༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།གསར་འགྱུར།
གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་ཚོགས་ཕོ་ལན་ཊི་ལ་སྐོང་ཚོགས་བྱས་པ།
སྤྱི་ལོ༢༠༠༨ལོའི་ཟླ་༡༢བའི་ཚེས་༡།

སྤྱི་ལོ་༢༠༡༢རྗེས་སུ་གོ་ལའི་གནམ་གཤིས་ འགྱུར་ལྡོག་ལ་མདོང་གཏུགས་བྱེད་པའི་ཐབས་འཇུས་དབྱེ་འབྱེད་ལ་དམིགས་པའི་
གྲོས་ཚོགས་ཞིག་དུས་ཡུན་གཟའ་འཁོར་གཉིས་རིང་ཕོ་ལན་ཊིའི་གྲོང་ཁྱེར་ཕོ་ཛེ་ནན་ལ་སྐོང་ ཚོགས་བྱ་རྒྱུ་ཡིན་པ་དང་། 
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་གྲོས་ཚོགས་འདིར་རྒྱལ་ཁབ་འདྲ་མིན་གྱི་སྲིད་གཞུང་དང་
གཞུང་འབྲེལ་མིན་པའི་ཚོགས་པ།
 ཚན་རིག་དང་ཚོང་ལས་སོགས་ཁྱབ་ཁོངས་ཀྱི་མི་སྣ་ཁྱོན་ཆིག་ཁྲི་ལས་འགལ་བ་
མཉམ་གཞུགས་བྱ་རྒྱུ་ཡིན་པ་རེད།
 དེ་མིན་ཡོ་རོབ་འཁོར་ཡུག་ཚན་པ་(EEA )ཟེར་བས་ཀྱང་ཡོ་རོབ་ནང་གོ་ལའི་གནམ་གཤིས་
འགྱུར་ལྡོག་གི་་ཤུགས་རྐྱེན་དང་གདོང་གཏུགས་ཟེར་བའི་བརྗོད་དོན་སྐོར་གྱི་ཟུར་ ཏོག་བྱེད་སྒོ་ཞིག་༢༠༠༨ལོའི་ཟླ་༡༢
ཚེས་༡༡ཉིན་མོར་སྤེལ་རྒྱུ་ཡིན་པ་རེད།

eu-action.jpgམཉམ་འབྲེལ་རྒྱལ་ཚོགས་གོ་ལའི་གནམ་གཤིས་འགྱུར་ལྡོག་
གདོང་གཏུགས་སྒྲོམ་གཞིའི་སྤྱི་ཆིངས་ཟེར་བར་ཁྱོན་རྒྱལ་ཁབ་
༡༩༢ཀྱིས་མོས་ཐུན་ཚན་རྟགས་འགོད་ཡོད་པ་དང་།
 
སྤྱི་ཆིངས་འདི་ནི་རྒྱལ་སྤྱིའི་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་
ཐད་གདོང་གཏུགས་བྱ་སྤྱོད་སྤེལ་བའི་གནས་འགག་ཆེ་ཤོས་ཀྱི་
གྲོས་མཐུན་དེ་རེད།
 སྤྱི་ཆིངས་འདིའི་ལང་ཕྱོགས་འོག་
ཁ་ཡོ་ཐོ་ཁ་ཡོ་ཐོ་ཆོད་ཡིགགཏན་འབེབ་(
Kyoto Protocol)ཟེར་བར་རྒྱལ་ཁབ་༡༨༣ནས་མོས་ཐུན་ཚན་རྟགས་
འགོད་ཡོད་པ་དང་།
 གཏན་འབེབ་གང་འདིས་བཟོ་ལས་ཅན་རྒྱལ་ཁབ་ཁག་གིས་སྤྱི་ལོ་༢༠༠༨ནས་༢༠༡༢དབར་གྱི་དུས་
ཡུན་རིང་རང་སོ་སོའི་གཙོག་རླུང་ཕྱིར་འདོན་འབོར་ཚད་ཉུང་དུ་གཏོང་དགོས་པའི་རེ་བ་འདོན་ཡོད་་པ་རེད།
 
