༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།སྐྱེ་ཁམས་ཤེས་བྱ།

ཁོ་ལོ་ར་ཌོ་གཙང་པོའི་གྲོས་མཐུན།
 

ཁོ་ལོ་ར་ཌོ་གཙང་པོའི་གྲོས་མཐུན།  

༡༩༢༨་ལོའི་ཟླ་༡༢་བའི་ཚེས་༢༡་ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐག་བཅད།  
༤༥ Stat. ༡༠༥༧ ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ།  ༣༢༤༝༝༣༢༥་པའི་Cong.༧༠་པ། Sess.༢་པར།
མེག་ཟི་ཁོ་གསར་མའི་སན་་ཧྥེ་(Santa Fe)ནས།
~~~~~~~~~~\\\~~~~~~~~~~

༡༩༢༡ལོའི་ཟླ་༨པའི་ཚེས༡༩ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིའི་མངའ་སྡེ་ཨྰ་རི་ཟོ་ནྰ་དང་། (Arizona) 
ཁྰ་ལི་ཧྥོར་ནི་ཡ་མངའ་སྡེ།  
(California) ཁོ་ལོ་ར་ཌོ་མངའ་སྡེ (Colorado ) ནེ་བ་ཌ་མངའ་སྡེ། (Nevada) 
མེག་ཟི་ཁོ་གསར་མ་མངའ་སྡེ 
(New Mexico) ཡུ་ཐྰ་མངའ་སྡེ (Utah) ཝ་ཡོ་མིན་མངའ་སྡེ (Wyoming) 
བཅས་ལ་གྲོས་མཐུན་འདི་གཏན་ལ་འབེབ་པའི་མཆོག་མཆན་གནང་པ་རེད། དེ་རུ་སྲིད་འཛིན་པ་ཚོས་ཨུ་ཡོན་བསྐོ་བཞག་
བྱས་ཤིང་ཨྰ་རི་ཟོ་ནྰའི་མངའ་སྡེ་གྱི་འཐུས་མི་སྐུ་ཞབས་ནྰོར་ཝོལ་དང་། ཁྰ་ལི་ཧྥོར་ནི་ཡ་མངའ་སྡེ་གྱི་འཐུས་མི་མྰ་ཁི་ཁོ་ལུར།
ཁོ་ལོ་ར་ཌོ་མངའ་སྡེ་གྱི་འཐུས་མི་ཌེལ་ཧྥི་ཁར་ཕེན་ཐྲིར་། ནེ་བ་ཌ་མངའ་སྡེ་གྱི་འཐུས་མི་སི་ཀུར་ཧམ་དང་།  མེག་ཟི་ཁོ་གསར་མའི་
འཐུས་མི
་ཟི་ཌྲེ་ཧྥིན་ཌེ་ཝིན་སི།  ཡུ་ཐྰ་མངའ་སྡེ་གྱི་འཐུས་མི་ཁྰལ་ཌི་ཝེལའོ།  ཝ་ཡོ་མིན་མངའ་སྡེ་གྱི་འཐུས་མི་སྐུ་ཞབས་
ཧྥིན་རེ་ཁྰི་ཨེར་མར་ཟི་བཅས་ཀྱིས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་ཚབ་ཞུགས་པ་སྐུ་ཞབས་
ཧྰ་པྰར་ཋི་ཧོ་ཝར་ལགས་དང་མཉམ་དུ་གྲོས་མཐུན་འདི་གཏན་ལ་ཕབ་པ་རེད།  ཞིབ་ཏུ་གྲོས་མཐུན་༤༢པའི་ཤོག་ངོས་༡༧༡ཏུ་གསལ།

དོན་ཚན་དང་བོ།

གྲོས་མཐུན་གཏན་འབེབས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཁོ་ལོ་ར་ཌོ་གཙང་བོ་འདྲ་མཉམ་ངང་བགོ་བ་དང་བེད་སྤྱོད་བྱ་རྒྱུ། 
