ཁོར་ཡུག་ཁྲིམས་ལུགས།


མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག

1994ལོའི་ ཟླ4བའི་ཚེས25ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་ སྐབས་དགུ་བའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་བ་དང་། 1995ལོའི་ཟླ1པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཅུ་བཞི་བའི་ སྟེང་ཆོག་མཆན་བཀོད།
   དོན་ཚན་དང་པོ། རྩྭ་ཐང་ལ་སྲུང་སྐྱོང་དང་དོ་དམ། འཛུགས་སྐྲུན་བཅས་བྱེད་པ་དང་ལུགས་མཐུན་ངང་བེད་སྤྱོད་པར་ཤུགས་སྣོན་དང་། ཕྱུགས་ལས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས»ཀྱི་འབྲེལ་ཡོད་ བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། རང་ཁུལ་གྱི་དོན་དངོས་དང་འབྲེལ་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
   དོན་ཚན་གཉིས་པ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ཕྱུགས(ཞིང)ལས་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་ནང་གི་རྩྭ་ཐང་དོ་དམ་བྱ་བའི་གཙོ་འགན་འཁུར་དགོས། ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་གིས་རང་གི་སྲིད་འཛིན་ས་ཁོངས་ནང་གི་རྩྭ་ཐང་དོ་དམ་བྱ་བར་བྱེ་བྲག་གི་འགན་འཁུར་དགོས།
    དོན་ཚན་གསུམ་པ། རང་ཁུལ་མངའ་ཁོངས་ནང་གི་རྩྭ་ཐང་(ཞིང་ལས་ས་ཁུལ་ཆུང་བ་དང་རྩྭ་ར། དེ་མིན་ནགས་ཚལ་ཐར་ཐོར་སྐྱེས་བའི་རྩྭ་ར་དང་སྡོང་ཕྲན་རྩྭ་ར་སོགས་འདུས།)རྒྱལ་ ཁབ་ལ་དབང་བས། ཁྲིམས་ལྟར་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་སྡེ་ཚན་ནམ་ཐུན་མོང་ལ་དབང་བའི་ ལམ་ལུགས་སྡེ་ཚན་ལ་གཏན་འཁེལ་བྱས་ཏེ་ཡུན་རིང་ལ་བེད་སྤྱོད་བྱས་ཆོག
    དམངས་ཡོངས་ལ་དབང་བའི་ལམ་ལུགས་སྡེ་ཚན་གྱིས་བེད་སྤྱོད་པའི་རྩྭ་ཐང་ཁོངས་གཏོགས་ ཀྱི་འབྲེལ་བ་ལྟར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་བེད་སྤྱོད་དབང་ཆ་ ཁས་ལེན་བྱས་ཏེ་དཔང་ཡིག་དཔྱད་སྤྲོད་བྱེད་དགོས་པར་མ་ཟད། ས་གནས་མི་དམངས་སྲིད་གཞུང་གི་ལྟ་སྐུལ་འོག་ཁྲིམས་ལྟར་བདག་གཉེར་དོ་དམ་དང་ འཛུགས་སྐྲུན་བྱེད་དགོས།