མཉམ་འབྲེལ་རྒྱལ་ཚོགས་གོ་ལའི་གནམ་གཤིས་ འགྱུར་ལྡོག་གདོང་གཏུགས་སྒྲོམ་གཞིའི་སྤྱི་ཆིངས་དང་ཀྱོ་ཊོ་
གཏན་འབེབ་གཉིས་ལ་ཚན་རྟགས་འགོད་མཁན་རྒྱལ་ཁབ་ཁག་ལོ་རེར་མཉམ་འཛོམས་ཐེངས་གཅིག་རེ་བྱས་ཏེ་འབྲེལ་
ཡོད་སྤྱི་ཆིངས་ཚན་རྟགས་འགོད་མཁན་རྒྱལ་ཁབ་ཀྱི་གྲོས་ཚོགས་(
COP)དང་སྤྱི་ཆིངས་ཚན་རྟགས་རྒྱལ་ཁབ་ཀྱིས་ཁ་ཡོ་ཐོ་
གཏན་འབེབ་ཚན་རྟགས་རྒྱལ་ཁབ་ཀྱི་བསྡུ་ཚོགས་ལ་རམ་འདེགས་ཀྱི་གྲོས་ཚོགས་(
CMP)ཟེར་བ་བཅས་སྤེལ་གྱི་ཡོད་རེད། 

ཉི་མོ་དེ་རིང་(༢༠༠༨ལོའི་ཟླ་༡༢ཚེས་༡)ཕོ་ཛེ་ནན་གྲོང་ཁྱེར་དུ་སྤྱི་ཆིངས་ཚན་རྟགས་འགོད་མཁན་རྒྱལ་ཁབ་ཀྱི་གྲོས་ཚོགས་
(
COP)སྐབས་༡༤དང་སྤྱི་ཆིངས་ཚན་རྟགས་རྒྱལ་ཁབ་ཀྱིས་ཀྱོ་ཊོ་གཏན་འབེབ་ཚན་རྟགས་རྒྱལ་ཁབ་ཀྱི་བསྡུ་ཚོགས་ལ་
རམ་འདེགས་ཀྱི་གྲོས་ཚོགས་(
CMP)སྐབས་༡༤བཅས་འགོ་མཚུགས་པ་དང་། ཟླ་༡༢ཀྱི་ཚེས་༡༡དང་༡༢ཉིན་མོར་ཚད་མཐོའི་
ཆབ་སྲིད་གྲུབ་ཆ་ཐོན་ནས་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
 སྐབས་༡༤སྤྱི་ཆིངས་ཚན་རྟགས་འགོད་མཁན་རྒྱལ་ཁབ་ཀྱི་གྲོས་ཚོགས་
(
COP)རིང་ཚང་འཛོམས་གྲོས་ཚོགས་སྐོང་ཚོགས་བྱ་རྒྱུ་ཙམ་མ་ཟད། ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་གི་
ནགས་ཚལ་གཏོར་སྐྱོན་དང་། ཚན་རྩལ་འཕེལ་རྒྱས་དང་གང་དེའི་ཤུགས་རྐྱེན།
 ངེན་ ཁའི་གནས་བབ་དང་གང་དེར་
གདོང་གཏུགས་བྱེད་པ་སོགས་གནད་དོན་སྐོར་གྱི་འབྲེལ་ཡོད་ ཚོགས་བསྡུ་དང་དངོས་རྫས་གཤམ་སྟོན་བྱེད་སྒོ་སོགས་མང་དག་
ཞིག་སྤེལ་རྒྱུ་ཡིན་པ་ རེད།

