༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྐྱེ་ཁམས་ཤེས་བྱ།

རྨ་ཆུ་འི་ལོ་རྒྱུས་མདོར་བསྡུས།
རྨ་ཆུ།

YellowRiver.gif

 

རྨ་ཆུ་སྔོན་མོ་ནི་ཀྲུང་གོའི་གཙང་བོ་རིང་བོ་ཨང་གཉིས་པ་དང་འཛམ་གླིང་གི་གཙང་བོ་ལས་ཨང་དྲུག་པར་
བགྲངས་བཞིན་ཡོད།
 རྨ་ཆུའི་འགོ་ཁུངས་ནི་ཀྲུང་གོའི་ནུབ་རྒྱུད་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་
ཨ་ཆེན་གངས་རི་ཡིན་ལ།
 ཆུ་བོ་སྤྱིའི་རིང་ཚད་ལ་སྤྱི་ལེ ༥༤༦༤ཡོད། དེ་ནས་ཞིང་ཆེན་དགུ་བརྒྱུད་མཐར་
ཤར་ཕྱོགས་ཀྱི་པྰོ་ཧེ་རྒྱ་མཚོར་འབབ་པ་དང་།
 རྨ་ཆུའི་ཤར་ནུབ་ཀྱི་འབབ་རྒྱུད་ལ་སྟོང་སྨིས་༡༩༠༠དང་
ལྷོ་བྱང་དུ་སྟོང་སྨིས་༡༡༠༠
 ཡོད་པས་བསྡོམས་འབབ་རྒྱུད་ཀྱི་ཁྱབ་ཁོངས་ས་ཁུལ་ལ་སྟོང་སྨིས་གྲུ་བཞི་མ་
༧༥༢
 ༤༣༣ཡོད།

ཀྲུང་གོའི་ནུབ་ཕྱོགས་ཏེ་རྨ་ཆུའི་འབྱུང་ཁུངས་ནི་ལོ་རྒྱུས་སུ་རིག་གནས་དར་སྔ་བའི་ས་ཆར་བགྲངས་པ་དང་། 
རྨ་ཆུ་ལ་ཀྲུང་གོའི་རིག་གནས་དང་དཔལ་ཡོན་གྱི་འབྱུང་ཁུངས་ཞེས་འབོད་ཀྱི་ཡོད་ལ།
 རྨ་ཆུའི་སྨད་རྒྱུད་དུ་
བསྟུད་མར་ཆུ་ལོག་མང་བོ་བྱུང་རྐྱེན་དེ་ལ་ཀྲུང་གོའི་ན་ཟུག་ཅེས་ཀྱང་འབོད།

 

རྨ་ཆུ། 
འགོ་ཁུངས། མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་རི།
འབབ་ཡུལ། པྰོ་ཧེ་རྒྱ་མཚོ། 
ཁོངས་གཏོགས་རྒྱལ་ཁབ། ཀྲུང་གོ
སྤྱིའི་རིང་ཚད། སྤྱི་ལེ༥༤༦༤
མགོ་ཁུངས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨིས ༤༥༠༠
བཞུར་ཚད། ༢༥༧༡ m³/s
འབབ་རྒྱུད་ཀྱི་ཁྱོན། སྟོང་སྨིས་གྲུ་བཞི་མ ༧༥༢ ༠༠༠
Yellow River

Origin
 Bayan Har Mountains
Mouth Bohai Sea 
Basin countries China
Length 5464 km (3398 mi) 
Source elevation 4500 m (14,765 ft) 
Avg. discharge 2,571 m³/s (90,808 ft³/s) 
Basin area 752 000 km²
 

རྨ་ཆུ་དང་འབྲེལ་བའི་ལོ་རྒྱུས་དང་རིག་གནས་མདོར་བསྡུས།

Yellow River Photo by Martyརྨ་ཆུ་ནི་མ་ཡུམ་ལྟ་བའི་གཙང་བོ་དང་ཀྲུང་གོའི་དཔལ་ཡོན་
གྱི་འབྱུང་ཡུལ་དུ་བརྩི་བ་རེད།  
ཀྲུང་གོའི་ལོ་རྒྱུས་
སྟེང་ནས་སྨྲས་ན་རྨ་ཆུ་ལ་ཀྲུང་གོའི་གཟི་བརྗིད་དང་
ན་ཟུག་ཅེས་པའི་མཚན་སྙན་ཟུང་ལྡན་ཡོད་ལ།
 ལོ་རྒྱུས་སུ་
སྤྱི་ལོ་༦༠༢ནས་ད་ལྟའི་བར་གཙང་བོའི་ཆུ་ལམ་ལ་འགྱུར་ལྡོག་
ཆེན་པོ་ལྔ་བྱུང་ནས་ཆུ་རགས་སོགས་ཐེངས་༡༥༠༠ལྷག་བཤིགས་ཟིན།
  

