བྱི་ལ་དོམ་ཆུང་།


རིགས། གཅན་གཟན།
རིགས་རྒྱུད། འོ་འཐུང་གཅན་གཟན།
ཁྱད་ཆོས།
བྱི་ལ་དོམ་ཆུང་ཞེས་པའི་རྔ་མ་དང་སྡོམས་པའི་རིང་ཚད་ལ་ཚུན་༤༢ཙམ་ཡོད་པ་དང་། དེའི་ལྗིད་ཚད་ལ་ཕྰང་ཌི་༡༤ཡོད་པ་རེད།  དེ་ཚོའི་སྟུག་ཅིང་འཇམ་པའི་ལུས་སྤུས་ལུས་པོར་ཡོངས་སུ་ཁེབས་པ་དང་། བྱི་ལ་དོམ་ཆུང་གི་རྔ་མས་སྡོང་མགོར་མཛེགས་དུས་སུ་ལུས་པོ་དོམ་མཉམ་ཡོང་བར་བྱ་བ་དང་དགུན་དུས་སུ་རྔ་མས་ལུས་པོ་འགེབས་པ་དང་དྲོད་བསྐྱིལ་བ་རེད།

ཁྱབ་ཡུལ་དང་གཤིས་ཀ
བྱི་ལ་དོམ་ཆུང་དེ་ཀྲུང་གོའི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་དུ་གནས་ཤིང་དེ་མིན་ཇོ་མོ་གླང་མའི་རྒྱུད་དང་འབར་མ་རྒྱལ་ཁབ་སོགས་སུ་ཡང་ཡོད་པ་རེད། བྱི་ལ་དོམ་ཆུང་གནས་སའི་ས་ཆ་འགའ་ཤས་སུ་དོམ་ཁྲ་ཡང་ཡོད་པ་རེད།

གཟན།
བྱི་ལ་དོམ་ཆུང་གིས་སྨྱུག་ཤུན་དང་བྱ་སྒོང་། དེ་མིན་སྡོང་བོ་ཆུང་ཆུང་གི་ལོ་མ་སོགས་གཟན་དུ་ཟ་བ་རེད། དེའི་སོ་རྒོད་དང་འགྲམ་རུས་སྲ་མོས་སྨྱུག་མ་ཟ་བར་མཐུན་རྐྱེན་བཟང་བོ་སྦྱིན་ཞིང་། དེ་ཚོའི་ལག་མགོར་རུས་དུམ་ཐུང་ངུ་རེ་ཡོད་པ་དང་དེས་སྨྱུག་མ་འཛིན་པར་ཕན་ཞིང་དོམ་ཁྲ་ཁྲ་ལ་ཡང་དེ་ལྟ་བུ་ཞིག་ཡོད་པ་རེད།

སྐྱེ་འཕེལ།
བྱི་ལ་དོམ་ཆུང་དེ་མངལ་སྦྲུམ་ནས་ཉིན་༡༣༤འགོར་བ་ན་ཕྲུ་གུ་བཙས་པ་དང་བཙས་ཐེངས་རེར་དོམ་ཕྲུག་གཅིག་ནས་བཞི་བར་ཡིན་པ་རེད། དོམ་ཕྲུག་དེ་ཚང་ནས་ཉིན་༩༠ཙམ་འདུག་པ་དང་དོམ་མ་དེ་ལོ་རྗེས་མའི་ཆགས་སྤྱོད་དུས་ཚིགས་ཐོན་རག་ཏུ་སྐྱེ་འཕེལ་བྱ་མི་ཐུབ་པ་དང་། དོམ་ཕྲུག་དེ་ཟླ་༡༢རྗེས་སུ་དར་མར་བརྩི་བ་དང་སྤྱིར་བཏང་གི་བྱི་ལ་དོམ་ཆུང་དེ་ཁེར་རྐྱང་གིས་གནས་པ་རེད།

སྲུང་སྐྱོབ།
