འབྲོང་།


 

འབྲོང་ལ་སྟུག་ཅིང་འཇམ་པའི་རྩིད་པ་ཡོད་ལ་དེ་ནི་སྨུག་པོ་དང་ནག་པོ་མངོན་པ་རེད། རྩིད་པ་དེ་ཧ་ཅང་རིང་ཞིང་སར་ཐུག་ལ་ཉེ་བ་ཡོད། འབྲོང་གི་ལྗིད་ཚད་ལ་སྤྱི་རྒྱ་༡༠༠༠ཙམ་ཡོད་པ་དང་མཐོ་ཚད་ལ་སྨི་༢ཙམ་ཡོད་པ་རེད། དེ་རྒྱུན་དུ་མཐོ་སྒང་གི་ནགས་མེད་ཁུལ་དང་བདེ་ཐང་། རི་རྒྱུད་སོགས་མཚོ་ངོས་ལས་མཐོ་ཚད་སྨི་༣༢༠༠ནས་༥༤༠༠བར་དུ་ཁྱབ་པ་རེད། ངག་རྒྱུན་དུ་འབྲོང་ནི་དབྱར་དུས་ཀྱི་ཟླ་བ་༨པ་ནས་༩བར་གངས་རི་ཡོད་པའི་གནས་སུ་འཚོ་བ་དང་དེ་ནས་ས་ངོས་དམའ་ས་ནས་འདུག་བཞིན་ཡོད་པ་རེད། འབྲོང་གི་རྩྭ་དང་སྨན་རྩྭ། སྤང་རྩི་སོགས་གཟན་དུ་སྤྱོད་པ་དང་འབྲོང་དེ་ཁྱུ་བྱས་ནས་འདུག་ཅིང་ཁྱུ་རེ་འབྲོང་༡༠ནས་༣༠བར་ཡོད་པ་རེད། འོན་ཀྱང་མཚམས་རེར་འབྲོང་༡༠༠ནས་༢༠༠ཙམ་ཁྱུ་བྱས་པའང་ཡོད་པ་རེད།
འབྲོང་དེ་རེ་ཞིག་ཇོ་མོ་གླང་མའི་བྱང་རྒྱུད་ཀྱི་བོད་ཁུལ་ཡོངས་སུ་ཁྱབ་མྱོང་པ་དང་། ད་ལྟ་བོད་ཀྱི་མཐོ་སྒང་གི་ས་དང་དེ་མིན་འགའ་རེ་ཀན་སུའུ་དང་རྒྱ་གར་གྱི་ལ་དགས་ས་ཁུལ་སོགས་སུ་ཡང་ཁྱབ་ཡོད་པ་རེད། འབྲོང་དེ་ཁྱུ་བྱས་ནས་མིའི་རིགས་དང་ཐག་ཅུང་རིང་སར་གནས་ཡོད་པ་དང་། སྤྱི་ལོ་༢༠༠༣ལོའི་ཞིབ་འཇུག་ཅིག་གིས་བསྟན་པ་ན་འབྲོང་གི་ཁ་གྲངས་དེ་ལོ་བཅུའི་ཡར་སྔོན་དང་བསྡུར་ན་ཅུང་འཕེལ་བཞིན་ཡོད་ཟེར་བ་རེད།
རང་བྱུང་དང་མིའི་རིགས་གཉིས་ཀྱིས་འབྲོང་གི་ཁ་གྲངས་ཇེ་ཉུང་བཏང་བ་དང་ལྷག་པར་དུ་འབྲོང་གི་ཕྱེད་ཀ་དེ་དུས་རབས་འདིར་མེད་པར་གྱུར་པ་དང་། ད་ལྟ་གནས་པའི་འབྲོང་དག་ཀྱང་ཡུན་རིང་གནས་པར་ཚོད་དཔག་བྱ་དཀའ་བ་དང་། མིའི་རིགས་ཀྱི་གནོད་འཚེ་ཡིས་ཨྰ་ཨར་ཕེ་སུ་རི་རྒྱུད་ཀྱི་འབྲོང་དེ་མེད་པར་གྱུར་བ་དང་ཁྲག་འགྱུར་དང་རིམ་འགྱུར་སོགས་ཀྱིས་འབྲོང་དེ་སྒོ་ཕྱུགས་གཡག་ཏུ་འགྱུར་པ་རེད།