    ཐུན་མོང་ལ་དབང་བའི་ལམ་ལུགས་སྡེ་ཚན་གྱིས་བེད་སྤྱོད་པའི་རྩྭ་ཐང་འབྲོག་ཁྱིམ་ དུ་འགན་གཙང་ལེན་བྱས་ཆོག་པ་དང་། འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་ཁྲིམས་ལྟར་བཤུག་སྤྲོད་དང་ཤུལ་འཛིན་བྱས་ཆོག
    དོན་ཚན་བཞི་བ། བདག་གཉེར་རྩྭ་ཐང་འགན་གཙང་ལེན་བྱེད་དུས་འགན་གཙང་སྤྲོད་བྱེད་མཁན་དང་འགན་གཙང་ ལེན་བྱེད་མཁན་ཕྱོགས་གཉིས་ཀས་ངེས་པར་དུ་གན་རྒྱ་འཇོག་དགོས་པ་དང་། ཕྱོགས་གང་གིས་ཀྱང་རང་འདོད་ལྟར་བསྒྱུར་བཅོས་དང་མེད་པར་བཟོ་མི་ཆོག
    རྩྭ་ཐང་འགན་གཙང་ལེན་ལག་བསྟར་བྱེད་སྐབས་ལུགས་མཐུན་ངང་འཆར་འགོད་དང་གཅིག་གྱུར་ གྱིས་བཀོད་སྒྲིག་བྱས་ཏེ། ཕྱུགས་ལམ་དང་ཆུ་འཐུང་ས། རྒྱུད་སྤེལ་ས་བཅས་སྤྱི་སྤྱོད་རྩྭ་ཐང་བསྐྱུར་དགོས། རྩྭ་ཐང་འགན་གཙང་ལེན་མཁན་ཡུལ་གཞན་ལ་གནས་སྤོ་བ་དང་ཐོན་སྐྱེད་སྒྱུར་བ། ཕྱུགས་ཟོག་མང་དུ་ཇེ་ཉུང་ལ་སོང་བའི་རྐྱེན་གྱིས་ཕྱུགས་ལས་ཐོན་སྐྱེད་བདག་གཉེར་ བྱེད་པའི་ནུས་པ་མེད་པ་ལ་འགན་གཙང་ལེན་སྤྲོད་མཁན་འཐད་པ་བྱུང་རྗེས། ཁྲིམས་ལྟར་གན་རྒྱ་མེད་པར་བཟོ་བའམ་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་བཤུག་ སྤྲོད་བྱས་ཆོག་སྔོན་གྱི་འགན་གཙང་ལེན་ཕྱོགས་རང་ཉིད་ཀྱིས་བཏང་བའི་རྩྭ་ཐང་གི་ སྒྲིག་ཆས་ཁག་དེ་སྔོན་གྱི་འགན་གཙང་ལེན་ཕྱོགས་དང་གང་ཟག་གསུམ་པ་མཉམ་དུ་གྲོས་ མོལ་བྱས་ཏེ། གང་ཟག་གསུམ་པས་སྔོན་གྱི་འགན་གཙང་ལེན་མཁན་གྱི་ཕྱོགས་སུ་ལུགས་མཐུན་སྒོས་ཁ་ གསབ་སྤྲོད་དགོས།
    དོན་ཚན་ལྔ་བ། རྒྱལ་ཁབ་དང་ཐུན་མོང་གིས་མ་དངུལ་བཏང་ནས་བསྐྲུན་པའི་སྨན་ཁྲུས་རྫིང་བུ་དང་ རླངས་པས་རིམས་འགོག་ཁང་། རྒྱུད་སྤེལ་ས་ཚིགས། ཁྲོན་པ། ཆུ་རྐ་སོགས་རྩྭ་ཐང་གི་སྒྲིག་ཆས་འགན་གཙང་ལེན་ཕྱོགས་ཀྱིས་དོ་དམ་དང་སྲུང་ སྐྱོང་། བེད་སྤྱོད་བཅས་བྱེད་དགོས་ལ། དངུལ་ལ་ཕབ་ནས་འབྲོག་ཁྱིམ་དུ་དབང་བར་བྱས་ཀྱང་ཆོག  རྒྱལ་ཁབ་ཀྱིས་ཁ་གསབ་དང་འབྲོག་ཁྱིམ་གྱིས་མ་དངུལ་གྲབས་གསོག་བྱས་ཏེ་བསྐྲུན་ པའི་རྩྭ་ཐང་གི་སྒྲིག་ཆས་འབྲོག་ཁྱིམ་དུ་དབང་བ་ཡིན།
    དོན་ཚན་དྲུག་པ། རྩྭ་ཐང་གི་གནོད་འཚེ་ཚབས་ཆེན་ཐེབས་ནས་གནས་སྐབས་སུ་རྩྭ་ཐང་བེད་སྤྱོད་པར་སྙོམ་ སྒྲིག་བྱེད་དགོས་ཚེ། རང་མོས་གཉིས་ཕན་གྱི་རྩྭ་དོན་ལྟར་གྲོལ་མོལ་ཐག་གཅོད་བྱེད་དགོས། གནས་ཚུལ་ཁྱབ་པར་བ་རྫོང་མི་དམངས་སྲིད་གཞུང་གིས་གནས་སྐབས་སུ་སྙོམ་སྒྲིག་བེད་ སྤྱོད་བྱེད་པར་ཐག་གཅོད་དགོས།