ད་ལྟ་འཛམ་གླིང་དུ་བྱི་ལ་དོམ་ཆུང་༢༥༠༠མ་གཏོགས་གནས་མེད་པས་དེ་སྲུང་སྐྱོབ་བྱ་ཡུལ་གྱི་རྣམ་གྲངས་སུ་འགོད་ཡོད་པ་རེད།
བྱི་ལ་དོམ་ཆུང་དེ་ནགས་སུ་རྒྱུ་བའི་འོ་འཐུང་སྲོག་ཆགས་ཤིག་དང་དེ་ནི་གཅན་གཟན་གྱི་རིགས་ཀྱང་ཡིན་པ་རེད། དེ་ནི་ཁྱིམ་གྱི་བྱི་ལ་དང་བསྡུར་ན་ཅུང་ཆེ་ཞིང་དེར་སྨུག་སེར་དང་རྔ་མ་སྟུག་ལ་ལག་པ་གཉིས་ཀ་རྐང་པ་དང་བསྡུར་ན་ཅུང་ཐུང་ཐུང་ཞིག་རེད། དེས་སྨྱུག་མ་དང་། རྩྭ་ཤ་གཉིས་ཀ བྱ་སྒོང་། བྱ། འབུ་རིགས། དེ་མིན་འོ་འཐུང་སྲོག་ཆགས་ཆུང་ཆུང་དག་ཀྱང་ཟ་བ་རེད། བྱི་ལ་དོམ་ཆུང་དེ་ཁེར་རྐྱང་གིས་རྒྱུ་བའི་སྲོག་ཆགས་ཤིག་དང་དེ་ནི་ཉིན་དཀར་རྒྱུ་བའི་རིགས་ཤིག་ཡིན་ལ་དེ་འགུལ་སྐྱོད་མཁས་པའི་སྲོག་ཆགས་ཤིག་ཀྱང་ཡིན་པ་རེད།
བྱི་ལ་དོམ་ཆུང་དེ་ཇོ་མོ་གླང་མའི་ནགས་ཁུལ་ཅུང་དྲོད་ས་དང་། བལ་བོའི་ནུབ་ཕྱོགས་ནས་ཀྲུང་གོའི་ཤར་ཕྱོགས། རྒྱ་གར་གྱི་བྱང་ཕྱོགས་དང་འབྲུག་ཡུལ། འབར་མའི་བྱང་ཕྱོགས་བཅས་སུ་ཁྱབ་པ་རེད། བྱི་ལ་དོམ་ཆུང་གི་ཁ་གྲངས་ངོ་མ་ལེན་རྒྱུ་ཧ་ཅང་དཀའ་ཞིང་ཚོད་དཔག་བྱས་པར་གཞིགས་ན་བྱི་ལ་དོམ་ཆུང་༡༦༠༠༠ནས་༢༠༠༠༠བར་ཡོད་པ་རེད། བྱི་ལ་དོམ་ཆུང་གནས་སའི་རྒྱལ་ཁབ་དག་ཏུ་དོམ་ཆུང་གི་གྲངས་ཀ་ཇེ་ཉུང་དུ་འགྱུར་བཞིན་ཡོད་མོད་རྒྱལ་ཁབ་དེ་དག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་མི་བཟོ་བ་དང་སྲུང་སྐྱོབ་བྱ་བའི་སྲོག་ཆགས་སུ་བགྲངས་པ་རེད།
བྱི་ལ་དོམ་ཆུང་དེ་༢༠༠༩ལོའི་རུ་བཀོད་པ་ལྟར་ན་མེད་འགྱུར་སྲོག་ཆགས་སུ་གཏོགས་པ་དང་། དེ་སྔོན་བྱི་ལ་དོམ་ཆུང་དེ་དོམ་གཅན་གཟན་རིགས་སུ་དབྱེ་ཡོད་ལ། ད་ལྟའི་ཞིབ་འཇུག་གིས་བྱི་ལ་དོམ་ཆུང་དེ་རང་གི་རིགས་སུ་དབྱེ་ཡོད་ལ་རིགས་རྒྱུད་ཆེ་བ་ལ་མྰ་སི་ཋོ་ལེ་ཌི་སོགས་རིགས་རྒྱུད་བཞི་ཡོད་ལ་དེ་ནས་རིགས་གཉིས་ཏེ་ངོས་ལེན་བྱ་བ་ཡིན་ནོ།།
