བྱི་ལོང་།


བྱི་ལོང་།བྱི་ལོང་ནི་འོ་འཐུང་སྲོག་ཆགས་རིགས་རྒྱུད་ཀྱི་རིགས་ཆེ་བ་ཞིག་ཡིན་པ་རེད། བྱི་ལོང་གི་ས་སློག་པ་དང་འགའ་ཡིས་ས་བརྐོ་བ་རེད། བྱི་ལོང་གི་ལུས་པོ་ཡོངས་སྤུས་ཁེབས་པ་དང་དེའི་རྣ་ཅོག་ཀྱང་མཐོང་མི་སྲིད་པ་རེད། བྱི་ལོང་ལ་མིག་ཆུང་ཆུང་ཞིག་ཡོད་པ་དང་དེས་ཉིན་མཚན་འབྱེད་ནུས་པ་དང་མི་མང་ཤས་ཀྱིས་བྱི་ལོང་དེ་ལོང་བ་ཡིན་པར་འདོད་པ་རེད། བྱི་ལོང་དེ་ས་འོག་ཏུ་གནས་ཤིང་དེ་ནི་ཨ་མེ་རི་ཁ་བྱང་མ་དང་། ཡ་གླིང་། ཡོ་རོབ་གླིང་སོགས་སུ་ཁྱབ་ཡོད་མོད། འོན་ཀྱང་གླིང་ཕྲན་དག་ཏུ་ཁྱབ་ཡོད་པ་མ་རེད།

གཟན།

བྱི་ལོང་གིས་རྒྱུན་ལྡན་དུ་ས་འབུ་ནག་རིང་དང་། ས་འོག་ཏུ་གནས་བའི་སྒལ་ཚིགས་མེད་པའི་འབུ་རིགས་དང་ཤིང་ཏོག་སྙི་མོ་སོགས་ཀྱང་ཟ་བ་རེད། བྱི་ལོང་གི་ཁ་རླངས་དེས་ས་འབུ་ནག་རིང་གཟུ་བར་འཇུག་པ་དང་དེ་འཛིན་པར་ཆ་རྐྱེན་བསྐྲུན་ཞིང་བྱི་ལོང་གིས་འབུ་རིགས་སོགས་ཟ་རག་བར་དུ་གསོན་པོར་འཛིན་བཞིན་ཡོད་པ་རེད། བྱི་ལོང་གིས་ས་འོག་ཏུ་ཟ་མ་འབོར་ཆེན་སྦས་པ་དང་གཟན་མཛོད་ཁང་ཡང་བཟོ་བ་དང་དེར་ས་འབུ་སྟོང་ཕྲག་མང་བོ་གསོག་གཉེར་བྱ་བ་རེད། བྱི་ལོང་གིས་སྡེར་མོ་གཉིས་བར་ནས་ས་འབུ་ནག་རིང་ནན་མོ་བཙུར་རྗེས་ཟ་བ་རེད།
སྐར་མ་བྱི་ལོང་ཞེས་བ་དེའི་གཟན་ཟ་ཚད་དེ་མིའི་རིགས་ཀྱི་མིག་གིས་འཛིན་མི་ཐུབ་པ་ལྟ་བུ་ཞིག་དང་ཧ་ཅང་མགྱོགས་པ་རེད།
བྱི་ལོང་དེ་ཟ་ཆོག་མོད་འོན་ཀྱང་དྲི་མ་ཞིམ་པོ་མ་ཡིན་ནོ།།