སྐྱེ་ཁམས་ཤེས་བྱ།


དུས་ཡུན་རིང་བོའི་ཁྲོད་ཀྱི་ཆུའི་འགྱུར་ལྡོག

ཆུ་ཁམས་འཁོར་སྐྱོད་ཀྱིས་ཆུ་ཁམས་ཀྱི་ཆུའི་འགུལ་སྐྱོད་ཀྱི་གོ་རིམ་ལ་གསལ་བཤད་བྱས་ཡོད་ཀྱང་། ཆུ་མང་ཆེ་ཤོས་ཞིག་འཁོར་སྐྱོད་ནང་འགུལ་སྐྱོད་བྱེད་པ་དང་ཆུ་མཛོད་དུ་དུས་ཡུན་རིང་པོར་གནས་པ་ཡོད།  
སའི་གོ་ལའི་ཆུ་མང་ཤོས་རྒྱ་མཚོའི་ནང་དུ་གསོག་འཇོག་བྱས་ཡོད་དེ། ཆུ་ཡོངས་ཀྱི་གྲངས་ཚད་ལ་སྤྱི་ལེ་(k3)རྒྱ་དཔངས་གྲུ་བཞི་མ་༡༣༨༦༠༠༠༠༠༠་ཙམ་ཡོད་པ་ཚོད་རྩིས་བྱས་ཡོད་པས། རྒྱ་མཚོ་རུ་ཆུ་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ་༡༣༣༨༠༠༠༠༠༠་ཙམ་མཁོ་སྤྲོད་དང་གསོག་འཇོག་བྱས་ཡོད། དེས་ཕལ་ཆེར་བརྒྱ་ཆ་དགུ་ཅུ་གོ་ལྔ་ཙམ་ཟིན་ཡོད་ཅིང་། ད་དུང་བརྒྱ་ཆ་དགུ་ཅུ་ཙམ་གྱི་རླངས་འགྱུར་ནི་རྒྱ་མཚོ་ལས་ཡོང་བར་བརྩིས་ཡོད།

གནམ་གཤིས་གྲང་བའི་དུས་སྐབས་སུ་འཁྱགས་རོམས་དང་འཁྱགས་ཀླུང་མང་ཙམ་གྲུབ་པས་ཆུ་འཁྱགས་རོམ་གྱི་ཚུལ་དུ་གསོག་འཇོག་བྱས་ནས་ཆུ་ཁམས་འཁོར་སྐྱོད་ནང་གི་ཆུ་ཉུང་དུ་འགྲོ་ན་ཡིན། གནམ་གཤིས་དྲོ་བའི་སྐབས་སུ་དེ་ལས་ལྡོག་ཡོད། སྔོན་གྱི་འཁྱགས་ཀླུང་དུས་རབས་སུ་སའི་གོ་ལའི་སྐམ་སའི་གསུམ་ཆ་གཅིག་འཁྱགས་ཀླུང་གིས་ཁེངས་ཡོད་པས་དེ་དུས་ཀྱི་རྒྱ་མཚོ་ད་ལྟའི་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་དང་བསྡུར་ན་སྤྱི་ཁྲི་(m)༡༢༢་ཙམ་དམའ་བ་ཡིན། དེ་ནས་ཕལ་ཆེར་ལོ་གྲངས་༡༢༥༠༠༠་ཙམ་གྱི་སྔ་རོལ་དུ་བྱུང་བའི་འཛམ་གླིང་དྲོད་ཚད་འཕར་ཡོང་དུས། རྒྱ་མཚོའི་ངོས་ཀྱི་མཐོ་ཚད་ད་ལྟ་དང་བསྡུར་ན་སྤྱི་ཁྲེ་༥་དང་གྲངས་ཆུང་༥་ཡི་མཐོ་བ་ཡིན། ཕལ་ཆེར་ལོ་གྲངས་ས་ཡ་གསུམ་ཙམ་གྱི་སྔ་རོལ་དུ་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་སྤྱི་ཁྲི་༥༠་ཡིས་མཐོ་བ་ཡིན།

སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆུང་(PICC)གིས་༢༠༠༧ལོར་སྲིད་ཇུས་འཛིན་མཁན་རྣམས་ལ་གཅིག་མཐུན་གྱི་ཚད་རིག་གི་ལྟ་བ་ཞིག་གནད་བསྡུས་གསལ་བཤད་བྱས་ཏེ།

