༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།དྲི་བ་དྲི་ལན།

བོད་ཀྱི་གངས་རི་དང་ཆུ་བོ་ཆེན་པོའི་རིགས་ལོ་རེར་ནས་ལོ་རེར་ཇེ་ཆུང་དུ་འགྲོ་བཞིན་པ་དང་།   རང་བྱུང་གི་མཚོ་དང་མཚེའུ་ལྟེང་པ་སོགས་རིམ་གྱིས་སྐམ་ནས་བྱེ་ཐང་དུ་འགྱུར་ བཞིན་པ་འདིས་རྒྱལ་ཁབ་གཞན་དག་པ་གནོད་ཤུགས་ཐེབས་ཀྱི་ཡོད་དམ།

ཨ་མདོ་བ་ཚེརིང་མགོན་པོ་ནས།


དྲི་བ་དང་པོ།

བོད་ཀྱི་གངས་རི་དང་ཆུ་བོ་ཆེན་པོའི་རིགས་ལོ་རེར་ནས་ལོ་རེར་ཇེ་ཆུང་དུ་འགྲོ་བཞིན་པ་དང་།   རང་བྱུང་གི་མཚོ་དང་མཚེའུ་ལྟེང་པ་སོགས་རིམ་གྱིས་སྐམ་ནས་བྱེ་ཐང་དུ་འགྱུར་བཞིན་པ་འདིས་
རྒྱལ་ཁབ་གཞན་དག་པ་གནོད་ཤུགས་ཐེབས་ཀྱི་ཡོད་དམ།

ཨ་མདོ་བ་ཚེརིང་མགོན་པོ་ནས།

དྲི་བ་དང་པོའི་ལན།

བོད་ས་སྒང་ནི་འཛམ་གླིང་གི་ཆུ་བོའི་མ་ལག་ཆེ་གྲས་༡༠ཡི་འབྱུང་ཁུངས་ཡིན་པ་དང་།  ཆུ་བོ་དེ་རྣམས་སྨད་ཏུ་བབས་ཏེ་སའི་གོ་ལའི་མི་གྲངས་མང་ཤོས་ཀྱི་ས་ཁུལ་དག་འཚོ་སྐྱོང་བྱེད་པ་ཡིན། 
ཀྲུང་གོ་དང་།  རྒྱ་གར།  བལ་ཡུལ། འབྲུག་ཡུལ། བྷང་ག་ལ། པ་ཀེ་སི་ཐན། ཡོའི་ནན། འབར་མ། ཁམ་པོ་དྲི་ཡ།
ལའོ། ཐའེ་གོ་སོགས་ནི་བོད་ཀྱི་ཆུ་འཛིན་གཞོང་དང་ཆུ་བོར་བརྟེན་ནས་འཚོ་དགོས།
དེའི་འཛམ་གླིང་གི་མི་གྲངས་ཀྱི་བརྒྱ་ཆའི47ཟིན་ཡོད།
གོང་དུ་བཤད་པའི་ཆུ་བ་དེ་རྣམས་ཀྱི་འབྱུང་ཡུལ་ནི་སྟོད་ཀྱི་གངས་རི་དང་འཁྱགས་རོམ།

བར་གྱི་མཚོ་དང་མཚེའུ། འདབས་ཀྱི་ལྟེང་ཀ་དང་ཆུ་ཕྲན་བཅས་ཡིན་པ་དང་། རྩ་རྩི་ཐོག་གིས་གྱོགས་པའི་
སྤངས་ལྗོངས་དང་རྩྭ་ཐང་། ལྗོན་ཤིང་ཆེ་ཆུང་གིས་སྟུག་པའི་ནགས་ཚལ་སོགས་ཀྱིས་ཆར་ཆུ་སྡུད་ཅིང་
འཛིན་པ་ཡིན་པས།   གལ་སྲིད་དེ་རྣམས་ལ་གཏོར་བཤིག་ཐེབས་ཚེ། བོད་ཀྱི་འདབས་འབྲེལ་ཡུལ་
གྲུ་རྣམས་ལ་རང་བྱུང་གི་འཇིགས་པ་འབྱུང་བ་མ་ཟད། འཛམ་གླིང་སྤྱིའི་སྐྱེ་ཁམས་ལའང་རྐྱེན་ངན་
འབྱུང་རྒྱུ་གདོན་མི་ཟའོ།།