    དོན་ཚན་་བདུན་པ། རྩྭ་ཐང་གི་དབང་ཆ་སུ་ལ་གཏོགས་པར་རྩོད་གླེང་བྱུང་བའི་སྐབས་སུ། གྲོས་མོལ་ལམ་ཁྲུན་ཐག་གཅོད་མཁན་ཡོད་པ་དེ་གྲོས་མོལ་དང་ཁྲུན་ཐག་གཅོད་པ་ལྟར་ལག་ བསྟར་བྱེད་དགོས། གྲོལ་མོལ་ལམ་ཁྲུན་ཐག་གཅོད་མཁན་མེད་ན་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བཟོད་བསྲན། ཐོན་སྐྱེད་དང་འཚོ་བར་ཕན་པ་ཡོད་པ། འཆམ་མཐུན་མཉམ་གནས་ཀྱི་རྩ་དོན་ལྟར་གྲོས་མོལ་ཐག་གཅོད་བྱེད་དགོས། གྲོས་མོལ་བྱེད་མི་ཐུབ་པ་རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་སྤྲད་ནས་ཐག་ གཅོད་དགོས་པ་དང་། རྩོད་གླེང་ཐག་གཅོད་མ་བྱས་གོང་རྩོད་གླེང་ཕྱོགས་གཉིས་ཀ་འབྲེལ་ཐག་བཅད་དེ་ཁ་ གཡར་ས་བཙལ་ནས་གནས་ཚུལ་ཇེ་ཆེར་གཏོང་བའམ་རྩྭ་ཐང་དང་སྒྲིག་ཆས་ལ་གཏོང་བརླག་ གཏོང་མི་ཆོག
    སྡེ་བ་ཕན་ཚུན་གྱི་བར་དུ་རྩྭ་ས་རྩོད་གླེང་བྱུང་ཚེ་ཞང་(གྲོང་བརྡལ)མི་ དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། ཞང་དང་ཞང་གི་བར་དུ་རྩྭ་ས་རྩོད་གླེང་བྱུང་ཚེ་མི་དམངས་སྲིད་གཞུང་གིས་ཐག་གཅོད་ བྱེད་དགོས་པ་དང་། རྫོང་དང་རྫོང་གི་བར་དང་རྫོང་དང་ཁུལ་གྱི་ཁོངས་གཏོགས་སྡེ་ཚན་བར་དུ་རྩྭ་ས་ རྩོད་གླེང་བྱུང་ཚེ་ཁུལ་མི་དམངས་སྲིད་གཞུང་གིས་ཐག་གཅོད་དགོས།
    དོན་ཚན་བརྒྱད་པ། འབྲོག་པས་གཟན་རྩ་དང་གཟན་ཆས་འདེབས་པ་ལས་གཞན། སྡེ་ཚན་དང་མི་སྒེར་སུ་ཡིན་རུང་རྩྭ་ཐང་གསར་སྦོལ་བྱས་མི་ཆོག  ཐང་ རྒོད་དང་ཐང་རྒོད་ཕྱེད་ཙམ་གྱི་རྩྭ་ཐང་དང་བྱེ་འགྱུར་ས་ཁུལ། ས་ཆུ་ཤོར་བའི་ས་ཁུལ་ནས་སྡོང་ཕྲན་དང་བྱེ་འཇགས་རྩི་ཤིང་གཅོད་པ་དང་བརྐོ་བ་བཀག་ འགོག་བྱེད་དགོས།
    རྩྭ་ཐང་སྟེང་བྱེ་མ་བརྐོ་བ་དང་ས་ལེན་པ། སྡོང་ཕྲན་གཅོད་པ། སྨན་རྩྭ་བརྐོ་བ་སོགས་ངེས་པར་དུ་རྩྭ་ཐང་བེད་སྤྱོད་མཁན་དང་ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་གིས་འཐད་པ་བྱུང་དགོས་པ་དང་། རྩྭ་ཐང་གི་ཁ་གསབ་དངུལ་སྤྲད་རྗེས་གཏན་འཁེལ་བྱས་པའི་དུས་ཚོད་དང་ས་ཁོངས་ནང་སྤེལ་དགོས།
     དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཐུན་མོང་གིས་གསེར་བརྐོ་བ་ཐམས་ཅད་ངེས་པར་དུ་ ཁུལ་དང་རྫོང་གི་དོ་དམ་སྡེ་ཁག་ལ་གསེར་གཙོ་འགན་ཁུར་བའི་སྡེ་ཁག་ཏུ་སོང་ ནས་«ཐུན་མོང་གིས་གསེར་བརྐོ་བའི་ཆོག་མཆན་དཔང་ཡིག»སྒྲུབ་དགོས་པར་མ་ཟད། ཐོན་ཁུངས་ཀྱི་རྫོང་ལ་རྩྭ་ཐང་གི་ཁ་གསབ་དངུལ་སྤྲད་ནས་རྩ་ཐང་གི་སྔོ་ཁེབས་ལ་ སྲུང་སྐྱོབ་བྱེད་པའི་འགན་ཁུར་དགོས།
    དོན་ཚན་བཅུ་བ། རིམ་པ་སོ་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་ནས། ཕྱུགས་ཟོག་གི་འགོས་ནད་སྔོན་འགོག་དང་། ཨ་བྲ་དང་འབུའི་གནོད་པ་དང་དུག་རྩྭ་བཅོས་སྐྱོང་བྱས་ཏེ། རྩྭ་ཐང་གི་ཨ་བྲ་དང་འབུའི་རང་བཞིན་གྱི་དགྲ་བོ་སྔོན་འགོག་བྱེད་དགོས།
    དོན་ཚན་བཅུ་གཅིག་པ། རྩྭ་ཐང་འཛུགས་སྐྲུན་བྱེད་པར་རྩྭ་གཙོ་བོར་གཉེར་བ་ལག་བསྟར་དང་འཛུགས་སྐྲུན་ ཕྱུགས་གསོའི་ཁ་ཕྱོགས་བྱས་ཏེ། སུམ་མ་དངུལ་བཏང་སྟེ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་། བེད་སྤྱོད་བཅས་བྱས་ན་སུ་ལ་ཕན་པ་ཡོད་པའི་རྩ་དོན་རྒྱུན་འཁྱོངས་དང་། ཐུན་མོང་དང་འབྲོག་ཁྱིམ་ལ་རྩྭ་ཐང་འཛུགས་བྱེད་པའི་ཕྱོགས་སུ་མ་དངུལ་གཏོང་ཚད་ ཇེ་མང་དུ་གཏོང་བར་སྐུལ་མ་བཏང་ནས། རྩྭ་ཐང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།རིམ་པ་སོ་སོའི་ མི་དམངས་སྲིད་གཞུང་གིས་རྩྭ་ཐང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གཅིག་ གྱུར་འཆར་འགོད་ལེགས་པར་བཟོས་ཏེ། ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་དང་འབྲོག་དམངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་ལག་བསྟར་བྱེད་དགོས།
    དོན་ཚན་བཅུ་གཉིས་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱེ་འགྱུར་དང་ཞན་འགྱུར། བ་ཚྭ་ཅན་དུ་འགྱུར་བ། ས་ཆུ་ཤོར་བ། ཐན་སྐམ་དང་ཆུ་དཀོན་པ་བཅས་ཀྱི་རྩྭ་ཐང་རྒྱལ་ཁབ་ཀྱི་མངའ་ཁོངས་བཅོས་སྐྱོང་གི་ ནང་དུ་འཇོག་དགོས་པར་མ་ཟད། རྩ་འཛུགས་ལག་བསྟར་བྱེད་དགོས། འབྲོག་དམངས་ཨུ་ཡོན་ལྷན་ཁང་དང་། མཉམ་ལས་ཁང་གི་ཁོངས་གཏོགས་མངའ་ཁོངས་ནང་ཁུལ་གྱི་རྩྭ་ཐང་འཛུགས་སྐྲུན་ལ་བྱེ་ བྲག་གི་བཅོས་སྐྱོང་འཆར་གཞི་བཀོད་དེ། ཧུར་ཐག་གིས་མ་དངུལ་གྲབས་གསོག་བྱས་ནས་ལོ་བགོས་ཏེ་བཅོས་སྐྱོང་བྱེད་དགོས།