དུས་རབས་ཉེ་གཅིག་པའི་ནང་ཆུ་ཁམས་འཁོར་སྐྱོད་ཀྱི་མུ་མཐུད་དུ་ཤུགས་ཆེ་རུ་དགོས་པར། ཆར་ཆུ་འབབ་གྲངས་མང་དུ་འགྲོ་བའི་རྒྱུ་མཚན་མིན་ལ། ཚ་བ་བར་མ་དང་ཅུང་ཙམ་སྐམ་པོ་ཡིན་པའི་ས་ཁུལ་དུ་ཆར་ཆུ་ཉུང་དུ་སོང་བ་དང་ཐན་པ་ཡོང་བའི་ཉེན་ཁ་ཆེ་རུ་སོང་ཡོད་པར་བཤད།

འཁྱགས་ཀླུང་ཕྱིར་ནུད་ཀྱང་ཆུ་ཁམས་འཁོར་སྐྱོད་ལ་འགྱུར་ལྡོག་ཐེབས་བཞིན་པའི་དཔེ་གཅིག་ནི།  འཁྱགས་ཀླུང་དུ་འབབ་པའི་ཆར་ཆུའི་གྲངས་དེས་འཁྱགས་རོམ་ཞུ་བ་དང་བཙོ་སྦྱང་བྱས་པའི་ཆུའི་ཚབ་བྱེད་རྒྱུར་མི་འདང་བ་དང་། ༡༨༥༠་ལོ་ནས་བཟུང་འཁྱགས་ཀླུང་ཕྱིར་ནུད་བྱེད་པ་གཞི་རྒྱ་ཆེ་རུ་སོང་ཡོད།


ཆུ་ཁམས་འཁོར་སྐྱོད་འགྱུར་ལྡོག་བྱུང་བར་མིའི་རིགས་ཀྱིས་སྤེལ་བའི་བྱ་སྤྱོད།

ཞིང་ལས།

  • རླུང་ཁམས་ཆེན་མོའི་རྫས་འགྱུར་གྲུབ་བཏང་བསྒྱུར་བ།

  • ཆུ་རགས་འཛུགས་སྐྲུན།

  • ཤིང་ནགས་བཅོད་འཛུགས།

  • ཁྲོན་པ་སོགས་ནས་ས་འོག་གི་ཆུ་ཡར་འཐེན་པ།

  • ཆུ་ཀླུང་སོགས་ལས་ཆུ་འདྲེན་པ།

  • གནས་ཡུལ་གྲོང་ཁྱེར་ཅན་དུ་འགྱུར་བ།

གནམ་གཤིས་ལ་ཐེབས་པའི་ཤུགས་རྐྱེན།

ཆུ་ཁམས་འཁོར་སྐྱོད་ལ་ཉི་མས་ནུས་ཤུགས་ཐེབས་བཞིན་ཡོད། འཛམ་གླིང་གི་རླངས་འགྱུར་གྱི་བརྒྱ་ཆ་༨༦་ཙམ་རྒྱ་མཚོ་ལས་འཕྱུར་བ་ཡིན་པས། བརླང་འཕྱུར་གྲང་འགྱུར་བྱུང་བ་དེས་རྒྱ་མཚོའི་དྲོ་གྲང་དམའ་རུ་གཏོང་བ་ཡིན་ལ། གལ་ཏེ་བརླང་པ་འཕྱུར་པར་གྲང་འགྱུར་ཀྱི་ནུས་པ་མེད་ན། དྲོད་ཁང་ཤུགས་རྐྱེན་གྱིས་ས་ངོས་ཀྱི་དྲོ་གྲང་ཧྲེ་ཧྲིའི་དྲོད་ཚད(℃)༦༧་དུ་སླེབས་པ་དང་། སའི་གོ་ལ་གནམ་གཤིས་ཤིན་ཏུ་ཚ་བོར་འགྱུར་བ་ཡིན།