བྱི་ལ་དོམ་ཆུང་དེ་གླིང་ག་དང་དྲ་བ་གང་རུང་གནས་བ་དེ་འཛམ་གླིང་གི་ས་ཆ་མང་བོའི་སྲོག་ཆགས་གླིང་གར་ཁྱབ་པ་དང་། ༢༠༠༦ལོར་རྒྱལ་སྤྱིའི་ཞིབ་འཇུག་ཅིག་ཏུ་བྱི་ལ་དོམ་ཆུང་༨༠༠ཙམ་ཞིག་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲོག་ཆགས་གླིང་དང་སྤྱི་གླིང་སོགས་སུ་ཁྱབ་པ་རེད།

ལུས་པོའི་ཁྱད་ཆོས།
བྱི་ལ་དོམ་ཆུང་གི་མགོ་དང་ལུས་པོའི་རིང་ཚད་ལ་ལི་སྨི༥༦ནས་༦༣བར་ཡོད་པ་དང་། དེའི་རྔ་མ་ལ་ལི་སྨི་༣༧ནས་༤༧བར་ཡིན་ཞིང་ལུས་པོའི་ལྗིད་ཚད་ལ་སྤྱི་རྒྱ་༣.༧ནས་༦.༢ཡིན་པ་དང་བྱི་ལ་དོམ་ཆུང་མོ་ཡི་ལྗིད་ཚད་ལ་སྤྱི་རྒྱ་༤ .༢ནས་༦.༠ཡོད་པ་རེད། དེའི་ལུས་སྟོད་དུ་སྤུ་དམར་སྨུག་ཅིག་གིས་ཁེབས་པ་དང་ལུས་སྨད་དུ་སྤུ་མདོག་སྨུག་ནག་ཡིན་པ་རེད། བྱི་ལ་དོམ་ཆུང་གི་ངོ་དེ་ཅུང་སྐྱ་བོ་དང་རུས་ཚིགས་སོགས་དམ་པོ་ཡིན་པ་རེད། མགོ་བོ་སྒོར་མོ་དང་ཆེ་ཆུང་འབྲིང་ཙམ་ཡིན་ཞིང་རྣ་ཅོག་དྲང་མོ་ཡིན་ལ་སྣ་དང་མིག་སོགས་ནག་པོ་ཡིན་པ་རེད། རྔ་མ་སྟུག་པོར་ཁ་དོག་དམར་སེར་གཉིས་ཀ་བསྲེས་པ་དང་དེས་སྡོང་མགོར་མཛེགས་དུས་སུ་དོ་སྙམ་བྱ་བ་རེད། རྐང་ལག་དག་ནག་ཅིང་ཐུང་ཐུང་ཡིན་ཞིང་སྤུ་སྟུག་པོས་སྡེར་མོ་སོགས་ཡོངས་སུ་ཁེབས་པ་རེད། སྤུ་སྟུག་པོ་དེས་ཁ་བར་འཛེགས་པར་ཕན་ཞིང་ལུས་པོ་ཡོངས་ཀྱི་ཚ་དྲོད་སྙོམས་པ་རེད།
བྱི་ལ་དོམ་ཆུང་གི་སྡེར་མོ་རྣོ་ཞིང་སྡོང་བའི་ཡལ་ག་དང་ལོ་མ། སིལ་ཏོག་སོགས་འཛིན་མཁས་པ་མ་ཟད་སྨྱུག་མ་ཟ་བར་མཁས་པ་དེ་དོམ་ཁྲ་དང་འདྲ་བ་རེད། རྐང་བའི་ལྷུ་ཚིགས་སོགས་སྙི་ཞིང་འཁོར་བདེ་བས་སྡོང་བོར་མཛེགས་པ་དང་མར་འབབ་བདེ་བ་རེད།