བྱུང་རིམ།
གཡག་ནི་ལོ་ངོ་བྱེ་བ་ཁྲི་ཕྲག་གི་སྔོན་ནས་བོད་ཡུལ་དུ་གནས་ཤིང་ད་ལྟ་ཡ་གླིང་གི་མཐོ་སྒང་སར་ཡོངས་སུ་ཁྱབ་ཅིང་། སྲོག་ཆགས་གླིང་གར་ཡོད་པའི་གཡག་ཏེ་སྒོ་ཕྱུགས་ཡིན་ཞིང་དེ་ནི་འབྲོང་དང་བསྡུར་ན་ཅུང་ཆུང་བ་རེད། ད་ལྟ་ཡ་གླིང་གི་མཐོ་སྒང་ས་ཆར་གཡག་གྲངས་ས་ཡ་༡༢ཡོད་པ་རེད།
འབྲོང་ནི་མཐོ་སྒང་དུ་གནས་པར་རང་བྱུང་གི་ཆ་རྐྱེན་བསྐྲུན་པ་སྟེ་དེའི་གོ་བ་མཐུག་ཅིང་མཐོ་སྒང་དུ་གནས་བར་འཚམ་པ་དང་། ད་དུང་གློ་བའི་དབུགས་འབྱིབ་རྔུབ་ནུས་པ་སོགས་ཀྱིས་མཐོ་སྒང་དུ་གནས་པར་ཆ་རྐྱེན་བཟང་བོ་བསྐྲུན་པ་རེད། འབྲོང་གི་དབྱང་དབུགས་འབྱིབ་ནུས་ཏེ་སྲོག་ཆགས་གཞན་པ་དང་བསྡུར་ན་ལྡབ་གསུམ་གྱིས་ཆེ་ཞིང་ཚ་ཁུལ་ཆེ་སར་གནས་དཀའ་བ་རེད།
གཡག་དེ་དགུན་དུས་སུ་དྲོད་ཚད་- 40 deg C ཀྱི་གནས་ཚུལ་འོག་ཏུ་གནས་ཐུབ་པ་དང་།
འབྲོང་དེ་ཁ་བ་དང་གངས་རིར་འགྲོ་བ་དང་རྐང་རྗེས་སུ་གཡག་ཀྱང་འགྲོ་བཞིན་ཡོད་པ་རེད།

ལོ་རྒྱུས་ཁྱབ་ཁུལ།
འབྲོང་དེ་ཇོ་མོ་གླང་མའི་བྱང་ཕྱོགས་རྒྱུད་ཀྱི་བོད་ཡུལ་ནས་རིམ་བཞིན་ཀྲུང་གོ་དང་རྒྱ་གར། ལ་དགས། འབྲུག་ཡུལ། བལ་བོ་སོགས་སུ་ཁྱབ་པ་དང་། སྤྱི་ལོ༡༩༧༠ལོ་ནས་བཟུང་བོད་ཡུལ་གྱི་མཐའ་འཁོབ་ས་ཁུལ་དེ་མཚོ་ངོས་ལས་མཐོ་ཚད་སྨི་༤༠༠༠ཡས་མས་སུ་ཁྱབ་པ་དང་ད་ལྟ་ཡང་འགའ་རེ་གནས་ཡོད་པ་རེད། ལྷག་པར་དུ་ཀྲུང་གོའི་ཀན་སུའུ་ཞིང་ཆེན་དང་རྒྱ་གར་གྱི་ལ་དགས་ས་ཁུལ་གྱི་ལུང་བ་ཁྲང་ཁྲེན་མྰོ་ཞེས་པར་ཁྱབ་ཅིང་། འབྲོང་དེ་ཁྱུ་བྱས་ནས་ཁྱབ་པ་དང་མིའི་རིགས་ཅུང་དབེན་སར་མང་པོ་གནས་པ་དང་། ཨྰ་ཨར་ཕེ་སུ་རི་རྒྱུད་ཀྱི་ཤར་ཕྱོགས་ནས་ནུབ་ཕྱོགས་དང་དེ་ནས་མཚོ་སྔོན་ཞིང་ཆེན་དུ་ཁྱབ་པ་དང་དེ་ནས་ཁུ་ནུ་རི་རྒྱུད་སོགས་སུ་ཡང་ཁྱབ་པ་རེད།
མིག་སྔར་ཨ་མི་རི་ཁ་དང་ཀྲུང་གོ་ཡི་ཚན་རིག་པ་འགའ་ཡི་ཞིབ་འཇུག་གིས་བསྟན་པ་ན་འབྲོང་གི་ཁ་གྲངས་དེ་ཉེ་སྔོན་གྱི་ལོ་༡༠དང་བསྡུར་ན་ཇེ་མང་དུ་འགྱུར་གྱིན་ཡོད་ལ། བོད་ལྗོངས་ནགས་ལས་སྡེ་ཁག་གིས་གདོད་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བ་དེ་གཙིགས་ཆེན་དུ་འཛིན་གྱི་ཡོད་ལ་དེ་བས་གདོད་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཇེ་མང་འགྲོ་བར་དཔག་བཞིན་ཡོད་པ་རེད།

