སྐྱེ་ཁམས་ཤེས་བྱ།


བྱུ་རུ།

སྐུལ་མ།
བྱུ་རུ་ནི་ཆུའི་ནང་དུ་གནས་པའི་སྲོག་ཆགས་དང་ཉ་རིགས་༤༠༠༠ལྷག་གནས་ཁྱིམ་ཡིན་པ་དང། ཉ་རིགས་ནི་རྒྱ་མཚོའི་དང་ཆུའི་མ་ལག་ནང་གི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། ད་ལྟའི་ཚོད་དཔག་བྱས་པ་ལྟར་ན་སྤྱི་ལོ་༢༠༣༠ལོར་འཛམ་གླིང་གི་བྱུ་རུའི་བརྒྱ་ཆ་༥༠རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད་པ་རྒྱལ་སྤྱིའི་མཁས་པ་དག་གཅིག་མཐུན་ཡིན། བྱུ་རུ་སྲུང་སྐྱོབ་ཀྱི་ཆ་ལ་ང་ཚོས་བོད་མི་རིགས་འདིས་ཞབས་འདེགས་ངེས་ཅན་སྒྲུབ་ཐུབ་པས། བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་བོད་མི་ཡོངས་ལ་བྱུ་རུ་མི་འདོག་པའི་རེ་སྐུལ་ཞུ་རྒྱུ་ཡིན།


བྱུ་རུ་མེད་པར་བྱེད་ཐབས།

  1. ད་ལྟ་རང་ལ་ཡོད་པའི་བྱུ་རུ་བཙོང་ནས་དངུལ་རྣམས་རང་གི་བྱིས་པའི་སློབ་ཡོན་ལ་གཏོང་བ།

  2. ད་ལྟ་རང་ལ་ཡོད་པའི་བྱུ་རུ་བཙོང་ནས་དངུལ་རྣམས་ཀྱིས་རང་ཁྱིམ་དུ་ཁྲུས་ཁང་རྒྱག་པ།

  3. ད་ལྟ་རང་ལ་ཡོད་པའི་བྱུ་རུ་རྣམས་ས་གནས་བོད་སྨན་ཁང་གི་སྨད་རྫས་ཀྱི་ཞལ་འདེབས་སུ་འབུལ་བ།

  4. ད་ལྟ་རང་ལ་ཡོད་པའི་བྱུ་རུ་བཙོང་ནས་དངུལ་རྣམས་ཀྱིས་སློབ་གྲྭའི་མཁོ་ཆོས་ཉོ་བ།

  5. ད་ལྟ་རང་ལ་ཡོད་པའི་བྱུ་རུ་རྣམས་མེད་པར་བྱས་ཏེ་རྗེས་ཕྱོགས་སུ་བྱུ་རུ་མི་ཉོ་བ།

གཟབ་ནན།

མི་གཞན་གྱི་ལག་ཏུ་སྨད་རྫས་ཀྱི་ཞལ་འདེབས་མ་སྐུར།
སློབ་གྲྭའི་མཁོ་ཆོས་གང་དགོས་རང་ཉིད་ཀྱིས་ཉོ་བ་མ་གཏོགས་དངུལ་གཞན་ལག་ཏུ་མ་འཇོགས།