སྐྱེ་དངོས་ས་ཁམས་རྫས་འགྱུར་འཁོར་སྐྱོད་ལ་ཐེབས་པའི་ཤུགས་རྐྱེན།

ཆུ་ཁམས་འཁོར་སྐྱོད་ནི་སྐྱེ་དངོས་ས་ཁམས་རྫས་འགྱུར་གྱི་འཁོར་སྐྱོད་ཅིག་ཡིན་པས། ས་སྟེང་དང་ས་འོག་གི་བཞུར་ཆུ་ནི་སྐྱེ་དངོས་ས་ཁམས་རྫས་འགྱུར་གཞན་དག་འཁོར་སྐྱོད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བཞུར་ཆུ་ལ་བསླད་སྙིགས་དང་ལིན་(Phosphorite)སྐམ་ས་ནས་ཆུའི་གནས་གཞི་རུ་སྐྱེལ་འདྲེན་གྱི་འོས་འགན་ཡོད་ལ། རྒྱ་མཚོའི་ཚྭ་ཁུ་ཡང་གད་སྙིགས་དང་སྐམ་སའི་ཚྭ་ས་ལས་ཁྱེར་ཡོང་བ་ཡིན། མཚོ་དང་མཚེའུ་ཡི་འཚོ་བཅུད་ཀྱང་གཙོ་བོར་ལིན་ཡིན།  ཞིང་ལས་ཀྱི་ལུད་རྫས་སྐམ་ས་རྒྱུད་ནས་ཆུ་བོར་སྐྱེལ་འདྲེན་བྱས་པ་དང་། བཞུར་ཆུ་དང་ས་འོག་གི་རྒྱུག་ཆུ་གཉིས་ཀས་ཏན་(nitrogen)སྐམ་ས་ནས་ཆུའི་གནས་གཞི་རུ་སྐྱེལ་འདྲེན་བྱེད་པར་ནུས་པ་གལ་ཆེ་ཐོན་ཡོད།

ལུད་རྫས་ཞིང་ས་ནས་ཁྱེར་ཡོང་བས་བཙག་སྦུག་ལྟ་བུའི་ཆུ་བོའི་མ་ལག་བརྒྱུད་ནས་ཡོང་བ་ཡིན་པས། བཞུར་ཆུས་ཐེན་(carbon)གྱི་འཁོར་སྐྱོད་ལ་ནུས་ཐོན་གྱིན་ཡོད།

བོད་ཡིག

དབྱིན་ཡིག

རྒྱ་ཡིག

ཆུ་ཁམས་འཁོར་སྐྱོད

Water cycle

水循环

ཆུ་རྡུལ་ཕྲ་རབ

water molecules

水分子

རླུང་རྒྱུན

Air current

气流

བཞུར་ཆུ

Runoff

水流

རྒྱ་དཔངས་གྲུ་བཞི་མ།  (ལྷམ་་) (སུམ་བསྒྱུར་) cubic 立方米
བཙོ་སྦྱང Sublimation 升华
ས་འོག་ཆུ་གསོག་བང་རིམ aquifers 含水层
གོང་བུར་འཁེང་བ

Condensation

凝结

བོངས་ཚད

Volume

体积

ཏན

Nitrogen

སྲོག་མེད་ས་ཁུལ

Dead zone

死区

ཟེ་ཚྭའི་སྐྱུར

nitrate

硝酸盐

ལིན

phosphorus

དྲོད་ཁང་ཤུགས་རྐྱེན

Greenhouse effect

温室效应

བརླང་འཕྱུར་གྲང་འགྱུར

Evaporative cooling

蒸发冷却

འཕྲེད་ཐིག

equator

赤道

ཚ་བ་བར་མའི་ས་ཁུལ

subtropical land areas

亚热带地区

འཁྱགས་ཀླུང་དུས་རབས

Ice age

冰川时代

གནས་མཐུན་རྒྱུ

Isotopic

同位素

དངོས་པོའི་གྲངས་ཚད་མ་འགྱུར་བའི་ཆོས་ཉིད།

Conservation of mass

质量守恒定律

གནས་ཡུན།

residence

居留时间

སྐྱེ་ལྡན་ཕུང་པོ

organism

有机体

ས་འོག་གི་ཆུ་གསོག་བང་རིམ།

aquifer

地下蓄水层

སིམ་འཛུལ་རིམ་པ།

Vadose zone

渗流层

ལེ་དབར་རྒྱ་དཔངས་གྲུ་བཞི་མ

Squire kilometer

立方千米

གངས་མ་ཆར།

sleet

雨夹雪

འཐེན་ཤུགས།

Gravity

引力