འཇིགས་ཉེན་དང་དེའི་རྒྱུ་རྐྱེན།
རི་དགས་རྔོན་པ་ནི་འབྲོང་གི་མེད་འགྱུར་གྱི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་དུས་རབས་འདིར་ཡང་འབྲོང་གི་ཕྱེད་ཀ་ཙམ་མེད་པར་འགྱུར་བ་དང་། མིའི་རིགས་ཀྱི་གནོད་འཚེ་ཡིས་ཨྰ་ཨར་ཕེ་སུ་རི་རྒྱུད་ཀྱི་འབྲོང་དེ་མེད་པར་གྱུར་བ་དང་དེ་མིན་གཡག་གི་ནད་ཡམས་སོགས་ཀྱིས་ཀྱང་འབྲོང་གི་ཁ་གྲངས་ལ་གནོད་པ་བཟོས་པ་རེད།

སྐྱེ་དངོས་དང་སྐྱེ་ཁམས།
ཆེ་ཆུང་དང་ལྗིད་ཚད།
འབྲོང་ཕོ་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ༡༠༠༠ཙམ་ཡོད་པ་དང་འབྲོང་མོ་ཞིག་གི་ལྗིད་ཚད་དེ་ཕོའི་གསུམ་ཆ་གཅིག་ཟིན་པ་དང་། འབྲོང་གི་ཕྲག་པའི་མཐོ་ཚད་ལ་སྨི་༢ཙམ་ཡོད་པ་རེད།

སྐྱེས་ཡུལ།
འབྲོང་དེ་སྡོང་བོ་མེད་ས་དང་བདེ་ཐང་། རི་བོ་སོགས་མཚོ་ངོས་ལས་མཐོ་ཚད་སྨི་༣༢༠༠ནས་༥༤༠༠བར་གྱི་གནས་སུ་ཡོད་པ་དང་། ཨྰ་ཨར་ཕེ་སུ་རི་རྒྱུད་ཀྱི་ལུང་བ་སོགས་སུ་མང་བོ་ཁྱབ་མྱོང་པ་དང་དེ་ནས་མཐའ་འཁོར་དུ་ཁྱབ་པ་རེད།
འབྲོང་ནི་ཀྲུང་གོའི་ལྷོ་ནུབ་རི་རྒྱུད་ཀྱི་སྲོག་ཆགས་ཁྱད་པར་ཅན་ཞིག་ཡིན་པ་དང་བོད་ཡུལ་གྱི་མཐོ་སྒང་ས་ཆར་ཁྱབ་པ་རེད།

 

ལོ་ཚད།
གཡག་དེ་ལོ་༣ནས་༤ལོན་ཚེ་མངལ་སྦྲུམ་ནུས་པ་དང་ལོ་༦ནས་༨འགོར་རྗེས་ལུས་པོ་ཡོངས་སུ་སྟོབས་རྒྱས་ཤིང་དར་མར་འགྱུར་བ་རེད།
མངལ་སྦྲུམ་ཚད།
མངལ་སྦྲུམ་ཚད་ཉིན་༢༦༠ཙམ་ཡིན་པ་རེད།
བཙས་པའི་དུས་ཚིགས།
རྒྱུན་ལྡན་གྱི་བཙས་ཚད་ནི་ཟླ་༤པ་ནས་ཟླ༦པ་ཡིན་པ་དང་ཆགས་པ་སྤྱོད་ཚད་དེ་ཟླ་༩པ་རེད།
བཙས་གྲངས།
གཡག་གིས་ལོ་གཉིས་ནང་བེའུ་ཐེངས་གཅིག་རེ་བཙས་པ་དང་རྩྭ་ཞན་པའི་ས་ཁུལ་དུ་ལོ་གསུམ་རེ་ཐེངས་གཅིག་རེར་བཙས་པ་རེད། འབྲོང་གི་བཙས་ཚད་དེ་ཕལ་ཆེར་གཡག་དང་འདྲ་བ་རེད།

སྐྱེ་འཕེལ།
འབྲོང་དེ་ལོ་གཅིག་ལ་ནུ་མ་སྣུན་བཞིན་ཡོད་པ་དང་ལོ་གཅིག་གི་རྗེས་ནས་དར་མར་འགྱུར་གྱིན་ཡོད་པ་རེད།
ཚེ་ཚད།
ལོ་༢༣ཡས་མས།
གཟན།
འབྲོང་གིས་རྩྭ་དང་སྨན་རྩྭ། དེ་མིན་གངས་དང་ཁ་བའི་ཆུ་སོགས་ཀྱང་བཏུང་བཞིན་ཡོད་པ་རེད།