ཁྱད་ཆོས།
བྱི་ལ་དོམ་ཆུང་དེ་མཚན་མོ་རྒྱུ་བའི་སྲོག་ཆགས་ཀྱི་རིགས་སུ་དབྱེ་བ་དང་དེ་ནི་ཉིན་དཀར་སྡོང་བོའི་གྲིབ་བསིལ་དང་ཁུང་བུ་ནས་གཉིད་ཅིང་མུན་ནག་པ་ནས་རྣམ་རིག་རྒྱས་པ་རེད། རྔུལ་བའི་དུས་སུ་རྐང་ལག་རྐྱངས་བ་དང་གྲང་བའི་དུས་སུ་རྔ་མས་ངོ་གཡོགས་ནས་གཉིད་པ་དང་། བྱི་ལ་དོམ་ཆུང་དེ་དྲོད་ཚད་ཏུའུ་༡༧ནས་༢༥བར་ཏུ་གནས་བར་འོས་པ་དང་དྲོད་ཚད་ཏུའུ་༢༥ལས་བརྒལ་ཚེ་འཚོ་གནས་བྱ་དཀའ་བ་རེད།
བྱི་ལ་དོམ་ཆུང་དེ་གཉིད་ནས་སད་མ་ཐག་ཏུ་བྱི་ལ་བཞིན་སྤུ་སེལ་སེལ་བྱ་བ་དང་ལག་པའི་སྡེར་མོ་སོགས་བདགས་པ་དང་ལྟོ་བའི་འགྲམ་དང་རྒྱབ་ཏུ་རེག་པ་དང་། ད་དུང་སྡོང་བོ་དང་བྲག་རྡོ་རུ་ལྟོ་བའི་འགྲམ་ངོགས་སུ་ཟ་འཕྲུག་བྱེད་པ་དང་། དེས་ས་ཁྱོན་ཆུང་ཆུང་ཞིག་བདག་འཛིན་བྱ་བ་དང་མཐའ་འཁོར་གཅིན་སྐྱག་གི་དྲི་མ་འཐུལ་བཞིན་ཡོད་པ་རེད། བྱི་ལ་དོམ་ཆུང་དེས་མཚན་མོ་ས་ངོས་དང་སྡོང་གསེབ་སོགས་ནས་གཟན་འཚོལ་བ་དང་ལག་པའི་སྡེར་མོས་གཟན་གང་རུང་དེ་ཁ་རུ་འཇོག་པ་རེད། ལག་ངོས་ཀྱིས་ཁ་ནང་དུ་ཆུ་འདྲེན་ཞིང་དེ་ནས་ལག་པ་གཙང་མ་བདགས་པ་རེད།
བྱི་ལ་དོམ་ཆུང་གིས་ས་ཁྱོན་འཛིན་པ་དང་རྒྱུན་དུ་ཁེར་རྐྱང་གི་འཚོ་བ་རོལ་ཞིང་ཧ་ཅང་ལྷིང་འཇགས་ཤིག་ཡིན་པ་རེད། བྱི་ལ་དོམ་ཆུང་གིས་གངས་གཟིགས་དང་ཨོག་དཀར། དེ་མིན་མི་སོགས་ལ་ཡང་དམུར་བ་རེད།
བྱི་ལ་དོམ་ཆུང་སྐྲག་དུས་སུ་བྲག་གསེབ་འཛུལ་བའམ་སྡོང་མགོར་འགྲོ་བ་དང་གལ་སྲིད་འགྲོ་མི་ཐུབ་ཚེ་རྐང་མགོར་ཡར་ལངས་ཏེ་ལག་པའི་སྡེར་མོས་རང་ཉིད་སྲུང་སྐྱོབ་བྱ་བཞིན་ཡོད་པ་རེད།

གཟན།