རིགས་མི་འདྲ་བའི་ཆུ་བོ་སྤྱོད་པའི་ཁེ་ཕན་ལས་མངའ་སྡེ་ཕན་ཚུན་གྱི་མཛའ་བརྩེ་སྐྱོང་བ་མ་ཟད།  མིག་སྔར་དང་མ་འོངས་པའི་
གནད་དོན་སོགས་ཐག་གཅོད་བྱས་ནས་ཁོ་ལོ་ར་ཌོ་གཙང་བོའི་རྒྱུད་ཀྱི་འཕེལ་རྒྱས་ཆེ་བའི་བཟོ་ལས་དང་ཞིང་ལས། དེ་མིན་རྒྱུ་ནོར་
དང་ཚེ་སྲོག་སོགས་ལ་ཆུ་ལོག་གིས་གྱོང་གུད་མི་ཐེབས་པ་ཁག་ཐེག་བྱ་དགོས་པ་བསྟན་ཡོད།
  དེ་མིན་ཁོ་ལོ་ར་ཌོ་གཙང་བོ་དེ་འབབ་རྒྱུད་
གཉིས་སུ་བགོ་བ་དང་ཁོ་ལོ་ར་ཌོ་གཙང་བོའི་ལམ་ལུགས་ཏུ་འབབ་རྒྱུད་རེ་རེའི་ཆུ་བོ་འདྲ་མཉམ་གྱིས་སྤྱོད་དགོས་པ་ཡང་གླེང་ཡོད།

དོན་ཚན་གཉིས་བ།

   གྲོས་མཐུན་ཏུ་བཀོད་པ་ནི་འདི་ལྟ་སྟེ།

ཀ ཁོ་ལོ་ར་ཌོ་གཙང་བོའི་མ་ལག་ཅེས་པ་ནི་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་གཙང་བོའི་
ཡན་ལག་ཡོངས་དང་དེའི་འབབ་རྒྱུད་ཡོད་ཚད་ལ་གོ་བ་ཡིན།

ཁ    ཁོ་ལོ་ར་ཌོ་གཙང་བོའི་འབབ་རྒྱུད་ཞེས་པ་ནི་ཁོ་ལོ་ར་ཌོ་གཙང་བོའི་མ་ལག་གི་ཆུ་འདྲེན་ས་ཁུལ་ཡོངས་དང་དེ་མིན་
ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་གཙང་བོ་དེའི་འབབ་རྒྱུད་ས་ཆ་ཡོངས་ལ་གོ་བ་ཡིན།

ག   མངའ་སྡེ་སྟོད་མ་ཞེས་པ་ནི་ཁོ་ལོ་ར་ཌོ་མངའ་སྡེ་དང་། མེག་ཟི་ཁོ་གསར་མ། ཡུ་ཐ་མངའ་སྡེ། ཝ་ཡོ་མིན་བཅས་ལ་བརྗོད་པ་ཡིན།

ང་།   མངའ་སྡེ་སྨད་མ་ཞེས་པ་ནི་ཨྰ་རི་ཟོ་ནྰ་མངའ་སྡེ། ཁྰ་ལི་ཧྥོར་ནི་ཡ་མངའ་སྡེ།  ནེ་བ་ཌ་མངའ་སྡེ་བཅས་ལ་བརྗོད་པ་ཡིན།

ཅ   ལྰེས་ (Lee) གྲུ་ཁ་ཞེས་པ་ནི་ཕྰ་རེ་ཨྰ་གཙང་བོའི་འདབ་ནས་ལེ་དབར་གཅིག་ཙམ་གྱི་ཁོ་ལོ་ར་ཌོ་གཙང་བོའི་གཞུང་ཆུའི་གནས་
     དེ་ལ་གོ་བ་ཡིན།

ཆ         གཙང་བོའི་འབབ་རྒྱུད་སྟོད་མ་ཞེས་པ་ནི་ལྰེས་ (Lee) གྲུ་ཁའི་ཡར་སྟོད་ཀྱི་ཨྰ་རི་ཟོ་ནྰ་མངའ་སྡེ། ཁོ་ལོ་ར་ཌོ་མངའ་སྡེ། 
མེག་སི་ཁོ་གསར་མ་མངའ་སྡེ།
 ཡུ་ཐ་མངའ་སྡེ། ཝ་ཡོ་མིན་མངའ་སྡེ་སོགས་སུ་ཁོ་ལོ་ར་ཌོ་གཙང་བོའི་མ་ལག་ཏུ་རང་བྱུང་གིས་
