མི་སྣ་ངོ་སྦྲོད།
བཀྲ་ཤིས་རྡོ་རྗེ།
བཀྲ་ཤིས་རྡོ་རྗེ་ནི་༡༩༦༣་ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོངས་ཁུལ་དུ་སྐྱེས་ཤིང་། ༡༩༨༦ལོར་མཚོ་སྔོན་ཞིང་ཆེན་སྦྲགས་སྲིད་སློབ་གྲྭ་ནས་མཐར་ཕྱིན།
གློག་འཕྲིན་ལག་རྩལ་མཁས་པ་དང་སློབ་འབྲིང་གི་དགེ་རྒན་ཡང་བྱས་མྱོང་།
༡༩༩༢ལོ་ནས་༡༩༩༤ལོའི་བར་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོབ་མཁན་ཆེན་མོ་རྒྱས་བསང་བསོད་ནམས་དར་རྒྱས་དང་མཉན་དུ་གཙོད་སྲུང་སྐྱོབ་ཀྱི་ལས་ཀ་གཉེར། ༡༩༩༤ལོ་ནས་༡༩༩༦ལོའི་བར་དུ་རྒྱས་བཟང་བསོད་ནམས་དར་རྒྱས་ཀྱི་མཛད་རྗེས་༼བརྗིད་ཆེ་བའི་རྣམ་ཤེས་༽ཞེས་པའི་དཔེ་དེབ་བརྩམས་བ་མ་ཟད་༼བསོད་ནམ་དར་རྒྱས།༽ཞེས་པའི་གློག་བརྙན་ནང་དུ་ཁོང་རང་རང་ཉིད་ནས་དངོས་སུ་མི་སྣ་གཙོ་བོ་འཁྲབ་སྟོན་བྱས།
༡༩༩༨ལོའི་ཟླ་བ་༥བར་མདོ་དབུས་མཐོ་སྒང་གི་ཆེས་ཐོག་མའི་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རྩ་འཛུགས་བྱས་ཤིང་མིང་ལ་འབྲི་སྟོད་སྐྱེ་ཁམས་ཁོར་ཡུག་མཐུན་ཚོགས་ཞེས་བཏགས།
༢༠༠༢་ལོ་ནས་བཟུང་ཁོང་ཉིད་འབྲི་ཆུའི་འགོ་ཁུངས་དཔལ་འབྱོར་སྐུལ་འདེད་ཚོགས་པའི་དྲུངས་ཡིག་གཞོན་པའི་འགན་ཁུར།
ཁོང་གིས་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཆེས་ལས་མཁས་པ་དང་ས་གནས་ཀྱི་དམངས་ཚོགས་གཅིག་ཏུ་བསྡུས་ནས་ཁོར་ཡུག་སློབ་གསོ་དང་། མ་འོངས་ཁོར་ཡུག་གི་སླར་གསོའི་ཐབས་ལམ་འཚོལ་བའི་བྱ་གུལ་རབས་དང་རིམས་པ་མང་པོ་སྤེལ་ལ་བྱ་དགའ་རིམས་བ་མང་པོ་ཐོབ། སྐྱེ་ཁམས་སྲུང་སྐྱོབ་ལ་བྱས་རྗེས་གང་མང་བཞག་པར་བརྟེན་ཁོང་ལ་༢༠༠༦ལོའོ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཀྲུང་གོའི་ལོ་རེའི་དཔལ་འབྱོར་དང་སྤྱི་ཕན་གཟེངས་རྟགས་ཕུལ།
བཀྲ་རྡོའི་ཕ་ཡུལ་ནི་མཚོ་སྔོན་འབྲི་སྟོད་རྫོང་བསོད་རྒྱལ་ཞང་ཡིན་པ་དང་བསོད་ནམ་དར་རྒྱས་དང་ཁོང་གཉིས་ནི་སྡེ་བ་གཅིག་གི་མི་ཡིན། ད་ལྟ་ཁོང་གིས་ཆུ་བོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་པའི་འགན་འཛིན་གྱི་ལས་གནས་བཟུང་ནས་སྔར་བཞིན་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་ཁོར་ཡུག་ལ་ཞབས་འདེགས་སྒྲུབ་བཞིན་ཡོད་དོ།