    དོན་ཚན་བཅུ་གསུམ་པ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མེ་སྐྱོན་སྔོན་འགོག་གི་འགན་ ཁུར་ལམ་ལུགས་བཙུགས་ནས་མེ་སྐྱོན་འབྱུང་བར་སྔོན་འགོན་ནན་མོ་བྱེད་དགོས། ལོ་རེའི་ཟླ10བའི་ཚེས1ཉིན་ནས་ཕྱིར་ལོའི་ཟླ5བའི་ཚེས31ཉིན་བར་ནི་རྩྭ་ཐང་གི་མེ་ སྐྱོན་སྔོན་འགོག་གི་དུས་ཚོད་ཡིན།
    དོན་ཚན་བཅུ་བཞི་བ། རྒྱལ་ཁབ་དང་ས་གནས་འཛུགས་སྐྲུན་བྱེད་པར་རྩྭ་ཐང་བེད་སྤྱོད་བྱེད་དགོས་ཚེ། «མཚོ་སྔོན་ཞིང་ཆེན་གྱི་ལག་ཏུ་བསྟར་བའི‹ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ ཀྱི་རྩྭ་ཐང་བཅའ་ཁྲིམས›སྒྲིག་སྲོལ་ཞིབ་ཕྲ»ཡི་འབྲེལ་ཡོད་གཏན་འཁེལ་ལྟར་ལག་ བསྟར་བྱེད་དགོས་པ་དང་། ས་ཆ་བེད་སྤྱོད་པའི་སྡེ་ཚན་གྱིས་རྩྭ་ཐང་གི་ཁ་གསབ་དངུལ་དང་བཀོད་སྒྲིག་ཁ་གསབ་ དངུལ་སྤྲོད་དགོས།
    གཤམ་གྱི་གནས་ཚུལ་གཅིག་ཡོད་ནས་རྩྭ་ཐང་བདག་བཟུང་བྱས་པར་ས་ཆ་བེད་སྤྱོད་པའི་ སྡེ་ཚན་ནམ་མི་སྒེར་གྱིས་རྩྭ་ཐང་གི་ཁ་གསབ་དངུལ་མ་སྤྲད་ན་ཆོག
༼1.༽རྒྱལ་ཁབ་དང་ས་གནས་སམ་ཐུན་མོང་གིས་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པ།
༼2.༽ས་གཤིས་རྩད་གཅོད་དང་ནུས་ཁུངས་འཛུགས་སྐྲུན། ཡིག་ཟམ་གློག་འཕྲིན། དམག་དོན་སྒྲིག་ཆས།
༼3.༽འབྲོག་པས་གཏན་སྡོད་ཁང་བ་དང་ཕྱུགས་ལས་ཀྱི་ཐོན་སྐྱེད་སྒྲིག་ཆས་ལས་བ་སོགས་ཡིན།
   དོན་ཚན་བཅོ་ལྔ་བ། ཁྲིམས་ལྟར་རྩྭ་ཐང་བེད་སྤྱོད་པའི་སྡེ་ཚན་ནམ་མི་སྒེར་གྱིས་ངེས་པར་དུ་རྩྭ་ཐང་ དོ་དམ་ལྟ་ཞིབ་ས་ཚིགས་ཀྱི་ལྟ་སྐུལ་དོ་དམ་དང་ལེན་བྱས་ཏེ། རྩྭ་ཐང་གི་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་བྱེད་པའི་བྱ་འགུལ་ལ་རྒྱབ་ སྐྱོར་བྱེད་དགོས།
   དོན་ཚན་བཅུ་དྲུག་པ། རྩྭ་ཐང་དོ་དམ་བཅའ་ཁྲིམས་དང་ཁྲིམས་སྲོལ།སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ན། རྩྭ་ཐང་དོ་དམ་སྡེ་ཁག་གམ་ཞང་(གྲོང་བརྡལ)མི་ དམངས་སྲིད་གཞུང་གིས«མཚོ་སྔོན་ཞིང་ཆེན་གྱིས་ལག་ཏུ་བསྟར་བའི‹ཀྲུང་ཧྭ་མི་དམངས་ སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས›སྒྲིག་སྲོལ་ཞིབ་ཕྲ»ཡི་གཏན་འཁེལ་ ལྟར་ཆད་པ་གཅོད་དགོས།
   དོན་ཚན་བཅུ་བདུན་པ། སྲོལ་ཡིག་འདི1995ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

