རྨ་ཆུའི་ས་ཁམས།
རྨ་ཆུའི་འགོ་ཁུངས་ཏེ། ཀྲུང་གོའི་ནུབ་ཕྱོགས་ཀྱི་མདོ་སྨད་ཀྱི་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རིའི་རྒྱུད་ཀྱི་
མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཡིན་ཞིང་། དེ་ནས་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཁུག་སོ་ཆེན་པོ་བརྒྱུད་ནས་
ཀྲུང་གོའི་ཤར་ནུབ་ནས་པྰོ་ཧེ་རྒྱ་མཚོར་འབབ་པ་ཡིན། དེའི་འབབ་རྒྱུད་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨིས་
གྲུ་བཞི་མ་༧༥༢༤༤༣ཡོད་ཅིང་དེའི་མཐའ་ཁོར་དུ་བསྡོམས་པས་མི་གྲངས་བྱེ་བ་༡༢ཡོད་དོ།།
རྨ་ཆུའི་འབབ་རྒྱུད་ཀྱི་དབྱེ་ཚུལ་ལ་མཁས་བ་ཚོར་བཞེད་པ་མི་མཐུན་ས་ཡོད་མོེད། སྤྱིར་
བཏང་དུ་རྨ་ཆུའི་
འབབ་རྒྱུད་དེ་སྟོད་སྨད་བར་གསུམ་དུ་བགོས་ཡོད་པ་དང་འདི་ནི་རྨ་
ཆུ་གཙང་བོའི་བདག་གཉེར་ལྷན་ཚོགས་ཀྱི་
དཔྱད་གཞི་དང་མཐུན་པར་བྱས་ཡོད།

འབབ་རྒྱུད་སྟོད་མ།
མཚོ་སྔོན་ཞིང་ཆེན་གྱི་ཡྰ་རྫིའམ་ཞུང་ཧ་ཞེས་པ་རུ་རྨ་ཆུར་ས་སེར་འདྲེས་ནས་ཁ་དོག་སེར་བོར་གྱུར་ཡོད་ཅེས་
བཀོད་འདུག རྨ་ཆུའི་འབབ་རྒྱུད་སྟོད་མ་ནི་རྨ་ཆུའི་འགོ་ཁུངས་ཨ་ཆེན་གངས་རི་རྒྱུད་ནས་ནང་སོག་གི་ཧྰེ་ཁོ་
རྫོང་བར་དུ་ཡིན་པ་དང་། འགོ་ཁུངས་ནས་འདིའི་བར་དུ་སྤྱི་ལེ་༣༤༧༢ཡོད་པ་དང་། འབབ་རྒྱུད་འདིའི་རྒྱ་ཁྱོན་
ལ་སྟོང་སྨིས་གྲུ་བཞི་མ་༣༨༦༠༠༠ཡོད་ཅིང་སྤྱིའི་རྒྱ་ཁྱོན་གྱིས་༥༡.༣%ཟིན། ། འདིའི་བར་གྱི་མཚོ་ངོས་ལས་
མཐོ་ཚད་སྨིས་༣༤༩༦དང་ཆ་སྙོམས་ཀྱི་འབབ་ཚད་ལས༠.༡%ཡིན། འབབ་རྒྱུད་སྟོད་མ་དེ་བརྒྱུད་
ཡུལ་གསུམ་དུ་བགོས་ཡོད། འགོ་ཁུངས་དང་ལུང་ཁུག རི་མ་ཐང་བཅས་ཡིན།
འགོ་ཁུངས་བརྒྱུད་ཡུལ་ནི་ཨ་ཆེན་གངས་རི་་རི་རྒྱུད་ནས་ཨ་མེས་རྨ་ཆེན་བར་ཡིན་ཞིང་། དེ་རུ་ཆུ་བོ་དེ་རི་བོ་
རྩྭ་ཐང་དང་ནེའུ་ཚལ་སོགས་བརྒྱུད་བཞིན་ཡོད་པས། རྨ་ཆུ་དེ་སྔོ་ཞིང་དྭངས་ལ་དལ་བུར་བསྐྱོད་ཀྱིན་ཡོད།
