གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་དེ་ཟླ་༡༢བའི་ཚེས་༧ཉིན་ཌན་མག་གི་རྒྱལ་ས་ཁོ་ཕེན་ཧ་གྷེན་དུ་ཚོགས་ཡོད་པ་དང་།
ཚོགས་ཆེན་དེའི་སྟེང་དུ་རྒྱལ་ཁབ་༡༩༠ཡི་སྐུ་ཚབ་སླེབས་ཡོད་པར་མ་ཟད་ཨ་རི་དང་ཀྲུང་གོ་གཉིས་ཀྱིས་ད་ལྟ་ནས་
བྱ་འགུལ་སྤེལ་རྒྱུ་གསལ་བསྒྲགས་ཡང་བྱས་འདུག
འོན་ཀྱང་གྲོས་མོལ་གྱི་ནང་དོན་ཞིབ་ཕྲ་ལེགས་གྲུབ་ཅི་ཡོང་
ད་ལྟ་གསལ་བོར་མེད་པ་རེད།
སྤྱི་ཟླ་༡༢་བའི་ཚེས་༡༨་ཉིན་ནི་ཚོགས་ཆེན་དེའི་ཉིན་གལ་ཆེན་ཞིག་ཡིན་ཞིང་ཉིན་དེར་རྒྱལ་ཁབ་༡༠༠་ལྷག་གི་འགོ་ཁྲིད་
རྣམས་ཚོགས་ཆེན་དེར་ཞུགས་རྒྱུ་ཡིན་འདུག
ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དུ་ཐོག་མར་ད་ཐེངས་གི་ཚོགས་ཆེན་འདི་ལེགས་གྲུབ་མ་བྱུང་པ་ན་
མ་འོངས་པའི་མི་རབས་གསར་བ་རྣམས་ཚ་བ་ཆེ་ཞིང་བྱེ་ཐང་ཅན་གྱི་འཛམ་གླིང་ཞིག་ཏུ་གནས་དགོས་པའིགློག་བརྙན་
ཐུང་ངུ་ཞིག་བསྟན་འདུག་པ་རེད།
གློག་བརྙན་དེའི་ནང་དུ་གནམ་གཤིས་སྐྱབས་བཅོལ་བ་བུ་མོ་ཆུང་ཆུང་ཞིག་གིས་༼འཛམ་བུ་གླིང་འདི་སྐྱོབས་རོགས་༽
ཞེས་འབོད་སྐུལ་བྱས་འདུག
ཌན་མག་གི་སྲིད་བློན་ལཱར་སི་ལོཀེ་རཱསི་མུ་སེན་གྱིས་༼Lars
Loekke Rasmussen༽ཚོགས་ཆེན་སྒོ་འབྱེད་པའི་
གསུང་བཤད་གནང་།༼འཛམ་གླིང་གི་རེ་བ་ཁྱེད་ཚོ་ལ་བཅོལ་ཡོད་པ་རེད་༽དང་༼མི་མང་ལ་དགོས་པ་ནི་བྱ་འགུལ་རེད་༽
ཞེས་ནན་བཤད་གནང་འདུག
རྒྱལ་ཁབ་བརྒྱ་ལྷག་གི་སྲིད་འཛིན་རྣམས་ཚོགས་ཞུགས་མ་བྱས་གོང་དུ་ཚོགས་ཞུགས་སྐུ་ཚབས་༣༤༠༠༠ལྷག་གིས་
མཉམ་འབྲེལ་རྒྱལ་ཚོགས་གྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞི་ཚོགས་ཆེན་དུ་UN
Framework Convention
on Climate Change (UNFCCC)གནམ་གཤིས་འགྱུར་ལྡོག་གི་སྐོར་གྲོས་མོལ་བྱེད་རྒྱུ་རེད།
གནམ་གཤིས་འགྱུར་
ལྡོག་གིས་གཏོར་བཤིག་ཚབས་ཆེན་བྱུང་ཡོད་པའི་རྒྱལ་ཁབ་སྐྱོ་བོ་ཁག་ལ་རོགས་རམ་ཅི་ལྟར་བྱེད་པ་དང་།
རབས་བྱུང་ན་འཛམ་གླིང་གི་འགོ་ཁྲིད་ཚང་མས་རྒྱལ་ཡོངས་རང་བཞིན་གྱི་ཆབ་སྲིད་ཀྱི་ལམ་ལུགས་་གནད་དོན་ལ་
