༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྐྱེ་ཁམས་ཤེས་བྱ།

འབྲི་ཆུ་བཤད་པ།

Yangtze  River Photo by Gyatsoའབྲི་ཆུ་རིང་མོ་འདི་ནིམདོ་དབུས་མཐོ་སྒང་དུ་
ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་ཀྱི་
ཡུལ་ཤུལ་བོད་རིགས་
རང་སྐྱོང་ཁུལ་འབྲི་སྟོད་རྫོང་
གི་ཁོངས་གདང་ལའི་རི་རྒྱུད
་དེ་འཛམ་བུ་གླིང་གི་
སའི་བཅུད་ཡོངས་སུ་འཛིན་པ་ལྟ་བུའི་གནས་
མཆོག་གངས་རི་
སྐུ་ལྷ་དར་མདུང་ནས་བྱུང་ལྟེ་
བོད་མི་ཚོས་གཙང་པོ་ཆེན་པོ་འདི་ལ་འབྲི་ཆུ་
ཞེས་འབོད། འགོ་ཁུངས་དེ་ནས་བཞུར་ཏེ་ཀྲུང་གོའི་
ལྷོ་ཕྱོགས་ཀྱི་ཧྲང་ཧེའི་མཚོ་ཁར་འབབ་གྱིན་ཡོད། 
འབྲི་ཆུ་ནི་ཡ་གླིང་གི་ཆེས་རིང་བོའི་
 གཙང་པོ་དང་། 
འཛམ་གླིང་གི་ཨ་མི་རི་ཁ་ལྷོ་མའི་
་མ་ཟྰོན་གཙང་
པོ་དང་ཨ་ཧྥེ་རི་ཁའི་ནེ་ལེ་ གཙང་པོ་གཉིས་
ཕུད།  
གཙང་པོ་རིང་བོ་ཨང་གསུམ་པ་ཡིན། དེའི་རིང་ཚད་
ལ་ཁྱོན་སྤྱི་ལེ་༦༤༠༣ཡོད་དེ། ས་ཁམས་རིག་པ་བ་
ཚོས་ཆིན་ལེན་ཧྰ་གཙང་པོ་ནི་ཀྲུང་གོའི་ལྷོ་ནུབ་བགོ་བོའི་

ཐིག་ཏུ་བརྩི་ནའང་།སྲོལ་རྒྱུན་དུ་འབྲུ་ཆུ་ནི་ཀྲུང་གོའི་ལྷོ་ནུབ་བགོ་བའི་མཚམས་སོ།

འབྲི་ཆུ་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས།དཔལ་འབྱོར་སོགས་གང་གི་ཐད་ནས་སྨྲས་ཀྱང་རྨ་ཆུ་དང་
ལྷན་དུ་ཀྲུང་གོའི་མ་ཡུམ་ལྟ་བུའི་ གཙང་པོ་གལ་ཆེན་ཞིག་ཡིན་ཏེ། དེའི་བབས་བརྒྱུད་ཁག་ཏུ་མིའི་
རིགས་གནས་པ་ཆེས་སྔ་བ་ཡིན། འབྲི་ཆུའི་འགོག་གསུམ་ཞེས་པའི་འཛམ་གླིང་གི་ཆེས་ཆེ་བའི་ཆུ་གློག་
ས་ཚིགས་
དེ་ཡང་འབྲི་ཆུའི་ཁར་ཡོད། 

འབྲི་ཆུའི་མིང་བཤད་པ།

འབྲི་ཆུ་ལ་མིང་མི་འདྲ་བ་འགའ་རེ་ཡོད་དེ།འབབ་མཚམས་རེ་ལ་མིང་རེ་ཆགས་ཡོད། ཀྲུང་གོའི་
རྒྱ་ནང་དུ་བབས་ཚེ་ས་ཆ་རེས་མིང་རེ་བཏགས་ཡོད། དཔེར་ན་གཙང་བོའི་སྨད་ལ་གཡང་འཛིན་
གཙང་པོ་ཞེས་བ་འདི་ནི་ཡྰང་ཙི་ཅང་ཞེས་པ
་ལས་བྱུང་བ་དང་། ཏ་ལྟ་འདི་ལྟར་འབྲི་བ་དང་་
 སྲོལ་རྒྱུན་གྱིས་འབྲི་སྲོལ་ཡོད། འདི་ནི་སེ་རྒྱལ་རབས་སུ་གཙང་བོའི་སྨད་
ཕྱོགས་སུ་འདི་ལྟར་འབོད་ཅིང་ཁྱད་པར་དུ་ཡྰང་ཀྲུའུ་
扬州ནས་ཀྲིན་ཅང་镇江བར་གོ་བ་ཡིན།  
མྰིན་རྒྱལ་རབས་
明朝སྐབས་སུ་ལན་རེར་འབྲི་ཆུའི་མིང་ལ་ཡྰང་ཙི་ཡང་ཟེར་གྱི་ཡོད་ཅིང་དེ་ནི་
གནའ་བོའི་གྲུ་ཁ་ཡྰང་ཙི་ཅིན་
扬子津渡口ཞེས་བ་ལས་བྱུང་བ་ཡིན།  ཕྱི་རྒྱལ་གྱི་ཆོས་སྤེལ་མཁན་
དང་ཚོང་བ་ཚོས་མིང་འདི་ཐོག་མར་ཐོས་དུས་ གཙང་པོ་ཧྲིལ་བོའི་མིང་ཡིན་པར་འདོད་དེ། 
དབྱིན་ཡིག་གིས་ཀྱང་Yangtze
 མིང་འདི་འབྲི་བ་ཡིན། རྒྱ་ཡིག་གི་སྟེང་ནས་ཡྰང་ཙི་ཅང་ནི་
ལོ་རྒྱུས་དང་སྙན་ངག་ཏུ་བཀོད་པའི་གཙང་བོའི་མིང་ཡིན་པ་ལས། གཙང་ཧྲིལ་བོའི་མིང་ལ་
ད་ལྟའི་རྒྱ་ཡིག་གི་
ཁྲང་ཅང་   དང་སྲོལ་རྒྱུན་རྒྱ་ཡིག་   ཞེས་པ་འདི་ཡིན་པ་
མ་གོ་བ་ཡིན། 
ཞེས་ གཙང་པོ་རིང་བོ་ཞེས་བའི་དོན་ཡིན་ལ།