འབབ་པའི་ཆུ་བའི་རྒྱུད་ལ་ཟེར་བ་དང་། དེ་མིན་མིག་སྔར་འབབ་རྒྱུད་མེད་པའི་ས་ཁུལ་ཡིན་རུང་དང་མ་འོངས་བར་གཙང་བོའི་
མ་ལག་ནས་ཞབས་ཞུ་བསྒྲུབ་ཐུབ་པའི་གནས་དག་ལ་གོ་བ་ཡིན།

ཇ        གཙང་བོའི་འབབ་རྒྱུད་ཞོལ་མ་ཞེས་པ་ནི་ལྰེས་(Lee) གྲུ་ཁའི་སྨད་རྒྱུད་ཀྱི་ཨྰ་རི་ཟོ་ནྰ་མངའ་སྡེ་དང་། ཁྰ་ལི་ཧྥོར་ནྰི་ཡ་མངའ་སྡེ། 
ནེ་བ་ཌ་མངའ་སྡེ། མེག་ཟི་ཁོ་གསར་མ་མངའ་སྡེ། ཡུ་ཐ་མངའ་སྡེ་སོགས་སུ་ཁོ་ལོ་ར་ཌོ་གཙང་བོའི་མ་ལག་ཏུ་རང་བྱུང་གིས་
འབབ་པའི་ཆུ་བོའི་རྒྱུད་ལ་ཟེར་བ་དང་། དེ་མིན་མིག་སྔར་འབབ་རྒྱུད་མེད་པའི་ས་ཁུལ་ཡིན་རུང་དང་མ་འོངས་པར་གཙང་བོའི་
མ་ལག་ནས་ཞབས་ཞུ་བསྒྲུབ་ཐུབ་པའི་གནས་དག་ལ་གོ་བ་ཡིན།

ཉ        ནང་ཁུལ་བེད་སྤྱོད་ཞེས་པ་ནི་ཁང་ཁྱིམ་དང་།  གྲོང་ཁུལ། སྒོ་ཕྱུགས། གཏེར་ཁ། བཟོ་ལས  དེ་མིན་གཞན་པར་བཀོལ་བར་གོ་བ་
ཡིན་པ་དང་ཆུ་གློག་བཟོ་བ་ནང་དུ་མི་ཚུད།

དོན་ཚན་གསུམ་པ།

ཀ         ཆུ་བོའི་ཐོན་ཁུངས་མདང་ངེས་ཤིག་ཡོང་ཕྱིར་ཁོ་ལོ་ར་ཌོ་གཙང་བོའི་མ་ལག་ནས་འབབ་རྒྱུད་སྟོད་མ་དང་སྨད་མའི་བར་
ལོ་རེ་རེས་ཆུ་བོ་དབྱིན་མུའུ་
 
(acre feet) གྲུ་བཞི་ལྷམ་པ་ས་ཡ་བདུན་དང་བྱེ་བ་ལྔ་(༧༥༠༠༠༠༠)རེ་འདོན་སྤྲོད་བྱ་ཐུབ་པ་
གཏོང་ཞིང་དེས་ཆུ་བོ་སྤྱོད་མཁན་ཀུན་གྱི་དགོས་མཁོ་སྐོང་ངོ་། །

ཁ       ཚན་པ་ཀ་བའི་ཁ་སྣོན་དུ་ད་དུང་འབབ་རྒྱུད་སྨད་མས་ཆུ་བོ་འདོན་ཚད་དབྱིན་མུའུ་གྲུ་བཞི་ལྷམ་པ་ས་ཡ་གཅིག (༡༠༠༠༠༠༠) 
་ཇེ་མང་དུ་བཏང་ཆོག

ག        ཚན་པ་ཀ་བ་དང་ཁ་བའི་ནང་དོན་ལྟར་ཆུ་བོ་གྲངས་ཚད་འདང་བའམ་ལྷག་མ་ཡོད་ཚེ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་
རྒྱལ་ཁབ་ཀྱིས་མ་འོངས་པར་མེག་ཟི་ཁོ་
(Mexico) རྒྱལ་ཁབ་ཀྱི་ཁོ་ལོ་ར་ཌོ་གཙང་བོ་བེད་སྤྱོད་ཀྱི་དབང་ཆ་ཁས་ལེན་པ་དང་།   གལ་སྲིད་དམིགས་ཚད་ལྟར་མ་འདང་ཚེ་གཙང་བོ་འབབ་རྒྱུད་སྟོད་མ་དང་སྨད་མ་གཉིས་ཀྱིས་འོས་འགན་དེ་འདྲ་མཉམ་གྱིས་