བྱི་ལ་དོམ་ཆུང་དེ་དོམ་ཁྲ་དང་འདྲ་བར་སྨྱུག་མ་ཟ་ཞིང་མངར་ཆ་འདུས་བའི་སྐྱེ་དངོས་ཀྱི་ཕྱི་ཤུན་ཟ་མི་ཐུབ་པ་དང་། ཉིན་རེར་སྨྱུག་མ་འབོར་ཆེན་རེ་ཟ་བ་དེའི་ཉིན་རེའི་ཟ་ཚད་ཀྱི་གསུམ་ཆ་གཉིས་ཟིན་པ་དང་། དེ་མིན་འབུ་རིགས་དང་སིལ་ཏོག ཤ་མོང་། ཤིང་ཏོག སྤང་རྩི། རྩྭ་སོགས་ཟ་བ་ཡིན་མོད་མཚམས་རེར་བྱ་རིགས་དང་ཉྭ། སྒོང་ང་། སོ་རྒོད་ཡོད་པའི་འབུ་རིགས་སོགས་ཟ་བ་རེད། དྲ་བར་བསྡུས་བའི་བྱི་ལ་དོམ་ཆུང་གིས་ཤ་ཡང་ཟ་བ་དང་དེ་ནི་སྡོང་མགོར་མཛེགས་ཧ་ཅང་མཁས་ཤིང་སྡོང་གསེབ་ཏུ་གཟན་མང་པོ་འཚོལ་ཐུབ་པ་རེད། བྱི་ལ་དོམ་ཆུང་གི་འགུལ་སྐྱོད་དེ་ཟ་བ་དང་གཉིད་པ་ལས་ཀྱང་མང་པ་ཡིན་ནོ།།
བྱི་ལ་དོམ་ཆུང་གིས་སྨྱུག་རྐང་ཟ་ཐུབ་ལ་ལོ་མ་ཟ་མི་ཐུབ་པ་དང་། དབྱར་དུས་དང་སྟོན་དུས་སུ་བྱི་ལ་དོམ་ཆུང་གི་ཟ་མ་ཞུ་ཚད་ཆེ་བ་དང་དགུན་དུས་སུ་གཟན་ཞུ་ཚད་ཆུང་བ་རེད། སྨྱུག་མ་དེ་འབྲེལ་ཡོད་ཀྱི་འཚོ་བཅུད་འདུས་ཡོད་པ་དང་བྱི་ལ་དོམ་ཆུང་གི་སྨྱུག་མ་ཟ་ཚད་དལ་ཞིང་ལྷག་པར་དུ་འཚོ་བཅུད་ཆེ་བའི་གཟན་སོགས་ཟ་བར་དེ་བས་ཀྱང་དལ་བ་རེད། འདི་ཡིས་ཟ་མ་ཞུ་བར་ཕན་ཅུང་ཙམ་ཐོགས་པ་དང་། བྱི་ལ་དོམ་ཆུང་གིས་འཚོ་བཅུད་འཛོམས་ཤིང་ཡལ་ག་དང་ལོ་མ་གསར་བ་(ཉིན་རེར་ལོ་མ་སྤྱི་རྒྱ༡.༥ཙམ་དང་ཡལ་ག་སྤྱི་རྒྱ་༤་ཟ་བ་)རེད། བྱི་ལ་དོམ་ཆུང་གིས་དུས་ཚོད་༢ནས་༤རིང་དུ་ཟ་མ་ཞུ་ཞིང་འཚོ་བཅུད་བསྡུ་ལེན་བྱ་ཐུབ་ཅིང་དེ་མིན་མིས་བཟོས་ཟ་མ་སོགས་ཀྱི་དྲི་མ་གསལ་བོ་འབྱེད་ཐུབ།

སྐྱེ་འཕེལ།