   གཙང་པོ་འདི་ལ་མིང་མང་བོ་ཞིག་ཡོད་ལས་འགོ་ཁུངས་སུ་རྒྱ་སྐད་དུ་ཏིང་ཆུའམ་当曲ཐོ་ཐོ་
གཙང་པོ་
沱沱河དང་ཏིང་ཆུའི་འདྲེས་མཚམས་ནས་ཡུལ་ཤུལ་འབའ་ཐང་ཆུ་བོའི་བར་ཏུ་
ཐྰོན་ཐེན་ གཙང་པོ་
通天河སོགས་འབོད་ཅིང་རྒྱ་ཡིག་གི་ཐྰོན་ཐེན་ གཙང་པོ་ཞེས་བ་ནི་
ནམ་མཁའ་འམ་ལྷ་ལམ་ནས་བབས་པའི་ གཙང་པོ་ཞེས་བར་གོ་བ་དང་། དེ་ནས་སི་ཁྲོན་ཡན་
གྱི་གཙང་པོ་འདི་ལ་ཅིན་ཧྲ་ཅང་
金沙江དང་དེ་ནི་གསེར་གྱི་བྱེ་མའི་གཙང་པོ་ཞེས་པའི་
དོན་ཡིན། ད་དུང་
川江དང荆江\"九曲回肠"\浔阳江\་扬子江ཞེས་པའོ།།
   ཡྰང་ཙི་
扬子 ཞེས་པ་དེ་གནའ་སྔ་མོ་རྒྱ་ཡིག་གིས་ཅང་ཞེས་པར་གོ་བ་དང་། དེའི་ནང་དོན་
ནི་གཙང་པོ་དང་ཡང་ན་དྰ་ཅང་
大江 ཞེས་བ་ནི་ གཙང་པོ་ཆེན་པོ་དང་། བོད་མི་ཚོས་འབྲི་འོའི་
གཙང་པོ་ཞེས་འབོད་པ་ཡང་ཡོད། དེ་མིན་ཡྰང་ཙི་ གཙང་པོ་འདི་གསེར་གྱི་ཆུ་བོའི་རྒྱུན་ཞེས་བ་
ཡང་གོ་ས་ཡོད་དོ། །

འབྲི་ཆུ་གཙང་པོའི་བཞུར་རྒྱུན་གྱི་ས་ཁམས།

Yangtze_River_Map.Photo from wikipedia
འབྲི་ཆུའི་འགོ་ཁུངས་མཚོ་སྔོན་ཞིང་ཆེན་གྱི་སྐུ་ལྷ་དར་མདུང་ནས་སི་ཁྲོན་དང་བོད་ལྗོངས་
མཐའ་མཚམས་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཡུན་ནན་བར་གྱི་མཚོ་ངོས་ལས་མཐོ་ཚད་ནི་སྨིས་
༥༠༠༠ནས་༡༠༠༠དུ་བར་དུ་ཡོད་ཅིང་།འགོ་ཁུངས་དངོས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་
སྨིས་༤༩༠༠ཡིན།  གཙང་བོའི་འགོ་ཁུངས་དང་སི་ཁྲོན་ཞིང་ཆེན་གྱི་ཡྰེ་པེན་
宜宾ས་ཆའི་
འབབ་རྒྱུད་ཀྱི་མཚོ་ངོས་ལས་མཐོ་ཚད་བསྡུར་ན་སྨིས་༣༠༥མར་བབ་ཡོད་
ཅིང་།དེ་ནི་
གཙང་བོར་གྲུ་གཟིངས་གཏོང་ས་ཐོག་མ་ཡིན།སི་ཁྲོན་ཞིང་ཆེན་དུ་ཆུ་བོ་འགའ་དང་
མཉམ་དུ་འདྲེས་པས་ གཙང་པོ་ཧ་ཅང་ཆེན་པོར་གྱུར་ཡོད། ཡྰེ་པེན་ནས་ཁྲོན་ཆིན་