སྐྱེ་ཁམས་ཐེབས་རྩ་ཚོགས་པ།

དྲི་བ་གཉིས་པ།

གལ་སྲིད་གོ་ལ་ཧྲིལ་བོར་ཆ་མཉམ་གྱིས་གནོད་ཤུགས་ཐེབས་ཀྱི་ཡོད་ན།  གནོད་རྐྱེན་དེ་བསྲུང་བའི་
ཐབས་ཤེས་ཡོད་དམ།

ཨ་མདོ་བ་ཚེརིང་མགོན་པོ་ནས།

དྲི་བ་གཉིས་པའི་ལན།

ཁྱེད་ཀྱི་དྲི་བ་འདི་ལ་རྒྱ་ཡིག་དུས་དེབ་ཅིག་སྟེ།  སྐྱེ་ཁམས་ཁོར་ཡུག་དང་སྲུང་སྐྱོབ།  ཅེས་པའི་འདོན་ཐེངས་
༢༠༠༥སྤྱི་ཟླ་༡༢པའི་སྟེང་དུ།   སྡེ་རོང་ཚེ་རིང་དོན་གྲུབ་མཆོག་གིས་བྲིས་པ།  "བོད་ས་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་
སྐོར་གྱི་དགོངས་འཆར་འགའ།"ཞེས་པའི་དཔྱད་རྩོམ་ལས་དོན་ཚན་བཅུ་ཡོད་པ་སྙིང་བསྡུས་ཀྱིས་
ཕབ་བསྒྱུར་བྱས་པ་གཤམ་གསལ་དུ།

དང་པོ།     
ཕན་ནུས་ལྡན་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པ།

གཉིས་པ།  
གདོད་མའི་སྐྱེ་ཁམས་རིག་གནས་སོར་ཉར་ཁུལ་འཛུགས་པ།

གསུམ་པ།  
མི་སྡོད་སར་མི་དང་རི་ཆགས་སར་རི།   སྐྱེ་ཁམས་ཆེད་ཏུ་ཡུལ་མི་གནས་སྤོ་བ།   མི་མེད་སྐྱེ་ཁམས་ས་ཁུལ་འཛུགས་པ།

བཞི་བ། 
བོད་ས་སྒབང་གི་རང་བྱུང་རང་བྱུང་སྲུང་སྐྱོབ་ལས་གཞི་དེ་ཡུན་རིང་ཞིང་ཕན་ནུས་དང་ལྡན་པར་ལག་བསྟར་བྱ་དགོས།

ལྔ་བ། 
ཤིང་འཛུགས་ནགས་བསྐྱེད་དང་རྩྭ་འདེབས་སྤང་བསྐྱེད་ཀྱི་ལས་དོན་ཕན་ནུས་ལྡན་པར་སྤེལ་དགོས།

དྲུག་པ།    
བོད་ས་སྒང་མཁའ་སྐྱོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རུ་ཁག་རྩ་འཛུགས་བྱ་དགོས།

བདུན་པ། 
ཐོན་ཁུངས་མཉམ་སྤྱོད་དང་།  མ་རྩ་མཉམ་འཁུར་གྱིས་སྐྱེ་ཁམས་ཁོར་ཡུག་སླར་གསོའི་སྐྱིན་ཚབ་ལམ་སྲོལ་འཛུགས་དགོས།

བརྒྱད་པ།  
ཐོན་ཁུངས་རིགས་སྐྱིན་ཚབ་སྤྲོད་རྒྱུ་ཡོད་པའི་སྔོག་འདོན་དང་བེད་སྤྱོད་ཀྱི་ལམ་སྲོལ་འཛུགས་པའི་རེ་བ་འདོན་པ།

དགུ་བ།     
བོད་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་དེང་རབས་བཟོ་ལས་དར་ན་མི་འཚམས།

བཅུ་བ།    
བོད་ཁུལ་དུ་སྐྱེ་ཁམས་རྒྱལ་དམང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ལམ་ལུགས་ཁྱབས་བརྡལ་གཏོང་བ།

སྐྱེ་ཁམས་ཐེབས་རྩ་ཚོགས་པ།

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com