སྐྱེ་ཁམས་ཤེས་བྱ།


སའི་གོ་ལ།

སའི་གོ་ལ་ནི་ཉི་མ་ནས་རྩིས་བའི་རྒྱུ་སྐར་ཨང་གསུམ་པ་དང་།ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ དག་ལས་སྲ་ཤིང་འཁྲེགས་པའི་རྒྱུ་སྐར་ཆེ་གྲས་ཞིག་ཡིན། དེ་ལ་འཛམ་བུ་གླིང་དང་རྒྱུ་སྐར་སྔོན་པོ། ད་དུང་སའི་གོ་ལ་ཞེས་ཀྱང་ཟེར།
དེ་ནི་བྱ་དངོས་འབུམ་ཕྲག་དུ་མའི་ཁྱིམ་ལྟ་བུ་ཡིན་ལ་མིའི་རིགས་ཀྱང་དེར་འདུ་བ་ཡིན། སའི་གོ་ལ་ནི་བར་སྣང་སྟོང་བའི་དབྱིངས་སུ་ཚེ་སྲོག་འཚོ་གནས་བྱེད་ཐུབ་པའི་གོ་ལ་ཉེག་གཅིག་ཡིན། ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཆེན་པོ་བརྒྱད་ལས་ཆེ་ཆུང་ལྟར་དུ་རྩིས་པ་ཡིན་ན་ཨང་༤་ཡིན།


དབྱིན། བོད། རྒྱ།
Sun ཉི་མ 太阳
Mercury ལྷག་ 水星
Venus པ་སངས་ 金星
Earth སའི་གོ་ལ་ 地球
Mars མིག་དམར་ 火星
Jupiter ཕུར་བུ་ 木星
Saturn སྤེན་པ་ 土星
Uranus སྐར་མ་གནམ་རྒྱལ 天王星
Neptune སྐར་མ་མཚོ་རྒྱ 海王星

ཡོངས་གྲགས་སུ་རྒྱུ་སྐར་འདི་ནི་ལོ་ངོ་ཐེར་འབུམ་༤་དུང་ཕྱུར་དང་༥་བྱེ་བ་༤ལྷག་གི་སྔོན་ནས་གྲུབ་པ་དང་དེའི་ངོས་སུ་ཚེ་སྲོག་བྱུང་སྟེ་ཕལ་ཆེར་ལོ་ངོ་ཐེར་འབུམ་གཅིག་ལྷག་འགོར་ཡོད། དེ་ནས་བཟུང་གོ་ལའི་སྟེང་གི་སྐྱེ་དངོས་སོགས་ལས་ཁ་དབུགས་ལ་འགྱུར་ལྡོག་བྱུང་སྟེ་སྲོག་མེད་དངོས་བོ་དང་སྐྱེ་དངོས་མིན་པ་དག་དེར་གནས་བར་ཆ་རྐྱེན་སྐྲུན་པ་རེད།ད་དུང་སའི་གོ་ལར་འབྲེལ་བ་ཡོད་པའི་དྲི་ངན་དབྱང་ལྡན་བང་རིམ་ཁྱབ་པ་བཀག་འགོག་དང་ས་གཞིའི་སྟེང་ཚེ་སྲོག་རྒྱུན་སྲིང་བྱེད་ཐུབ་པ་རེད། ས་གཞིའི་འབྱོར་བ་སྟེ་ས་ཁམས་རིག་པའི་ལོ་རྒྱུས་དང་རྒྱུ་སྐར་འཁོར་ལམ་སོགས་ཀྱིས་ཚེ་སྲོག་དག་དུས་རིམ་འདིའི་བར་དུ་རྒྱུན་སྐྱོང་བར་མཐུན་རྐྱེན་སྐྲུན་པ་དང་།ཉི་མའི་འོད་ཚད་ཇེ་མཐོར་སོང་སྟེ་སྐྱེ་དངོས་རིམ་པའི་ཁ་དབུགས་དེ་མེད་པར་མ་བཟོ་བར་ཏུ་སའི་གོ་ལས་མུ་མཐུད་དུ་ཚེ་སྲོག་དག་ལ་ད་དུང་ལོ་ངོ་ས་ཡ་1.5ལྷག་རིང་ལ་ཚེ་སྲོག་གི་མཐུན་རྐྱེན་ལ་རོགས་རམ་བྱེད་ཐུབ།

གོ་ལའི་ཕྱི་ངོས་ནི་སྲ་བརྟན་གྱི་ཁག་དུ་མར་བགོས་ཡོད་པ་དང་ས་ཤུན་ལས་གྲུབ་པ་ཡིན་ལ། དེའི་ངོས་དེ་རུ་འགུལ་སྐྱོད་བྱས་ཏེ་ལོ་ངོ་དུང་ཕྱུར་དུ་མར་གནས་པ་རེད། ཕལ་ཆེར་ངོས་དེའི་བརྒྱ་ཆའི་71་ཚྭ་ཆུས་བཟུང་ཡོད་པ་དང་ལྷག་མ་རྣམས་ལས་གླིང་དང་གླིང་ཕྲན་གྲུབ་ཡོད།
ཆུ་ནི་སྲོག་ལྡན་དག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་པས་དེ་རྒྱུ་སྐར་གང་རུང་གི་སྟེང་དུའང་ཡོད་པ་མ་རེད།སའི་གོ་ལས་ནམ་མཁའི་ད བྱིངས་ཀྱི་ཕྱི་རོལ་གྱི་ཉི་མ་དང་ཟླ་བ་ཁུངས་སུ་གཏོགས་པའི་དངོས་བོར་ནུས་པ་འདོན་བཞིན། ད་ལྟ་སའི་གོ་ལས་ཉི་མར་སྐོར་བ་རྒྱག་ཐེངས་རེར་གོ་ལ་རང་གི་སྲོག་ཤིང་ལ་ཐེངས་366.26འཁོར་སྐྱོད་བྱེད་བཞིན་ཡོད་པ་ནི་མི་ལོ་གཅིག་གི་རིང་ཚད་དེ་ཉིན་ཞག་365.26 དང་མཚུངས། སའི་གོ་ལའི་འཁོར་མདའ་ནི་ཏུའུ་23.4° གསེག་ཏེ་འཁོར་སྐྱོད་ཀྱི་ངོས་སུ་ཐད་གཏུག་བྱས་ཡོད་པ་དང་། དེ་ལས་ལོ་གཅིག་ནང་གི་རྒྱུ་སྐར་ངོས་ཀྱི་དུས་ཚིགས་ཀྱི་འགྱུར་བ་དེ་བྱུང་བ་རེད།ཉིན་ཞག365.24སའི་གོ་ལའི་རང་བྱུང་གི་རྒྱུ་སྐར་ཏེ་ཟླ་བས་ལོ་ངོ་ཐེར་འབུམ་4.53ལྷག་གི་སྔོན་ནས་སའི་གོ་ལར་སྐོར་བ་རྒྱབ་པ་དང་དེའི་འཁོར་སྐྱོད་མདའི་གསེག་ཚད་གཏན་འབེབས་དང་རྒྱུ་སྐར་གྱི་འཁོར་ཚད་དལ་མོར་བྱས་པ་རེད། ཕལ་ཆེར་ལོ་ངོ་ཐེར་འབུམ་4.1དང་3.8ལྷག་གི་སྔོན་དུ་རྒྱུ་སྐར་རྣམ་ཕན་ཚུན་གཏོར་སྐྱོན་བྱུང་བ་དེས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་སའི་གོ་ལ་དང་ཟླ་བའི་ཁོར་ཡུག་འདི་སྐྲུན་པ་ཡིན་ནོ།