Tibetan Blue Tent
Gift Shop

Locations of visitors to this page


འཛམ་གླིང་མི་འབོར་གྱི་ཉིན་མོ།
世界人口日
World Population Day
2009.7.11.

འཛམ་གླིང་མི་འབོར་གྱི་ཉིན་མོ་ནི་སྤྱི་ཟླ་༧་༡༥་སྟེ་འཛམ་གླིང་གི་མི་འབོར་གྱི་དཀའ་ངལ་གོ་རྟོགས་སྤེལ་བའི་
བྱེད་སྒོ་ཞིག་ཡིན།  བྱེད་སྒོ་འདི་ནི་སྤྱི་ལོ་༡༩༨༧ལ་མཉན་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་རྣམས་གྲངས་ཀྱིས་
གསར་སྤེལ་བྱས་ཤིང་སྐབས་དེ་དུས་འཛམ་གླིང་གི་མི་འབོར་དུང་ཕྱིར་ལྔ་ཟིན་ཡོད་པ་དང་།

༢༠༠༧ལོའི་སྤྱི་ཟླ་༧་༡༡་གི་ཉིན་ནི་འཛམ་གླིང་མི་འབོར་གྱི་བྱེད་སྒོ་སྤེལ་ནས་ལོ་ངོ་༢༠་འཁོར་བའི་དུས་སྟོན་
ཡིན་པ་དང་ལོ་དེར་འཛམ་གླིང་གི་མི་འབོར་ཐེར་འབུམ་དྲུང་དང་དུང་ཕྱིར་བདུན། བྱེ་བ་གཉིས་དང་ས་ཡ་བདུན།
ལྔ་འབུམ་ལྔ་ཁྲི་གཅིག་སྟོང་གཉིས་བརྒྱ་དྲུག་བཅུ་རེ་གསུམ་ལ་༼༦༧༢༧༥༥༡༢༦༣༽སླེབས་ཡོད།

འཛམ་གླིང་གི་ཡུལ་ཕྱོགས་ཀུན་ཏུ་ནུས་ཤུགས་ཐོན་ཁུངས་དང་ཟ་མའི་ཐོན་ཁུངས། ཆུ་ཡི་ཐོན་སོགས་འདང་མིན་
ཀྱི་དཀའ་ངལ་སོགས་འཛམ་གླིང་གི་མི་འབོར་འཕེལ་བ་མང་དྲགས་པ་རྒྱུ་རྐྱེན་ཡིན་ཞིང་།  དེ་ཡི་རྩ་བ་བུད་མེད་
ལ་ཐུག་ཡོད་སྟབས་བུད་མེད་ལ་ཤེས་ཡོན་དགོས་པ་ནི་དཀའ་ངལ་དེ་དག་གི་གཞི་རྩ་གཙོ་བོའི་གྲས་ཞིག་ཡིན།

དེར་བརྟེན་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པ་ནི་བུ་མེད་ལ་ཤེས་ཡོན་སྤྲོད་དགོས་པ་ནི་དཀའ་ངལ་སེལ་བའི་
ཐབས་ལམ་ཞིག་ཡིན་བ་ཡིད་ཆེས་ཡོད། འཛམ་གླིང་མི་འབོར་གྱི་ཉིན་མོ་འདིར་ང་ཚོ་ཚང་མས་བུད་མེད་གྱི་
ཤེས་ཡོན་ལ་ཐུགས་འཁུར་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ received Tibetads.com