རྐྱང་།
རྐྱང་ནི་འོ་གསོའི་སྲོག་ཆགས་ཀྱི་ནང་ནས་གཟུགས་པོ་ཆེ་བའི་གྲས་ཤིག་དང་རྟ་རྒྱུད་ཅན་གྱི་རི་དྭགས་ཞིག་
ཡིན། རི་དྭགས་འདི་ནི་འཛམ་གླིང་སྟེང་མདོ་དབུས་མཐོ་སྒང་ན་མ་གཏོགས་མེད།
ཁག་ཅིག་གིས་རྐྱང་ཞེས་
འབོད་ལ། ཡང་ཤས་ཀྱིས་རི་རྐྱང་སྔོན་མོ། བོད་རྐྱང་།
ཤར་ཕྱོགས་ཀྱི་རྐྱང་ཡང་ཟེར་སྲོལ་ཡོད། རྐྱང་ནི་
རྒྱུན་དུ་སྤང་རི་དང་རྩ་ཐང་རྫ་རི་སོགས་མཐོ་ཚད་རྒྱ་མཆོ་ནས་སྨིས་༤༠༠༠དང་༧༠༠༠གི་སར་གནས་སྡོད་
བྱེད་པ་དང་།
ཕྲག་གོང་སྨིས་༡་སྐར་མ་༤༠་མཐོ་བའི་རི་དྭགས་ཀྱི་ནང་ནས་རི་དྭགས་ཆེ་ཤོས་ཞིག་ཡིན།
ཡང་ཁག་ཞིག་གིས་དེ་ནི་ཡ་གླིང་གི་རྐྱང་གི་རིགས་འཕར་མ་ཞིག་ཡིན་པར་ཡང་བཤད་ཡང་།
ཉེ་ཆར་
ཆ་རྡུལ་མཁས་པའི་ཞིབ་འཇུག་གི་གྲུབ་འབྲས་ལྟར་ན་བོད་ཀྱི་རྐྱང་ནི་རྐྱང་རིགས་གཞན་དག་ལས་ཧ་ཅང་
ཁྱད་ཆོས་མངོན་གསལ་ཅན་ཡིན་པར་བཤད་པས་བོད་ཀྱི་རྐྱང་ནི་མཐུན་མོངས་མ་ཡིན་པར་འདོད།

གཟུགས་པོའི་ཆ་ཤས།
བོད་ཀྱི་རྐྱང་གི་མགོ་ཆེ་ལ། སྣ་འབུར་དོད་པོ་ཅན། མརྔོག་མ་ཅུང་ཐུང་བ།
ཁ་དོག་དངུལ་ལམ་སྐྱ་མདོག་
ཡིན་པ་དང་།
དགུན་དུས་ཁ་མདོག་སྨུག་ནག་དུ་འགྱུར་བ་དང་དབྱར་འཇུག་གི་དུས་སུ་སྨུག་སྐྱ་སུ་
འགྱུར་གྱིན་ཡོད། དབྱར་དགུན་སྟོན་དབྱིད་མེད་པད་སྦུ་རྫིང་སྟུག་པོ་ཡོད། འོན་ཀྱང་དབྱར་དུས་སུ་སྦུ་ཡི་
རིང་ཐུང་ལ་སྐར་མ་་(cm) 1.5
དང་། དགུན་དུས་སུ་གནམ་གཤིས་གྲང་མོ་ཡིན་དུས་སྦུ་ཡི་རིང་ཚད་
ལྡབ་གཅིག་ཇེ་རིང་དུ་འགྲོ་ཡིན་ཡོད། རྐང་པ་དང་། ལྟོ་ཞབས། མཆུ་མཐའ།
ཕྲག་ཟུར་སོགས་དཀར་པོ་
ཡིན་ཡང་།
རྔོག་མ་ནས་རྔ་མའི་འཇུག་བར་དུ་ཞིང་ཁ་ཅུང་ཆེ་བའི་སྨུག་ནག་ཁྲ་ཐིག་རིང་པོ་ཞིག་ཅིང་
ཀྱང་ཡོད། བོད་རྐྱང་ལ་རིགས་གཅིག་ཕོ་མོའི་དབྱེ་བ་ཡང་ཅུང་ཙམ་ཡོད་པ་རེད།
རིགས་ཕར་མ།
ཡང་ཁ་ཤས་ཀྱིས་བཤད་ན་རྐྱང་ལ་རིགས་ཕར་མ་ཡོད་པ་དང་།
དེའི་མངོན་གྱུར་གྱིས་གྲངས་འབོར་
མང་ཉུང་ནས་དབྱེ་འབྱེད་ཐུབ་པ་དང་། མགོ་རུས་དང་མདུན་སོ། རྐུབ་ཀྱི་དབྱིབ།
ཁ་མདོག གཟུགས་པོའི་
ཆེ་ཆུང་སོགས་ལ་ཁྱད་ཆོས་མི་འདྲ་བ་ཡོད།
ད་དུང་ཤར་ཕྱོགས་ཀྱི་རྐྱང་ནི་རིགས་ཕར་མའི་ནང་གི་
གཟུགས་པོ་ཆེ་ཤོས་དང་ཡིན་པ་དང་།
ནུབ་ཕྱོགས་ཀྱི་རྐྱང་ནི་དེ་ལས་ཅུང་ཆུང་བ་དང་ལྷོ་ཕྱོགས་ཀྱི་
རྐྱང་ནི་ཆུང་ཤོས་ཏེ་ཡིན་པར་བཤད།