༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྐྱེ་ཁམས་ཤེས་བྱ།
“ནུས་ཤུགས་གྲོན་ཆུང་བྱེད་པ་ནི་སའི་གོ་ལར་ཕན་པ་ཁོ་ན་
         མ་ཡིན་པར་སྒེར་གྱི་སྒོར་མོ་གྲོན་ཆུང་བྱེད་པ་ལ་ཡང་ཕན་པ་ཡིན།”
 
ཚ་གློག་

ཁང་པའི་ནང་གི་ཚ་གློག་གི་དྲོད་ཚད་དམའ་རུ་བཏང་ནས་གྲང་གློག་གི་ཚད་མཐོ་རུ་བཏང་བ་
་1.5
OC (3 OC)དེས་ལོ་གཅིག་གི་CO2ཏོན་གཅིག་ཉུང་དུ་གཏོང་ཐུབ།

 
འཁྱིལ་གློག་

འཁྱིལ་གློག་གྱི་གློག་ཐོ་བེད་སྤྱོད་བཏང་བ་ཡིན་ན་རྒྱུན་ལྡན་གྱི་གློག་ཐོ་ལས་གློག་རྒྱ་ཆ་75%གྲོན་ཆུང་བྱེད་
པས་ནུས་ཤུགས་གྲོན་ཆུང་བྱེད་པར་ཕན་ཤིན་ཏུ་ཆེ།

 

འཁྱགས་སྒམ་

འཁྱགས་སྒམ་རྙིང་བ་ལས་གསར་པ་བེད་སྤྱོད་བྱེད་དགོས། དེང་སང་གི་འཁྱགས་སྒམ་གསར་པའི་འཕྲུལ་
འཁོར་གཙོ་བོ་སྟེ་གློག་འདོན་འཕྲུལ་འཁོར་རྣམས་ཀྱིས་ནམ་རྒྱུན་གྱི་ལོ་གཅིག་གི་ CO
2ཏོན་ཕྱེ་ཀ་ཉུང་
དུ་གཏོང་ཐུབ།

 

ས་གནས་རང་གི་བཟའ་ཆས་

ས་གནས་དེ་གའི་ཐོན་བསྐྱེད་བྱེད་པའི་དུས་ཚུགས་ཅན་གྱི་བཟའ་ཆས་ཉོ་བ་དང་བཟའ་གོམ་བྱེད་པ་ཡིན་
ན། ས་ཐག་རིང་ཞིག་ནས་བསྐྱེལ་འདྲེན་བྱེད་མི་དགོས་དང་། གྲོད་ཁང་གི་ཚ་དྲོད་ལ་རྟེན་ནས་སྐྱེ་བའི་
དུས་ངེས་མེད་ཀྱི་བཟའ་ཆས་ཐོན་བསྐྱེད་བྱེད་མི་དགོས་པས་ནུས་ཤུགས་གྲོན་ཆུང་བྱེད་ཐུབ་པ་ཡིན།

 

རླངས་འཁོར་ 

རླངས་འཁོར་ཉོ་བ་ཡིན་ན་Hybrid་གློག་འདོན་འཕྲུལ་འཁོར་ཅན་ཉོ་དགོས། དེ་ལ་སྣུམ་མང་པོ་མི་དགོས་
པས་ནུས་ཤུགས་གྲོན་ཆུང་དང་། གནམ་གཤིས་ཚ་འགྱུར་སྔོན་འགོག་ལ་ཤིན་ཏུ་ཕན་པ་ཡིན།

རླངས་འཁོར་གཅིག་མི་མང་པོས་ཕན་ཚུན་གཡར་བ་དང་། མཉམ་སྤྱོད་བྱེད་པ། ཡང་ན་ལམ་ཐག་ཉེ་སར་
རླངས་འཁོར་མི་སྐོར་བ་སོགས་ཀྱིས་ནུས་ཤུགས་གྲོན་ཆུང་བྱེད་ཐུབ་པ་ཡིན།

རླངས་འཁོར་གྱི་འཁོར་ལོ་ལ་ནམ་རྒྱུན་ཕུད་རྒྱབ་ན་ཡང་སྣུམ་ལ་གྲོན་ཆུང་བྱེད་ཐུབ་པའི་ནུས་ཤུགས་
གྲོན་ཆུང་བྱེད་པར་ཕན་པ་ཡིན།

མིང་ཚིག

 
བོད་ དབྱིན་ རྒྱ་

ནུས་ཤུགས་

energy

能量

ཚ་གློག་

heater

加热器

གྲང་གློག་

air conditional

空气有条件

ཏོན་ tonnes
འཁྱགས་སྒམ་ refrigerator  冰箱
གློག་འདོན་འཕྲུལ་འཁོར་ model 模型
ཇུས་གློག་ spiral light 螺旋光
དུས་ཚུགས་ཅན་གྱི་བཟའ་ཆ་ seasonal food 季节性食物
དྲོད་ཁང་ green house 温室
རླངས་འཁོར་ vehicle 
 

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com