༄༅།ཟླ་རེའི་གསར་འགྱུར།


སའི་གོ་ལའི་ཉིན་མོ།

སྤྱི་ལོ་༢༠༡༢་་ཟླ༤ཚེས་༢༢


འཛམ་གླིངཆུ་ཡི་ཉིན་མོ།

སྤྱི་ལོ་༢༠༡༢་་ཟླ༣ཚེས་༢༢


སྐྱེ་ཁམས་ཡུལ་སྐོར་འགྲེམས་སྟོན།

སྤྱི་ལོ་༢༠༡༡་་ཟླ༡ཚེས་༢༣


བྱུ་རུ་མི་འདོག་པའི་སྐུལ་མ།

སྤྱི་ལོ་༢༠༡༡་་ཟླ༡ཚེས་༢༣


ཀྲུང་གོ་དང་ཉི་ཧོང་གཉིས་ཀྱི་ནུས་པའི་འབྱུང་ཁུངས་ཐད་ཀྱི་མཉམ་ལས།

སྤྱི་ལོ་༢༠༡༡་ཟླ་༡༡ཚེས་༢༨


མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཡུལ་དུ་བཞག

སྤྱི་ལོ་༢༠༡༡་ཟླ་༡༠ཚེས་༡༠


ཇོ་མོ་གླང་མའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱི“ཕན་བདེ་བའི”ལས་གཞིར་གྲུབ་འབྲས་མངོན་སུམ་ཐོན་པ།

སྤྱི་ལོ་༢༠༡༡་ཟླ་༡༠ཚེས་༡༠


བོད་བྱང་ཐང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲོང་སྤུ་སེར་ཅན་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་པ།

སྤྱི་ལོ་༢༠༡༡་ཟླ་༩ཚེས་༡༢


༄༅།།རང་རྒྱལ་གྱི་ཟུར་གསུམ་ས་ཁུལ་གྱི་རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་གོང་འཕེལ་ཆེན་པོ་བྱུང་བ།

སྤྱི་ལོ་༢༠༡༡་ཟླ་༨ཚེས་༢༩


BPཀྱིས་སྣུམ་བཤོ་བ་མཚམས་འཇོག་ཐུབ་པ།

སྤྱི་ལོ་༢༠༡༠་ཟླ་ཚེས་༡༥


ཁོ་ཕེན་ཧ་གྷེན་གནམ་གཤིས་ཚོགས་ཆེན་གྱི་འཇུག་འབྲས།

སྤྱི་ལོ་༢༠༠༩་ཟླ་༡༢ཚེས་༣༠་


གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཁོ་ཕེན་ཧ་གྷེན་དུ་ཚོགས་པ།

སྤྱི་ལོ་༢༠༠༩་ཟླ་༡༢ཚེས་༧་ གཟའ་ཟླ་བ


ཁོ་ལོ་ར་ཌོ་གཙང་པོ་ཞེས་པའི་གློག་བརྙན་ཡོངས་སུ་གྲུབ་པ།

སྤྱི་ལོ་༢༠༠༩་ཟླ་༡༠ཚེས་༢༨ཉིན།


ཀྲུང་གོས་རྡོ་སོལ་གྱི་ཚབ་ཏུ་རླུང་སྤྱོད་ཐུབ་པ།

སྤྱི་ལོ་༢༠༠༩་ཟླ་༩ཚེས་༡༦་ཉིན།


ང་ཚོ་ནི་རླུང་འཚུབ་ཅན་གྱི་གནམ་
གཤིས་ཀྱི་མདུན་དུ་ལྷགས་ཡོད།

སྤྱི་ལོ་༢༠༠༨ལོའི་ཟླ་༡༢ཚེས་༣༠ཉིན།


གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་ཚོགས་ཕོ་ལན་ཊི་ལ་སྐོང་ཚོགས་བྱས་པ།

སྤྱི་ལོ༢༠༠༨ལོའི་ཟླ་༡༢བའི་ཚེས་༡།