བྱི་ལ་དོམ་ཆུང་དར་མ་ཞིག་གི་ཆགས་པ་སྤྱོད་ཅིང་དེ་དོམ་ཆུང་འགའ་ཤས་དང་ཆགས་པ་སྤྱོད་པ་རེད། དེ་ནི་རྒྱུན་ལྡན་དུ་སྤྱི་ཟླ༡ནས་༣བར་ཡིན་པ་རེད། དོམ་མ་དེ་བཙས་ལ་ཉེ་དུས་སུ་ལོ་མ་དང་རྩྭ་སོགས་བཏུས་ནས་བྲག་གསེབ་དང་སྡོང་གསེབ་ནས་ཚང་བཟོ་བ་རེད། མངལ་སྦྲུམ་ནས་ཉིན་༡༡༢ནས་༡༥༨འགོར་རྗེས་དོམ་ཕྲུག་བཙས་བཞིན་ཡོད་པ་དང་། བྱི་ལ་དོམ་ཆུང་དེ་རྒྱུན་དུ་སྤྱི་ཟླ་༦པ་ནས་༧བར་བཙས་བཞིན་ཡོད་ལ་ཐེངས་རེ་དོམ་ཕྲུག་༡ནས་༤བར་བཙས་པ་དང་དོམ་ཕྲུག་དེ་བཙས་མ་ཐག་ཏུ་མིག་མི་འབྱེད་པ་དང་རྣ་ཡིས་གོ་མི་ཐུབ་པ་རེད། ཆ་སྙོམས་དོམ་ཕྲུག་རེ་ཁེ་༡༡༠ནས་༡༣༠ཙམ་ཡོད་པ་རེད།
བྱི་ལ་དོམ་ཕྲུག་བཙས་མ་ཐག་ཏུ་དོམ་མ་ཡིས་དོམ་ཕྲུག་སྣུམ་བཞིན་དུ་བདགས་པ་དང་དེ་ནས་དོམ་མའི་དུས་ཚོད་ཀྱི་༦༠%ནས༩༠%དེ་དོམ་ཕྲུག་དང་མཉམ་དུ་རོལ་ཞིང་། གཟའ་འཁོར་གཅིག་འགོར་རྗེས་སུ་དོམ་མ་དེ་སྒོར་འགྲོ་བ་མང་ཞིང་ཆུ་ཚོད་ཁ་ཤས་ཀྱི་རྗེས་ནས་ཕྱིར་ཚང་དུ་ལོག་པ་དང་དོམ་ཕྲུག་ལ་བདག་གཉེར་བྱེད་པ། དོམ་མ་ཡིས་ཚང་གཙང་མ་བཟོ་བ་དང་དོམ་ཕྲུག་ལ་གཙང་སྦྲ་ལེགས་པོ་བྱ་བ་དང་། དོམ་ཕྲུག་གིས་ཉིན་༡༨ཡི་རྗེས་ནས་མིག་འབྱེད་ཅིང་ཉིན་༩༠ཡི་རྗེས་སུ་དོམ་ཕྲུག་ལ་སྤུ་ཐོགས་ཤིང་ཚང་ནས་ཕྱིར་འགྲོ་ཐུབ་པ་རེད། དེ་ནས་དོམ་ཕྲུག་གི་གཟན་ཟ་འགོ་བརྩམས་ཤིང་ཟླ་༦ནས་༨བར་དུ་དོམ་མ་ཡིས་ནུ་མ་སྣུན་པ་མ་ཟད་དོམ་མ་དང་མཉམ་དུ་ཕྱི་ལོའི་དབྱར་དུས་བར་དུ་མཉམ་འདུག་བྱ་པ་རེད།
བྱི་ལ་དོམ་ཁྱུ་ཆུང་བའམ་ཕོ་མོ་གཉིས་ལས་མེད་ན་ཕོ་དོམ་གྱི་དོམ་ཕྲུག་གཉོར་སྲིད་ལ་དེ་མིན་རྒྱུན་ལྡན་དུ་ཕོ་དོམ་གྱི་དོམ་ཕྲུག་བདག་གཉེར་བྱ་མ་སྲིད་པ་དང་། བྱི་ལ་དོམ་ཆུང་དེ་ནར་སོན་ནས་ཟླ་༡༨འགོར་རྗེས་སྐྱེ་འཕེལ་བྱ་ཐུབ་ལ་ལོ་༢ནས་༣ལོན་རྗེས་དངོས་སུ་དར་མར་གྱུར་བ་ཡིན། བྱི་ལ་དོམ་ཆུང་གི་ཚེ་ཐག་ནི་ལོ་༨ནས་༡༠ཡིན་རུང་ཁ་ཤས་ལོ་༡༥གནས་པའང་ཡོད་པ་རེད།