འཁུར་དགོས་ཤིང་།  
ལྰེས་ 
(Lee) གྲུ་ཁ་རུ་ནམ་ཞིག་ལ་ཆུ་མ་འདང་ཚེ་འབབ་རྒྱུད་སྟོད་མ་ནས་འདྲེན་དགོས་བ་དང་ནང་དོན་
ཞིབ་ཏུ་ཚན་པ་ང་བ་ཡི་པ་ནང་དུ་གསལ།

ང      འབབ་རྒྱུད་སྟོད་མས་ལྰེས་(Lee) གྲུ་ཁ་རུ་འབབ་པའི་ཆུ་བོ་ཡོད་ཚད་ལ་ཤུགས་རྐྱེན་མི་ཐེབས་ཤིང་། བསྟུད་མར་ལོ་བཅུ་རིང་
གྲུ་ཁར
་འབབ་པའི་ཆུ་འབོར་དབྱིན་མུའུ་གྲུ་བཞི་ལྷམ་པ་ས་ཡ་བདུན་དང་བྱ་བ་ལྔ་ལས་ཉུང་དུ་མི་འཇུག་པ་མ་ཟད་གྲོས་མཐུན་
འདི་ཟླ་བ་བཅུ་བ་ནས་ངོས་འཛིན་བྱ་རྒྱུ་ཡིན། 

ཅ        འབབ་རྒྱུད་སྟོད་མ་མངའ་སྡེ་གྱིས་ཆུ་འདྲེན་མི་ཆོག་ལ་འབབ་རྒྱུད་སྨད་མའི་མངའ་སྡེ་གྱིས་ཁྱིམ་སྤྱོད་ཆུ་དང་ཞིང་ལས་ས་ཁུལ་དུ་
ཆུ་བོ་མཁོ་འདོན་པའི་གྱི་རེ་བ་སོགས་ཞུ་མི་འོས་སོ།།

ཆ        ཁོ་ལོ་ར་ཌོ་གཙང་བོ་དེ་མ་འོངས་པར་སྟོད་སྨད་མངའ་སྡེ་གཉིས་ཀ་འདྲ་མཉམ་གྱིས་བགོ་བ་དང་བེད་སྤྱོད་བྱ་རྒྱུ་དེ་ཚན་པ་ཀ་བ་
དང་ཁ་བ་ག་བའི་ནང་དུ་མི་གསལ་རུང་། ༡༩༦༣ལོའི་ཟླ་༡༠བའི་ཚེས་༡ཉིན་ནས་དུས་ནམ་ཞིག་ལ་ཆུ་བོ་དེ་ཚན་པ་ཀ་བ་དང་ཁ་བའི་
ནང་དོན་གྱི་ཚད་གཞིར་དེ་སླེབས་ཚེ་ཆུ་བོ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ཡོད་ཆོག་པ་དང་། ནང་དོན་ཞིབ་མོ་ཚན་པ་འོག་མར་གསལ།

ཇ      ཚན་པ་གོང་མས་གླེང་བ་བརྒྱུད་ནས་མ་འོངས་བའི་གཙང་བོ་ཚད་ལྡན་གྱིས་བགོ་ཚུལ་འདི་ལྟ་སྟེ། མིང་རྟགས་འགོད་མཁན་གྱི་མངའ་སྡེ
གང་ཡང་རུང་བ་གཉིས་ཀྱིས་མངའ་སྡེ་དེ་གའི་སྲིད་འཛིན་པའམ་ཡང་ན་མིང་རྟགས་བཀོད་པའི་མངའ་སྡེ་གཞན་པར་གྲོས་མོལ་བྱས་
བ་དང་། དེ་ནས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་ཞུ་དགོས། གོང་རིམ་དུ་ཡར་ཞུ་སྤྲད་རྗེས་སྲིད་འཛིན་
གྱི
ས་འགན་བཞེས་ནས་འཐུས་མི་འཚོགས་འདུ་བསྡུ་བ་དང་། བགོས་མེད་པའི་ཁོ་ལོ་ར་ཌོ་གཙང་བའི་ཆ་ཤས་དེ་འབབ་རྒྱུད་
སྟོད་མ་དང་སྨད་མར་སྙོམས་པོར་བགོ་ཚུལ་དང་འགན་བཞེས་མི་སྣ་སོགས་གཏན་འཁེལ་བྱ་ངེས་ཤིང་།
ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མིང་རྟགས་འགོད་མཁན་གྱི་མངའ་སྡེ་བཅས་ཀྱིས་
དེ་དག་ལ་མོས་མཐུན་ཡོང་དགོས། 

དོན་ཚན་བཞི་བ།

ཀ      མཚོ་ལམ་སྐྱེལ་འདྲེན་གྱིས་ཁོ་ལོ་ར་ཌོ་གཙང་བོ་ཇེ་ཉུང་དུ་གཏོང་ངེས་པས་ཚོང་ལམ་དུ་བཀོལ་བར་མཚམས་འཇོག་པ་དང་།   
གཙང་བོ་བསྐྱེལ་འདྲེན་དུ་བཀོལ་བ་ལས་ཞིང་ལས་དང་དུད་ཁྱིམ།
  དེ་མིན་ནུས་ཤུགས་འདོན་སྤྲོད་སོགས་སུ་བཀོལ་ན་ཕན་པ་ཧ་ཅང་ཆེ་མོད་
ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་པ་འདི་དང་མི་མཐུན་ན་དོན་ཚན་གཞན་པ་རྣམས་སྔར་བཞིན་འགྱུར་མེད་ཡིན། 

ཁ    གྲོས་མཐུན་འདིའི་གཏན་འཁེལ་ནང་བཞིན་ཁོ་ལོ་ར་ཌོ་གཙང་བོའི་མ་ལག་དེ་གློག་ནུས་སོགས་འདོན་པར་ཆུ་བོ་བཀོག་ཡོད་མོད། 
འོན་ཀྱང་དེས་ཁྱིམ་སྤྱོད་དང་ཞིང་ལས་སུ་སྤྱོད་ཚད་ཆེ་ཞིང་ནུས་བ་འབོར་ཆེན་འདོན་གྱི་ཡོད་པས་དེ་ལ་བར་ཆད་དང་
བཀག་འགོག་སོགས་བྱ་མི་རུང་། 

ག     དོན་ཚན་འདི་དག་མངའ་སྡེ་གང་རུང་གིས་ཆུ་བོ་བགོ་བ་དང་སྤྱོད་པ།དེ་མིན་མཐའ་མཚམས་འབྱེད་པར་
གཏན་འབེབས་བྱེད་པ་མ་ཡིན་ནོ།། 
 

དོན་ཚན་ལྔ་བ།

   མིང་རྟགས་འགོད་མཁན་གྱི་མངའ་སྡེ་སོ་སོའི་འགོ་གཙོ་བ་ཚོས་འོས་འགན་བླངས་ཏེ་ཨ་རིའི་ ས་ཆུ་ཁང་གི་འགོ་གཙོ་དང་། ཨ་རིའི་ས་གཤིས་ཞིབ་དཔྱོད་ཚོགས་པའི་འགོ་གཙོ་དང་ལྷན་དུ་ཆུ་བོ་བེད་སྤྱོད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་དང་ཆུ་བོ་བདག་གཉེར་ལ་
དོ་དམ་བྱ་དགོས། དེ་ཡང་གང་དག་རེད་ཟེར་ན།

ཀ    ཁོ་ལོ་ར་ཌོ་གཙང་བོའི་འབབ་རྒྱུད་ཀྱི་འགྱུར་ལྡོག་དང་།  བཞུར་ཚད། ཟད་གྲོན། བེད་སྤྱོད། འདྲེན་སྤོར་ཚད་བཅས་ཀྱི་གནས་ཚུལ་
ངེས་དགོས་བ་མ་ཟད་དེ་དག་མ་ལག་ཅན་དུ་འགྱུར་དགོས།    

ཁ  ལྰེས་ (Lee) གྲུ་ཁའི་ཁོ་ལོ་ར་ཌོ་གཙང་བོར་བལྟ་སྐུལ་ཡང་དག་དང་ལོ་རེ་རེའི་བཞུར་ཚད་སོགས་ཁྱབ་བསྒྲགས་གསལ་བོ་བྱ་དགོས།

ག   འོས་འགན་གཞན་པ་རྣམས་མིང་རྟགས་འགོད་མཁན་གྱི་མངའ་སྡེ་ཕན་ཚུན་གྲོས་མོལ་བྱས་ནས་ཐག་གཅོད་ཆོག་པ་རེད།  