གནས་འགག་ཆེ་ཤོས་ཞིག་ལ་གྲོས་ཚོགས་གང་དེས་མུ་ཐུད་དེ་སྤྱི་ལོ་༢༠༡༢རྗེས་ཀྱི་དུས་ ཡུན་རིང་འབྲེལ་ཡོད་གནད་དོན་ལ་
གདོང་གཏུགས་བྱེད་པའི་ཐུན་མོང་གྱི་ལང་ཕྱོགས་ཞིག་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
 དེར་བརྟེན། གྲོས་ཚོགས་གང་དེའི་སྐབས་སུ་
གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཚན་རྩལ་འཕེལ་རྒྱས།
 ངེན་ཁར་བཏང་འཛིན་དང་ངེན་ཁ་ཆུང་དུ་གཏོང་བའི་ཐབས་འཇུས། 
ངེན་གནས་ལ་གདོང་གཏུགས་དང་ཁ་ཡོ་ཐོ་ཆོད་ཡིག་གཏན་འབེབ་(
Kyoto Protocol) ཀྱི་ངེན་གནས་གདོང་གཏུགས་ཐེབས་
སྩ་བཅས་གནད་དོན་ཐད་ལ་ཕྱོགས་ཡོངས་ནས་ཡུན་རིང་གི་མཉམ་་ལས་སྤེལ་བའི་ཐུན་མོང་གི་ལང་ཕྱོགས་ཞིག་ཡོང་རྒྱུར་
གྲོས་བསྡུར་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་རེད།
 མངོན་དཔག་བྱས་པར་གཞིགས་ན། ལོ་རྗེས་མར་ཌེན་མག་གི་གྲོང་ཁྱེར་ཀོ་ཕན་ཧ་ཀན་དུ་
སྐོང་ཚོགས་བྱ་རྒྱུའི་སྤྱི་ཆིངས་ཚན་རྟགས་འགོད་མཁན་རྒྱལ་ཁབ་ཀྱི་གྲོས་ཚོགས་(
COP)ཐེངས་༡༥སྐབས་སུ་སྤྱི་ལོ་༢༠༡༢རྗེས་སུ་
གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་གཏུགས་བྱ་སྤྱོད་སྤེལ་བའི་རྒྱལ་སྤྱིའི་ཐུན་མོངས་ཀྱི་གྲོས་ཆམ་ཞིག་འཇོག་ཐུབ་རྒྱུ་ཡིན་པ་རེད།
 
སྐབས་དེའི་དུས་སུ་ཁ་ཡོ་ཐོ་ཆོད་ཡིག་གཏན་འབེབ་(
Kyoto Protocol)གཞིར་བཟུང་གི་ཐོག་མའི་འབྲེལ་ཡོད་ཁས་ལེན་གྱི་དུས་བཀག་ཡང་མཇུག་སྒྲིལ་གྱི་ཡོད་པ་རེད།

ཡོ་རོབ་འཁོར་ཡུག་ཚན་པའི་(EEA)མཉམ་གཞུགས།

ཡོ་རོབ་འཁོར་ཡུག་ཚན་པའི་(EEA)ཟུར་ཏོག་བྱེད་སྒོའི་སྐབས་སུ་ཚན་པ་འདི་གའི་རྙན་ཞུ་ཡོ་རོབ་ཀྱི་འགྱུར་བ་འགྲོ་བཞིན་པའི་
གནམ་གཤིས་ ཀྱི་ཤུགས་རྐྱེན་སྟེ་དཔྱད་པོག་རྨང་གཞིར་འཛིན་པའི་༢༠༠༨ལོའི་མངོན་རྟགས་གྲངས་ཆ་ ཟེར་བའི་ནང་གི་རྟོག་ཞིབ་
ཆ་འཕྲིན་ཁག་ཅིག་མཚམས་སྤྱོར་བྱེད་རྒྱུ་མ་ཟད།
 གྲོང་ ཁྱེར་ཕོ་ཛེ་ནན་དུ་དངོས་སུ་བསྐྱོད་ནས་འབྲེལ་ཡོད་གྲོས་ཚོགས་སུ་
གཞུགས་མཁན་ཡོ་ རོབ་གླིང་གི་སྐུ་ཚབ་ཚོགས་པར་ཚོགས་བསྡུ་དང་ཐུན་གྲོས་བཅས་སྐབས་སུ་རྒྱབ་སྐྱོར་ བྱེད་རྒྱུ་ཡིན་པ་རེད་དོ།།

 

 

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com