ཡང་གྲོས་མོད་བྱེད་རྒྱུ་ཡིན་འདུག
༢༠༡༠ལོར་གྲོས་མོལ་ཞིབ་ཕྲ་བྱེད་རྒྱུ་ཡིན་པ་དང་༢༠༡༢་བའི་ལོ་འཇུག་ཏུ་ཆོད་ཡིག་གི་ནང་དོན་ལག་བསྟར་
བྱེད་རྒྱུ་ཡིན་འདུག
གནད་དོན་གཞན་ཞིག་ནི་གནམ་གཤིས་འགྱུར་ལྡོག་དང་འཛམ་གླིང་ཚ་འགྱུར་གྱི་རང་བཞིན་འདི་ར་འཕྲོད་བྱེད་པའི་
རྒྱབ་ལྗོངས་ཀྱི་ཚན་རིག་ནི་བདེན་པ་མིན་པའི་གནས་ཚུལ་ཞིག་བྱུང་ཞིང་། དེ་ལ་གནམ་གཤིས་སྒོ་ཆེན་༼Climategate༽
ཟེར་བ་རེད། གནམ་གཤིས་སྒོ་ཆེན་འདི་ནི་དབྱིན་ཇིའི་ཤར་ཨན་གྷ་ལི་ཡ་༼University of East Anglia༽
སློབ་ཆེན་གྱི་གནམ་གཤིས་ཞིབ་འཇུག་སྡེ་ཚན་ཁང་གི་ཡིག་ཆ་དང་གློག་ཡིག་མང་པོ་ཞིག་རྩིསའཁོར་
རྐུན་མ་ཞིག་གིས་བརྐུས་ནས་ཕྱིར་ཐོན་པའི་གནས་ཚུལ་ཞིག་རེད།
གནམ་གཤིས་སྒོ་ཆེན་ལ་ཡིད་ཆེས་ཡོད་པ་རྣམས་གྱི་
འདོད་ཚུལ་ནི་ཚན་རིག་པ་རྣམས་ཀྱིས་གནམ་གཤིས་ཀྱི་ཚན་རིག་ཞིབ་ཕྲ་སྤྱི་ལ་ཡོངས་གྲགས་མ་བྱས་པར་
གསང་བ་བྱེད་བཞིན་ཡོད་པར་འདོད་གྱིན་ཡོད།
ཚོགས་ཆེན་འདི་ལ་ཉམས་ཞིབ་བྱེད་མཁན་ཁག་ཞིག་གིས་འདོད་ཚུལ་ལྟར་ན་ཚོགས་ཆེན་འདི་ནི་འཕེལ་རྒྱས་ཅན་གྱི་
རྒྱལ་ཁབ་ཀྱིས་དབྱང་གཉིས་ཐན་རྫས་ཕྱིར་གཏོང་མཚམས་འཇོག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་
དབྱང་གཉིས་ཐན་རྫས་ཕྱིར་གཏོང་ནི་དགོས་འཁོའི་རང་བཞིན་ཡིན་པ་གཉིས་གྱི་རྩོད་པ་ལྟ་བུ་ཞིག་ལ་དངོས་འཛིན་
བྱེད་ཀྱིན་འདུག
ཉེ་སྔོན་གྱི་ཁ་ཡོ་ཐོ་ཆོད་ཡིག།
༼Kyoto
Protocol༽ལས་ལྷག་པས་ཆོད་ཡིག་ཞིག་འཇོགས་མི་ཐུབ་
པར་མ་ཟད་ཆོད་ཡིག་གང་ཡོད་ལག་ལྟར་བྱེད་མ་ཐུབ་པ་ཡིན་ན་ཚོགས་ཆེན་འདི་ལ་ཆོ་མེད་པར་འདོད་མཁན་ཡང་
མང་དག་ཅིག་བྱུང་འདུག
ཐེངས་འདིའི་ཚོགས་ཆེན་དུ་གསར་འགོད་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཉམས་ཞིབ་པ།
སྡོམས་མི་གྲངས་གཅིག་ཁྲི་ལྔ་སྟོང་༼༡༥༠༠༠༽ཞུགས་གནང་ཡོད་པ་རེད།
ཚོགས་ཞུགས་པའི་བདེ་འཇགས་
དང་ཁྲོམ་སྐོར་བྱེད་མཁན་རྣམས་ལ་དོ་དམ་བྱེད་ཆེད་ཌན་མག་རྒྱལ་ཁབ་ཀྱི་ཉེན་རྟོག་པའི་གྲངས་འབོར་ཕྱེད་ཀ་
གོ་སྒྲིག་བྱས་འདུག།