སྲུང་སྐྱོབ།
སྤྱི་ལོ་༢༠༠༩ལོར་IUCNཡི་འགོད་པ་ལྟར་ན་བྱི་ལ་དོམ་ཆུང་དེ་མེད་འགྱུར་སྲོག་ཆགས་སུ་བགྲངས་པ་དང་། བྱི་ལ་དོམ་ཆུང་གི་ཁ་གྲངས་ངེས་ཅན་ཞིག་ལེན་དཀའ་བ་ནི་དོམ་རིགས་གཞན་པ་ནོར་བའི་རྐྱེན་དུའང་ཡིན་པ་རེད། དཔེར་ན་འབར་མ་རྒྱལ་ཁབ་ཀྱི་བསྒྲགས་པ་ནང་བཞིན་ཁོ་ཚོའི་ས་ཆ་འགར་བྱི་ལ་དོམ་ཆུང་མང་པོ་ཡོད་ཅེས་པ་ནི་ཞིབ་ཏུ་དཔྱད་པ་ན་དེ་ནི་སྲོག་ཆགས་གཞན་པ་དང་ནོར་བ་ཡིན་པ་རེད།
བྱི་ལ་དོམ་ཆུང་གི་ཁ་གྲངས་ངོ་མ་ལེན་དཀའ་བ་དང་ཞིབ་འཇུག་དང་ཚོད་དཔག་བྱེད་པར་གཞིགས་ན་ད་ལྟ་བྱི་ལ་དོམ་ཆུང་༡༦༠༠༠ནས་༢༥༠༠༠བར་གནས་ཡོད་པ་དང་། སྤྱི་ལོ་༢༠༡༠ལོའི་IUCNཡི་འགོད་པ་ལྟར་ན་ཀྲུང་གོར་བྱི་ལ་དོམ་ཆུང་༣༠༠༠ནས་༧༠༠༠ཙམ་དང་རྒྱ་གར་དུ་༥༠༠༠ནས་༦༠༠༠མ་གཏོགས་ཡོད་པ་མ་རེད། ཡིན་ནའང་བྱི་ལ་དོམ་ཆུང་གི་ཁ་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་གྱིན་ཡོད་པ་དང་ཞིབ་འཇུག་འདི་དག་ཀྱང་སྤྱི་ལོ་༢༠༠༡དང་ཡར་སྔོན་དུ་བྱས་པ་རེད། ད་རུང་བལ་བོ་རྒྱལ་ཁབ་ཏུ་ཚོད་དཔག་བྱེད་པར་གཞིགས་ན་བྱི་ལ་དོམ་ཆུང་བརྒྱ་ཕྲག་ཁ་ཤས་མེད་པར་འགྱུར་བ་དང་འབྲུག་ཡུལ་དང་འབར་མ་སོགས་སུ་ཚོད་དཔག་གི་ཁ་གྲངས་ལོན་མེད་པ་རེད།
བྱི་ལ་དོམ་ཆུང་གནས་སའི་རྒྱལ་ཁབ་ཚང་མས་དེ་སྲུང་སྐྱོབ་བྱ་བཞིན་ཡོད་ལ་བྱི་ལ་དོམ་ཆུང་རྔོན་པ་ནི་ཁྲིམས་འགལ་ཡིན་ཞིང་། རྒྱལ་ཁབ་སོ་སོའི་སྲུང་སྐྱོབ་བྱ་འགུལ་ཡང་མི་འདྲ་བ་རེད།