མཚོ་ངོས་ལས་མཐོ་ཚད་སྨིས་༤༢༦༠ན་ཡོད་པའི་མདོ་དབུས་མཐོ་སྒང་གི་ཆེས་ཆེ་བའི་ཚྭ་མེད་མཚེའུ་གཉིས་དེ།
བོངས་ཚད་དུང་ཕྱུར་༤.༧དང་༡༠.༨ཡོད་པའི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱང་བརྒྱུད་ཡུལ་འདི་རུ་ཡོད།
ལུང་ཁུག་བརྒྱུད་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལུང་ཡ་འགག་ནས་ཀན་སུའུ་ཞིང་ཆེན་གྱི་ཆིན་ཐུང་འགག་བར་ཡིན།
དེ་རུ་ལུང་ཁུག་དང་བྲག་བར་དུ་བརྒྱུད་པས་ཆུ་བོའི་ཁ་ཞེང་ཆུང་ལ་བཞུར་ཚད་ཧ་ཅང་མགྱོགས་པོ་ཡོད། བརྒྱུད་ཡུལ་
འདི་རུ་ཆུ་འགག་ས་ཚིགས་བསྡོམས་པས་༢༠ལྷག་དང་གྲགས་ཆེ་བ་ལུང་ཡ་འགག་དང་། ཅྰེ་ཧྲི་འགག། ལུའུ་ཅ་འགག
པྰ་ཕན་འགག ཆིན་ཐོན་འགག་བཅས་ཡོད་ཅིང་བརྒྱུད་ཡུལ་འདིེ་ཆུ་གློག་ས་ཚིགས་བཟོ་བར་མཐུན་རྐྱེན་ཧ་ཅང་
བཟང་བོ་ལྡན་ཡོད།
རྨ་ཆུ་དེ་ཆིན་ཐུང་འགག་ནས་ཕྱིན་ཚེ་རི་མ་ཐང་གི་བརྒྱུད་ཡུལ་དུ་འབྱོར་ཞིང་། བརྒྱུད་ཡུལ་འདི་རུ་གཙོ་བོ་ཡྰིན་ཁྲན་
བདེ་ཐང་དང་ཧྰེ་ཐོ་བདེ་ཐང་ཡིན་ཞིང་ཆུ་སྣ་སོགས་འདྲེས་ས་ཉུང་བ་དང་། ཆུ་བོ་རྩྭ་ཐང་དང་བྱེ་ཐང་བརྒྱུད་བཞིན་
ཡོད་པས་བཞུར་ཚད་ཀྱང་དལ་མོ་ཡིན། ལོ་རྒྱུས་སུ་ཧྰེ་ཐོ་བདེ་ཐང་ནི་ཞིང་ཆུ་འདྲེན་ཡུལ་ཆེན་པོ་ཞིག་དང་། བདེ་ཐང་
དེའི་རིང་ཚད་ལ་སྤྱི་ལེ་༩༠༠དང་ཞེང་ཚད་ལ་སྤྱི་ལེ་༥༠ཡོད།
འབབ་རྒྱུད་བར་མ།
རྨ་ཆུའི་འབབ་རྒྱུད་བར་མ་ནི་ནང་སོག་གི་ཧྰེ་ཁོའུ་ནས་ཧེད་ནན་ཀྲིན་ཀྲུའུ་བར་ཡིན་ཞིང་། དེའི་རིང་ཚད་ལ་
སྤྱི་ལེ་༡༢༠༦དང་རྒྱུད་ཀྱི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ༣༤༤༠༠༠དང་དེའི་སྤྱིའི་རྒྱ་ཁྱོན་གྱིས་༤༥.༧%ཟིན་
གྱི་ཡོད། དེའི་རྒྱུད་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་སྨིས་༨༩༠དང་ཆ་སྙོམས་མར་འབབ་ཚད་ཀྱི༠.༠༧༤%ཡིན།
འབབ་རྒྱུད་བར་མར་ཆུ་སྣ་འདྲེས་ཡུལ་༣༠ལྷག་དང་ཆུ་བོའི༤༣.༥%འདི་ནས་ཇེ་མང་དུ་གྱུར་བ་མ་ཟད། བྱེ་རྡུལ་
