
གཡག་
དབྱིན་ Yak རྒྱ་
牦牛
ལ་ཋན་
Bos grunniens
ཁུངས།
གཡག་ནི་འོ་འཐུང་དང་རྨིག་པ་ཅན་གྱི་ཁུངས་ཡིན། ཕོ་ལ་གཡག་དང་མོ་ལ་
འབྲི་ཞེས་འབོད།
ཟས་སུ་རྩྭ་དང་ལོ་ཏོག་ཟ་ཞིང་ཚེ་ཚད་ལོ་༢༠་ཡས་མས།
སྤྱི་བཏང་གཤིས་རྒྱུས་འཇམ་ཀྱང་ཁོང་ཁྲོ་ལང་ན་ཧ་ཅང་གཏུམ་པོ་ཡིན།
ལོ་བརྒྱད་ནས་བཟུང་ཕོ་ལ་གཡག་དང་མོ་ལ་འབྲི་ཞེས་འབོད། སྤྱི་ཟླ་༩་པ་ནི་
བེའུ་ལ་འགྲོ་བའི་དུས་ཚོད་ཡིན།
གནས་ཡུལ།
མདོ་དབུས་མཐོ་སྒང་དང་རྒྱ་གར་གྱི་བྱང་རྒྱུད། བལ་ཡུལ། འབྲུག སོག་པོ།
དབྱིན་ཇི། ཨ་རི་སོགས་སུ་ཡོད་ཅིང་སྒོ་ཕྱུགས་སུ་གཉེར་ཡོད། ས་འགོ་
མཐོ་སར་འཚོ།
ལུས་ཕུང་།
བརྗིད་ཚད་ལ་སྤྱི་རྒྱ་༣༥༠ནས་༥༨༠དང་། འབྲི་ལ་༢༢༥ནས་༢༥༥ཡོད།
སྤྱིར་ན་གཡག་ནི་ཁ་མདོག་ནག་པོ་ཡིན་ཤིང་
དཀར་པོ་དང་སྐྱ་པོ་སྨུག་པོ་ཡང་ཡོད།
ཆ་སྙོམས་བྱས་ན་གཡག་གཅིག་གིས་ལོ་གཅིག་ལ་བལ་རྩིད་སྤྱི་རྒྱ་༢་༥་
༼གཉིས་དང་ཕྱེད་ཀ་༽རྩམ་ཐོན་སྐྱེད་བྱེད་ཐུབ་ཀྱང་འབྲི་ཡིན་ན་དེ་ལས་ཉུང་།
བེད་སྤྱོད།
སྐལ་བ་ཡ་ཐོག་ནས་བཟུང་བོད་ཀྱི་སྒོ་ཕྱུགས་ཡིན་ཞིང་སྐྱེལ་འདྲེན་གྱི་ཡོད་བྱད་གཙོ་བོ་ཡིན།
ཤ་རུས་གོ་དང་ཁྲག་རུས་ཚིལ།
མགོ་ནས་མཇུག་བར་ཏུ་བོད་ལ་མཐུན་མོང་མ་ཡིན་པའི་བེད་སྤྱོད་བྱེད་ཐབས་སྣ་ཚོགས་ཡོད།
འབྲི་ཡིན་ན་
འོ་མ་དང་མར་ཕྱི་ར་ད་ར་ཞོ་སོགས་བཟའ་བཏུང་གི་ཐོན་ཁུངས་གཙོ་བོ་ཞིག་ཡིན།
འབྲི་གཡག་གཉིས་ཀྱི་ནང་ཁྲོལ་རྣམས་
ཟ་ཆོག་པར་མ་ཟད་སྨན་དུ་ཡང་བེད་སྤྱོད་བྱེད་སྲོལ་ཡོད།
ཁུ་ལུའི་ཐག་པ་དང་རྩིད་ཐག
གོ་ཐགསྤྲ་ནག་དང་
གྱོན་པ་ཡང་འབྲི་གཡག་གི་རྩིད་པ་དང་ཁུ་ལུས་བཟོ་སྲོལ་ཡོད་ལ།
སྒྱེ་མོ་དང་ཁུག་མ་གོ་ཁུག་སོགས་རང་བྱུང་
ཁོར་ཡུག་དང་འཕྲོད་བསྟེན་ལ་མི་གནོད་པའི་འཚོ་བའི་ཡོད་བྱད་སྣ་ཚོགས་ཐོན་སྐྱེད་བྱེད་ཐུབ་པར་མ་ཟད།
རོང་འབྲོག་ཀུན་གྱིས་ལྕི་བ་སྐམ་ནས་མེ་རུ་འབུད།
རྩྭ་ཐང་དང་རི་སྟེང་གི་ལྕི་བ་ས་ནང་དུ་ཐུམ་སྟེ་ལུད་དུ་འགྱུར་ནས་
རྩྭ་ལ་སྐྱེ་སྟོབས་རྒྱས་ཤིང་ས་ལ་བཅུད་ལྡན་པ་ཡིན།
འབྲི་གཡག་གི་ལོ་བརྩི་ཚུལ།
|
*ལོ་ |
༡ |
༢ |
༣ |
༤ |
༥ |
༦ |
༧ |
|
ཕོ་ |
ཕོ་བེའུ་ |
ཡ་རུ་ |
ཉིས་བཀྱུས་ |
ཡ་རུ་སོ་གཉིས་ |
ཡ་རུ་སོ་བཞི་ |
གཡག་སོ་དྲུག་ |
གཡག་ཁ་གང་ |
|
མོ་ |
མོ་བེའུ་ |
ཡར་མོ་ |
ཉིས་བཀྱུས་ |
ཐུལ་མ་སོ་གཉིས་ |
ཐུལ་མ་སོ་བཞི་ |
འབྲི་སོ་དྲུག་ |
འབྲི་ཁ་གང་ |
*བོད་སྤྱི་བཤད་ནས་ཤུས་པ་ཡིན།