སྤྱི་ ལོ་༡༡༩༤ལ་ཆུ་ལམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་
བསྟུད་མར་ལོ་༧༠༠ལྷག་ལ་ཧྰེ་གཙང་བོའི་ཆུ་ལམ་ཡོངས་སུ་ཁྱབ་ནས་
ཁྱིམ་ཚང་ཁྲི་མ་འབུམ་མེད་པར་བཏང་བ་རེད།
 ད་ལྟའི་རྨ་ཆུའི་ཆུ་ལམ་
ནི་སྤྱི་ལོ་༡༨༥༥དང་༡༨༩༧ལོ་གཉིས་ཀྱི་མཇུག་མཐའི་འགྱུར་བག་
གི་བཞུར་ལམ་ཡིན་པ་དང་།
 དེང་སང་རྨ་ཆུ་དེ་ཧྲན་ཏུང་གི་ལྟེ་བའི་
གྲོང་ཁྱེར་ཅིན་ནན་བརྒྱུད་ནས་པྰོ་ཧེ་རྒྱ་མཚོར་འབབ་པ་རེད། 

རྨ་ཆུའི་ཆུ་ལོག་གིས་འདས་པའི་མི་གྲངས་ཀྱི་ཚད་དེ་ལན་རེར་འཛམ་གླིང་ལོ་རྒྱུས་སུ་ཡང་མཐོ་ཤོས་སུ་གྱུར་ཡོད།

  དེ་མིན་ཆུ་ལོག་གི་རྒྱུ་རྐྱེན་གཞན་པ་ཞིག་ནི་ནང་སོག་ནས་གཙང་བོའི་དར་ཁ་ཕྱེ་དུས་ཆུ་བོ་ཧ་ཅང་རྒྱས་ནས་ཆུ་ལོག་
འབྱུང་བ་དང་།
  འདས་པའི་དུས་རབས་སྔོན་མའི་ནང་དུ་ཆུ་ལོག་ཆེན་པོ་ཐེངས་བཅུ་གཅིག་རྒྱུག་ནས་
མི་འབོར་དང་རྒྱུ་ནོར་གྲངས་མེད་མེད་བརླགས་བཏང་ཡོད།
  གནའ་བོའི་དུས་སུ་ཆུ་རྐ་བརྐོ་བ་དང་ཆུ་རགས་རྒྱ
ག་པ་སོགས་བྱས་ནས་ཆུ་ལོག་བཀག་འགོག་བྱས་མོད།
 འོན་ ཀྱང་ལས་གཞི་རྒྱ་ཆུང་དྲགས་པའི་རྐྱེན་གྱིས་ལན་རེར་
དེ་དག་ལས་བརྒལ་ནས་ཆུ་ལོག་ སྔོན་དང་བསྡུར་ན་ཇེ་ཆེ་རུ་འགྱུར་སྲིད་པའི་གནས་ཚུལ་ཡང་བྱུང་།