གྱི༩༢%ཀྱང་འབབ་རྒྱུད་འདི་ནས་ཡོང་བ་ཡིན།
འབབ་རྒྱུད་བར་མ་ནི་ས་སེར་མཐོ་སྒང་དུ་རྒྱུད་པས་དེ་རུ་བྱེ་རྡུལ་དང་འདམ་བག་ཕོན་ཆེན་གཙང་བོ་རུ་འདྲེས་པས།
རྨ་ཆུ་དེ་འཛམ་གླིང་གི་ཆེས་ཆེ་བའི་སྙིགས་མའི་གཙང་བོ་རུ་གྱུར་བ་རེད། ༡༩༣༣ལོ་ནི་ལོ་རྒྱུས་སུ་རྨ་ཆུས་བྱེ་རྡུལ་
ཁུར་ཚད་ཆེས་མང་བའི་ལོ་ཡིན་ལ་ལོར་དེར་འདམ་བག་ཏུན་དུང་ཕྱུར༣.༩༡ཁུར་བ་རེད། ༡༩༧༧ལོ་ནི་རྨ་ཆུ་རུ་བྱེ་རྡུལ་
སྙིགས་ཚད་ཆེས་མང་ཤོས་ཡིན་ལ་དེ་ནི་༩༢༠kg/m³ཡིན། འབབ་རྒྱུད་སྨད་མ་རུ་བྱེ་རྡུལ་རྣམས་ཆུ་གཞོང་དུ་
གསོག་པ་ན། ཧད་ནན་གྱི་ཁྰེ་ཧྥིན་ས་ཆར་མིང་གྲགས་ཆེ་བའི་བར་སྣང་གི་གཙང་བོ་ཞེས་པ་དེ་གྲུབ་ལ་དེ་ནི་
ཆུ་གཞུང་ལས་སྨིས་༡༠མཐོ་རུ་སོང་ཡོད་པས་སོ།།
ཧྰེ་ཁོའུ་ནས་ཡུའུ་མིན་ཁོའུ་བར་ནི་གཙང་བོ་ལུང་ཁུག་ཏུ་བརྒྱུད་ཡུལ་ཆེས་རིང་ས་ཡིན་ལ། བར་རྒྱུད་འདི་ནི་
ཆུ་གློག་ས་ཚིགས་འཛུགས་ཡུལ་ཨང་གཉིས་པ་དང་། ཀུན་ཏུ་གྲགས་ཆེ་བའི་ཧྰོའུ་ཁོའུ་རྦབ་ཆུ་ཡང་ལུང་བ་
དེའི་རྒྱུད་དུ་ཡོད།
འབབ་རྒྱུད་སྨད་མ།
རིང་ཐུང་ལ་སྤྱི་ལེ་༧༨༩ཡོད་པའི་ཀྲིན་ཀྲུའུ་ནས་རྒྱ་མཚོའི་བར་ལ་འབབ་རྒྱུད་སྨད་མ་ཟེར་ཞིང་། གཙང་བོ་ཧ་པེ་
བདེ་ཐང་བརྒྱུད་ནས་རྒྱ་མཚོར་འབབ་པ་དང་དེའི་འབབ་རྒྱུད་ཀྱི་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་༢༣༠༠༠ཡོད་ལ།
དེས་སྤྱིའི་རྒྱ་ཁྱོན་གྱིས༣%ཟིན་པ་ཡིན། འབབ་རྒྱུད་སྨད་མའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨིས་༩༣.༦
དང་ཆ་སྙོམས་མར་འབབ་ཚད་ཀྱི༠.༠༡༢%ཡིན།
འབབ་རྒྱུད་བར་མ་ནས་བྱེ་རྡུལ་སོགས་ཁུར་ཚད་ཆེ་བས་གཙང་བོ་ཇེ་མཐོར་སོང་བ་དང་། ལོ་ངོ་༢༠༠༠
ལྷག་གི་ཆུ་རྐ་དེ་བྱེ་རྡུལ་གྱིས་ཁེངས་ཤིང་གཙང་བོ་ཐང་གཞུང་དུ་རྒྱུག་ཉེན་ཆེ་ཞིང་། གལ་སྲིད་ད་དུང་
ཆུ་བོ་འགའ་གཙང་བོ་འདིར་འདྲེས་ཚེ་རྨ་ཆུ་དེ་ཧྰེལ་གཙང་བོ་དང་བྱང་ཕྱོགས་ཀྱི་ཧྰེ་གཙང་བོའི་རྒྱུད་དུ་
འབབ་སྲིད་པ་རེད།