重庆བར་སྨིས་༡༩༢ཡོད།ཁྲོན་ཆིན་ནས་ཡི་ཁྲང་湖北省宜昌市བར་སྤྱི་ལེ་༣༢༠
དང་མཚོ་ངོས་ལས་མཐོ་ཚད་སྨིས་༤༠ལྷག་མར་བབ་ཡོད་ཅིང་། དེ་ལ་འབྲི་ཆུའི་
སྟོད་རྒྱུད་ཟེར།དེ་རུ་ གཙང་པོ་འགོག་འཕྲང་བརྒྱུད་ཡོད་པ་དང་འགོག་འཕྲང་དེ་དག་
གི་རང་བྱུང་ཡུལ་ལྗོངས་ཧ་ཅང་ལྟ་ན་སྡུག་པ་ཡིན་མོད་གྲུ་གཟིངས་སུ་བསྐྱོད་པར་ཉེན་
ཁ་ཧ་ཅང་ཆེ།

  འབྲི་ཆུ་ནི་སི་ཁྲོན་ཞིང་ཆེན་གྱི་ཡྰེ་པེན་གྲོང་ཁྱེར་བརྒྱུད་ཞིང་ཆེན་དེའི་འབབ་རྒྱུད་ནས་
མིང་དུ་གྲགས་པའི་འབྲི་ཆུའི་འགོག་གསུམ་ཞེས་པ་དེ་ཁྲོན་ཆིན་དང་ཧོའུ་པེ་མཚམས་ཀྱི་
ཝོ་ཧྲན་རི་བོ་ཞེས་པར་བསྐྲུན་པ་ཡོད།ཡི་ཁྲང་
宜昌ནས་ཅང་ཞི་ཞིང་ཆེན་གྱི་ཧོའོ་ཁོའོ་
江西省湖口
 བར་ནི་འབྲི་ཆུའི་བར་རྒྱུད་དང་། ཧོའོ་ཁོའོ་མན་ཆད་ནི་སྨད་རྒྱུད་ཡིན་། 
སྨད་རྒྱུད་དུ་ཀྲུང་གོའི་མི་གྲངས་ཆེས་མང་བ་འདུས་ཤིང་། ཤར་ཕྱོགས་ནས་བརྗོད་ན་
ཡེ་ཁྲང་གྲོང་ཁྱེར་ནི་འབྲི་ཆུ་ཐོག་མར་བརྒྱུད་སའི་གྲོང་ཁྱེར་དང་བོ་ཡིན།

  འབྲི་ཆུ་དེ་ཧོའུ་པེ་བརྒྱུད་རྗེས་ཧུའུ་ནན་གྱི་ཆུ་བོ་མང་བོའི་འགོ་ཁུངས་སུ་གྱུར་པའི་
དོང་ཐེ་མཚོ་ 
洞庭湖སོགས་མཚོ་དང་མཚེའུ་མང་བོ་འདྲེས་ཤིང་། དོང་ཐེ་མཚོ་ནི་
ཧོའུ་ནན་
湖南དང་ཧོའུ་པེ་湖北省ཞིང་ཆེན་གཉིས་ཀྱི་མཚམས་སུ་ཡོད་པ་དང་། 
དེ་མིན་བྱང་ཕྱོགས་སོགས་ཧྲན་ཞི་
陕西ནས་བཞུར་ཡོང་བའི་ཆུ་བོ་མང་བོ་དང་ཧྰན་
གཙང་པོ་
汉江སོགས་ཝུའུ་ཧན་武汉དུ་འདྲེས་ནས་མཚོ་མོར་འདིར་འབབ་པ་ཡིན།
  ཅང་ཞིའི་江西བྱང་ཕྱོགས་ཀྱི་ཕྰོ་ཡང་མཚོ་鄱阳湖ནི་ཀྲུང་གོའི་ཆེས་ཆེ་བའི་ཚྭ་མེད་
མཚོ་ཡིན་ཞིང་དེ་ཡང་འབྲི་ཆུ་སྔོན་མོར་འདྲེས་བ་དང་། དེ་ནས་ཨྰན་ཧེ་
安徽དང་
ཅང་སུའུ་
江苏ཞིང་ཆེན་ནས་ གཙང་པོ་དང་མཚེའུ་སོགས་མང་བོར་འདྲེས་རྗེས་
མཇུག་མཐར་ཧྲང་ཧེ་ནས་རྒྱ་མཚོར་འབབ་པ་རེད།

  ཀྲུང་གོའི་ཚྭ་མེད་མཚེའུ་ཆེན་པོ་ལྔ་ལས་བཞི་ནི་འབྲི་ཆུར་འདྲེས་ཀྱིན་ཡོད་དོ།

 

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com