མི་སྣ་ངོ་སྦྲོད།
ཨཱལ་གྷོར། Al Gore

ཨྰལ་བྷེར་ཐྲི་ ཨྰལ་ནོལ་ཌི གྷོར་ (Albert Arnold Gore) ལགས་ནི་སྤྱི་ལོའི་༡༩༤༨་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་སྐུ་འཁྲུངས། ཁོང་ནི་ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་མཁན་ཞིག་དང་། རྩོམ་པ་བོ་དང་། ཚོང་པ་སོགས་ཡིན་པ་མ་ཟད། ད་དུང་གསར་འགྱུར་འགོད་པ་དང་ཆབ་སྲིད་པ་སོགས་ཀྱི་འགན་ཡང་བཞེས་མྱོང་། སྤྱི་ལོའི་༡༩༩༣་ནས་༢༠༠༡་གི་བར་ཁོང་ནི་ཨ་རིའི་སྲིད་འཛིན་བྷེལ ཁི་ལེན་ཏོན་ (Bill Clinton) གྱི་འོག་ནས་ཨ་རིའི་ཨང་༤༥་པའི་སྲིད་འཛིན་གཞོན་པའི་འགན་བཞེས།
ཨྰལ་གྷོར་ལགས་ཀྱིས་མི་ལོ་སུམ་བཅུ་ལྷག་གི་རིང་ལ་ཨ་མི་རི་ཀའི་ཆབ་སྲིད་ཀྱི་བྱ་བ་བསྒྲུབས་པ་རེད། ཐོག་མར། ༡༩༧༧་ནས་༡༩༨༥་བར་ཁོང་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་མི་དང་། ༡༩༨༥་ནས་༡༩༩༣་བར་ཁོང་གིས་གྲོས་ཚོགས་གོང་མའི་ནང་དུ་ཐྲེན་ནེ་སེ་མངའ་སྡེའི་(Tennessee)མཐུས་མིའི་ལས་འགན་བསྒྲུབས། ༢༠༠༠་ལོར་ཨྰལ་གྷོར་ལགས་ཨྰ་རིའི་དམངས་གཙོའི་ཚོགས་པ་ནས་ཨ་རིའི་སྲིད་འཛིན་གྱི་འདེམས་བསྐོ་བྱེད་པའི་མིང་དབང་ཐོབ་ཡོད་ཀྱང་། འདེམས་ཡ་ཨ་རའི་སྤྱི་མཐུན་ཚོགས་པའི་ཇྷོར་ཇྷི་བྷུ་ཧྲི་ (George W. Bush)དང་མ་དོ་བས་སྲིད་འཛིན་དང་པོའི་ཐོབ་ཐང་མ་ཟིན། དེ་ཡང་ཁྲིམས་ཁང་ཆེན་མོས་བྷུ་ཧྲི་ཡི་དབང་དུ་བཏང་ནས་རྩོད་པ་ཅུང་ཡོད་པའི་ཧྥི་ལོ་རེ་དྰའི་Floridaའདེམས་ཤོགས་ལ་ཡང་བསྐྱར་རྩིས་མཐར་བྷུ་ཧྲི་རྒྱལ་ཁ་ཐོབ་པས་རེད།
༢༠༠༧གྱི་ལོར་ཨྰལ་གྷོར་ལགས་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་(Noble Peace Prize) གཙོར་བྱས་པའི་བྱ་དགའ་ཁ་ཤེས་ཐོབ། སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་གི་ཆེད་དོན་ཚོགས་ཆུང་དང་མཉམ་དུ་ཞི་བདེའི་བྱ་དགའ་ཐོབ་པ་དང་། ཁོང་གི་དེང་གི་བརྙན་འཕྲིན་ (Current TV) ལ་༢༠༠༧་གི་ཨ་རིའི་ཆེས་མཐོའི་བརྙན་འཕྲིན་(Primetime Emmy) གྱི་བྱ་དགའ་དང་༢༠༠༥་ཡི་ལོའི་དྲ་གནས་ (Webby) ཀྱི་བྱ་དགའ་ཐོབ་པ་རེད། ད་དུང་ཁོང་རང་ཉིད་འཁྲབ་མཁན་གཙོ་བོར་བྱས་ཡོད་པའི་༢༠༠༦་གི་དངོས་བཀོད་གློག་བརྙན་སྟབས་མི་བདེ་པའི་བདེན་པ་ཞིག་(An Inconvenient Truth)ཞེས་པ་དེས་༢༠༠༧་གྱི་ལོའི་ཨོ་སུ་ཁྰ་ཡི་(Oscar)་བྱ་དགའ་ཐོབ།
ད་ལྟར་ཨྰལ་གྷོར་ལགས་ནི་གནམ་གཤིས་སྲུང་སྐྱོབ་གནའ་འབྲེལ་(Alliance for Climate Protection ) གྱི་གསར་འཛུགས་མཁན་དང་དེའི་ཚོགས་གཙོ་ཡང་ཡིན། སྐྱེ་སྲེང་མ་དངུལ་བདག་གཉེར་ (Generation Investment Management) ་གྱི་མཉམ་འཛུགས་མཁན་དང་དེའི་ཚོགས་གཙོ། དེང་གི་བརྙན་འཕྲིན་ (Current TV) གྱི་མཉམ་འཛུགས་མཁན་དང་དེའི་ཚོགས་གཙོ། Apple ཀུང་སིའི་དབང་འཛིན་ཚོགས་མི་དང་། Google གི་བྱུས་འདོན་པ་རྒན་པ་ཞིག་སོགས་ཡིན་པ་མ་ཟད་ཐེབས་རྩ་ཉེན་མཆོང་ལས་ཁུངས་ Kleiner Perkins Caufield & Byers ཀྱི་གནམ་གཤིས་འགྱུར་ལྡོག་གི་ཐབས་སྟོན་ཚོགས་ཆུང་གི་འགོ་འཛིན་ཡང་ཡིན། ད་དུང་ཁོང་ནི་དབུས་ཐྲེན་ནེ་སེ་མངའ་སྡེའི་(Tennessee)སློབ་གྲྭ་ཆེན་མོའི་སློབ་གླིང་དང་ཁོ་ལུམ་བྷེ་ཡ་(Columbia) སློབ་གྲྭ་ཆེན་མོའི་གསར་འགྱུར་རིག་པའི་ལྟ་སྐོར་དགེ་རྒན་ཆེན་མོ་ཡིན་པ་དང་། ཧྥེ་སི་ཁི་(Fisk) སློབ་གྲྭ་ཆེན་མོ་དང་ལོ་སི་ཨྰན་ཇེ་ལེ་སིའི་(Los Angeles) ཁྰ་ལེ་ཧྥོ་ནེ་ཡྰའི་(California) སློབ་གྲྭ་ཆེན་མོ་སོགས་ཀྱི་ལྟ་སྐོར་དགེ་རྒན་ཆེན་མོ་ཡང་ཡིན་ནོ།།


