས་དཔར་དུ་བསྐྲུན།
༢༤༽ ༼བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།༽ བསམ་འགྲུབ་ཚེ་རིང་གིས་གཙོ་སྒྲིག་བྱས། ༢༠༠༤ལོར་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
༢༥༽ ༼འཇིག་རྟེན་མཆོད་བསྟོད།༽ རེབ་གོང་གོང་པ་མཁར་རྩེ་རྒྱལ་གྱིས་བརྩམས། ༢༠༠༩ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌གིས་དཔར་དུ་བསྐྲུན།
༢༦༽ ༼སྲིད་པའི་རྨ་རབས།༽ སྒུ་རུ་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས། ༢༠༡༢མི་རིགས་དཔེ་བསྐྲུན་ཁང༌གིས་དཔར་དུ་བསྐྲུན།