རྨ་ཆུས་ལོ་རེར་ས་སེར་མཐོ་སྒང་ནས་བྱེ་རྡུལ་ཏུན་དུང་ཕྱིར་༡.༦ལྷག་འཁུར་བ་དང་། གལ་སྲིད་དེ་དག་རྒྱ་མཚོ་རུ་དྲངས་པ་
ཡིན་ན་ལོ་རེར་བྱེ་རྡུལ་ཏུན་དུང་ཕྱུར་༡
.༤རེ་འདྲེན་བཞིན་ཡོད་པ་རེད། ལྷག་པར་དུ་སྤྱི་ལོ་༡༩༧༢ལོ་ནས་བཟུང་། རྨ་ཆུའི་
སྨད་རྒྱུད་དུ་ཐེངས་མང་བོར་ཐན་པ་བྱུང་པ་དང་ཁྱད་པར་དུ་ཅི་ནན་ནས་རྒྱ་ མཚོའི་བར་དུ་ལོ་མང་བོར་ཐན་པ་བྱུང་བས་
ཆུ་བོ་ཡང་ཇེ་ཉུང་དུ་སོང་།
 ༡༩༩༧ལོར་ཉིན་༢༢༦ལ་ཐན་པ་བྱུང།  རྨ་ཆུའི་སྨད་རྒྱུད་ཀྱི་ཆུ་དེ་༡༩༥༠ལོར་ནས་བཟུང་ཞིང་ལས་རྒྱ་ཆེར་ཕྱིར་ཞིང་ཆུར་དྲངས་ཡོད། ༡༩༩༩ལོར་ཞིང་ས་སྟོང་སྨིས་
གྲུ་བཞི་མ་༧༤༠༠༠ལ་ཆུ་དྲངས་ནས་མི་གྲངས་བྱེ་བ་༡༤ལྷག་གི་ཟ་མའི་གནད་དོན་ཐག་བཅད་པ་རེད།
 ལོ་རེའི་ཟླ་གསུམ་པ་ནས་
དྲུག་པ་ནི་རྨ་ཆུ་ཞིང་སར་འདྲེན་པའི་དུས་ཚིགས་ཡིན་མོད། ཟླ་དྲུག་པ་ནས་བཅུ་བའི་བར་དུ་ཆར་ཆུ་མོད་པའི་དུས་ཚིགས་
ཡིན་པས་ལོ་རེའི་ཆུ་འབོར་གྱི་བརྒྱ་ཆའི་༦༠དི་རུ་ཟིན་ཡོད།
  ཆུ་འགོག་ས་ཚིགས་འགའ་ཞིག་བཟོས་ཏེ་ཆུ་བོ་ཞིང་སར་
སྤྱོད་པ་དང་ཆུ་ལོག་བཀག་འགོག
 དེ་མིན་ཆུ་གློག་བཟོ་བ་སོགས་ཡོད་ཀྱང་ཆུ་ནང་གི་བྱེ་རྡུལ་འགོག་པར་མིག་སྔར་
ཐབས་ལམ་གང་ཡང་མ་མཆིས་སོ།།
 
ལྷོ་བྱང་ཆུ་འདྲེན་ལས་གཞི་ཞེས་པ་ལས་ནུབ་ཕྱོགས་ཀྱི་ཆུ་བོའི་ཁུངས་ཏེ་འབྲི་ཆུ་ལས་ཆུ་བོ་འདྲེན་པ་དང་། 
ཧྰན་གཙང་བོའི་སྟོད་རྒྱུད་དང་གཙང་བོ་ཆེན་པོ་གསུམ་ནས་འདྲེན་རྒྱུ་བྱ་བའི་གྲོས་གཞི་འདོན་གྱི་ཡོད།
རྨ་ཆུ་རུ་བྱེ་རྡུལ་ཕོན་ཆེན་འདུས་པ་དང་བཞུར་ཚད་དལ་བའི་ས་ནས་བྱེ་རྡུལ་རྣམས་ཆུ་འོག་ཏུ་གསོག་པ་དང་། 
ལོ་འགའ་ཤས་སུ་ཆུ་ལོག་མ་རྒྱུག་ཚེ་གཙང་བོ་དེ་རང་བྱུང་ཆུ་ལམ་ལས་ཁ་རུ་འཕྱོ་དེ་བདེ་ཐང་དུ་ཆུ་ལམ་གསར་བ་
བཟོ་ངེས་ཡིན།
 ལོ་རྒྱུས་ལྟར་ན་ལོ་བརྒྱ་ཡི་ནང་ནས་ཆུ་ལམ་གསར་བ་རེ་བཟོ་བཞིན་ཡོད། དེང་སང་ཆུ་རགས་
རྒྱག་པ་དང་ཆུ་ལོག་བཀོག་འགོག་བྱ་བར་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད།

འོན་ཀྱང་རྨ་ཆུའི་རྒྱ་ཁྱོན་ཡོངས་ལ་སྟོང་སྨིས་གྲུ་བཞི་མ་༨༠༠༠ཡོད་མོད། འོན་ཀྱང་༡༩༩༦ལོར་ནས་བཟུང་ས་ཁྱོན་
དེ་ལོ་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད།

རྨ་ཆུའི་ས་ཁམས།>>

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com