བལ་བོ་རྒྱལ་ཁབ་ནི་ཡ་གླིང་གི་ནགས་ཚལ་མོད་པའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། བལ་བོ་རུ་སྲུང་སྐྱོབ་ས་ཚིགས་འགའ་ཞིག་ཡོད་པ་སྟེ་ལྰང་ཐྰང་མི་དམངས་སྤྱི་གླིང་དང་། ཟྰ་གྰར་མ་ཐྰ་མི་དམངས་སྤྱི་གླིང་། མྰ་ཁུ་ལུ་མི་དམངས་སྤྱི་གླིང་། ཨན་ཕུའུ་སྲུང་སྐྱོབ་ས་ཚིགས། རྰ་རེ་མི་དམངས་སྤྱི་གླིང་སོགས་སྲུང་སྐྱོབ་གླིང་ག་མང་པོ་ཡོད་མོད་འགའ་ཤས་སུ་མིའི་རིགས་ཀྱི་སྲུང་སྐྱོབ་ཐབས་ལམ་དམན་པས་བྱི་ལ་དོམ་ཆུང་གི་འཚོ་བ་སྡུག་པ་རེད།
འབྲུག་ཡུལ་ནི་ཡ་གླིང་གི་ཁོར་ཡུག་གཏོར་བརླག་བཟོ་ཚད་ཆེས་ཆུང་བའི་རྒྱལ་ཁབ་ཅིག་ཡིན་པས་ད་ལྟའང་གདོད་མའི་ནགས་ཚལ་ཆེན་པོ་ཡོད་པ་དང་། སྤྱི་ལོ་༢༠༠༩ལོ་མཚོན་ན། སྲུང་སྐྱོབ་ས་ཁུལ་འགའ་ཡོད་པ་སྟེ། འཇིགས་མེད་རྡོ་རྗེ་མི་དམངས་སྤྱི་གླིང་དང་། འཇིགས་མེད་སངས་རྒྱས་མི་དམངས་སྤྱི་གླིང་། རོལ་ཡོད་མ་ཎི་མི་དམངས་སྤྱི་གླིང་། ཐོན་མི་ཤེས་སླ་མི་དམངས་སྤྱི་གླིང་། བོམ་ཌི་གདོད་སྐྱེས་སྲུང་སྐྱོབ་ས་ཚིགས་སོགས་ཡོད་མོད་། འོན་ཀྱང་གླིང་ག་དང་སྲུང་སྐྱོབ་ས་ཚིགས་སོགས་སུ་བྱི་ལ་དོམ་ཆུང་ཡོད་མེད་ཀྱི་གནས་ཚུལ་བཀོད་མེད་པ་རེད།
རྒྱ་གར་དུ་བྱི་ལ་དོམ་ཆུང་ཡོད་སའི་སྲུང་སྐྱོབ་ས་ཁུལ་གསུམ་ཡོད་པ་དང་། དེ་དག་ནི་ཁང་ཆེན་ཟོན་དགའ་མི་དམངས་སྤྱི་གླིང་དང་། ནམ་དགྲ་ཕ་མི་དམངས་སྤྱི་གླིང་། སིང་གྰ་ལེ་ལ་མི་དམངས་སྤྱི་གླིང་སོགས་སུ་བྱི་ལ་དོམ་ཆུང་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཀྱང་གཏན་འཁེལ་བྱས་ཡོད་པ་རེད།
འབར་མ་རྒྱལ་ཁབ་ཏུ་གདོད་མའི་ནགས་ཚལ་ཆེན་པོ་ཡོད་པ་དང་སྲུང་སྐྱོབ་ས་ཁུལ་ཡོད་པ་མ་རེད།
ཀྲུང་གོར་བྱི་ལ་དོམ་ཆུང་གི་སྲུང་སྐྱོབ་ས་ཚིགས་འགའ་ཞིག་ཡོད་པ་དང་། དེ་དག་ནི་བོ་ལུང་མི་དམངས་སྤྱི་གླིང་དང་། ཐྰང་ཅ་ཧད་སྲུང་སྐྱོབ་ས་ཚིགས། མྰེ་ཏོ་གོ་ཝང་ལྰང་མི་དམངས་སྤྱི་གླིང་སོགས་ཡིན་པ་རེད།