ཁྱད་ཆོས།
འབྲོང་གིས་རྒྱུན་དུ་ཞོགས་པ་དང་མཚན་མོར་རྩྭ་ཟ་ཞིང་གཟན་རྩྭ་ཉུང་བའི་ས་རུ་འབྲོང་དེ་རྩྭ་ས་མོད་སའི་སར་འགྲོ་བ་དང་། འབྲོང་དེ་དྲོད་ཁུལ་དང་གཟན་རྩྭའི་ཆེད་དུ་དུས་ཚིགས་བཞི་བོ་ས་ཁུལ་བརྗེ་ནས་འགྲོ་བ་རེད། འབྲོང་དེ་དུས་ཚིགས་བཞི་བོར་ཁ་བ་དང་ཆར་དྲགས་ལ་འགྲོགས་ཤིང་དེ་ནི་དྲོད་ཚད་ཏུའུ་གྲངས་ -40° C ཀྱི་གནས་ཚུལ་འོག་གནས་ཐུབ་པ་རེད། འབྲོང་གིས་མཚོ་དང་མཚེའུ་ནས་ལུས་པོ་འཁྲུ་བ་དང་དེ་ནི་ཟླ་༨པ་ནས་༩བར་ཡང་ཁ་བ་དང་འགྲོགས་ཤིང་དེ་མིན་ས་ངོས་དམའ་སར་རོལ་བཞིན་ཡོད་པ་རེད།
འབྲོང་དེ་སྲོག་ཆགས་ཧ་ཅང་སེམས་ཆུང་ཞིག་ཡིན་པ་དང་གལ་སྲིད་རྫི་བོ་ཞིག་འབྲོང་དང་བཅར་རྗེས་དེས་རྔ་མ་ཡར་བརྩེངས་ཏེ་ཐག་རིང་སར་འགྲོ་བ་རེད།

འཚོ་ཚུལ།
འབྲོང་དེ་ཁྱུ་ཆེན་པོ་བྱས་ནས་འདུག་པ་དང་ཁྱུ་ཆེན་རེ་ལ་འབྲོང་༡༠༠ཡས་མས་ཡོད་པ་དང་། ཁྱུ་དེའང་ཐོར་སླ་མོ་ཡིན་པ་དང་ཨ་རོ་བདེ་ཐང་གི་རྒྱུན་ལྡན་གྱི་འབྲོང་ཁྱུ་རེའི་ཆ་སྙོམས་ལ་འབྲོང་༢༤ཡས་མས་དང་ཆེ་བ་ལ་༥༨བར་ཡིན་ཞིང་། ཁྲང་ཐང་ཞེས་པར་འབྲོང་ཁྱུ་ཆུང་བ་རེ་ལ་འབྲོང༡༡དང་ཆེ་བ་རེ་ལ་༢༦བར་ཡོད་པ་རེད།
འབྲོང་དེ་ཁྱུ་བྱས་ནས་འཚོ་བ་རོལ་བ་དགའ་བ་དང་ལྷག་པར་དུ་འབྲོང་མོ་དེ་ཁྱུ་ཚོགས་ཆེན་མོ་ནས་འདུག་པ་དང་མཚམས་རེ་འབྲོང་མོ་༡༠༠༠རེ་འདུས་བའང་ཡོད་ལ། འབྲོང་ཕོ་དེ་རྒྱུན་དུ་ཁེར་རྐྱང་ངམ་ཡང་ན་ཁྱུ་བྱས་ནས་འདུག་ནའང་འབྲོང་༡༢ཡས་མས་ཀྱི་ཁྱུ་ནས་འདུག་པ་ཡིན།

ཁྱབ་ཁུལ།
བོད་ཡུལ་གྱི་ཁྲང་ཐང་ཞེས་བའི་12%་སར་སྤྱི་ལེ་གྲུ་བཞི་མ་༡༣གྱི་ནང་དུ་འབྲོང་རེ་ཡོད་པ་དང་ཁྱབ་ཁུལ་ཆུང་སའི་ཆ་སྙོམས་སྤྱི་ལེ་གྲུ་བཞི་མ་༣༠རེའི་ནང་དུ་འབྲོང་རེ་གནས་ཡོད་པ་རེད། ཁྱབ་ཁུལ་ཆེས་ཆུང་སའི་སྤྱི་ལེ་གྲུ་བཞི་མ༡༠༠རེར་འབྲོང་རེ་གནས་ཡོད་པ་རེད། རགས་རྩིས་ཤིག་བྱས་ན་ས་ཁུལ་འདི་དག་ཏུ་སྤྱི་ལེ་གྲུ་བཞི་མ་༤༢རེ་ནང་དུ་འབྲོང་རེ་གནས་ཡོད་པ་ཚོད་དཔག་བྱེད་པ་རེད།