དོན་ཚན་དྲུག་པ།

     མངའ་སྡེ་ཕན་ཚུན་བར་དུ་རྩོད་པའམ་ཡང་ན་རེ་ཞུ་སོགས་འབྱུང་ངེས་ཤིང་དེ་ཅིའི་ཕྱིར་ཞེ་ན།  གྲོས་མཐུན་འདི་རུ་ཁོ་ལོ་ར་ཌོ་
གཙང་བོའི་མ་ལག་སྲུང་སྐྱོབ་སྐོར་ཀྱི་ནང་དོན་མི་ཚུད་པ་རྒྱུ་རྐྱེན་དང་བོ་དང་།  གྲོས་མཐུན་འདི་ལས་བརྒལ་བའི་གནད་དོན་ལག་ལྟར་
བྱ་ཚུལ་མི་ཚུད་པ་རྒྱུ་རྐྱེན་གཉིས་བ།   གྲོས་མཐུན་འདི་རུ་ཆུ་བོ་སྐྱེལ་འདྲེན་ནམ་གནད་དོན་ལག་བསྟར་དང་དེའི་འོས་འགན་བསྐོ་བཞག་
སོགས་མི་ཚུད་པ་གསུམ་པ།  ཁོ་ལོ་ར་ཌོ་གཙང་བོ་འགག་ཕྲེང་དག་མངའ་སྡེ་གཉིས་སམ་གཉིས་ལས་མང་བའི་ས་རུ་ཞིག་གསོ་དང་
བཟོ་བསྐྲུན་གྱི་ལས་འཆར་མི་ཚུད་པ་མ་ཟད། དེ་མངའ་སྡེ་གཅིག་ནས་བཟོ་བའམ་མངའ་སྡེ་མང་བོ་ནས་བཟོ་བ་སོགས་གྲོས་མཐུན་འདི་
རུ་མི་འདུ་བ་བཞི་བ།     མངའ་སྡེ་གཅིག་ནས་མངའ་སྡེ་གཞན་པར་ཆུ་བོ་འདྲེན་པར་མངའ་སྡེ་དེ་གའི་སྲིད་འཛིན་པ་ལ་ཡར་ཞུ་དང་།  ལམ་སང་འཐུས་མི་པར་བརྒྱུད་བསྒྲོགས་བྱེད་ནས་རྩོད་གཞི་དང་རེ་ཞུ་སོགས་མངའ་སྡེ་དེས་མོས་མཐུན་ནང་བཞིན་འདུམ་པར་འཇུག་ཚུལ་
སོགས་གྲོས་མཐུན་འདིར་མི་ཚུད་པ་ལྔ་བའོ།།

   གོང་དུ་བཀོད་པའི་རྩོད་པ་དང་རེ་ཞུ་ཚང་མ་ཐག་གཅོད་ཚུལ་གྱི་གཏན་འབེབས་སོགས་ད་ལྟའི་གྲོས་མཐུན་འདིར་ཚུད་མེད་པ་དང་མ་འོངས་
བར་མངའ་སྡེ་དེ་ཚོའི་གནས་ཚུལ་དམིགས་ནས་གཏན་འབེབ་བྱ་དགོས།  

 དོན་ཚན་བདུན་པ།

    ད་དུང་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཨིན་དེ་ཨན་ནམ་གདོད་མའི་འཚོ་ཁག་ (Indian tribes )དང་འབྲེལ་ཡོད་ཀྱི་
འོས་འགན་སོགས་གྲོས་མཐུན་འདི་རུ་ཅི་ཡང་མི་འདུས་སོ།།

དོན་ཚན་བརྒྱད་པ།

  ད་ལྟའི་བཀོལ་སྤྱོད་པ་ཚོས་ཁོ་ལོ་ར་ཌོ་གཙང་བོ་སྤྱོད་པའི་ཁེ་དབང་ལ་གྲོས་མཐུན་འདིའི་གནོད་སྐྱོན་ཅི་ཡང་ཐེབས་མེད་མོད།  འོན་ཀྱང་ཁོ་ལོ་ར་ཌོ་གཙང་བོའི་གཞུང་ཆ་ནས་ཆུ་འབོར་ཐོན་ཚད་དབྱིན་མུའུ་གྲུ་བཞི་ལྷམ་པ་ས་ཡ་ལྔ་ (༥༠༠༠༠༠༠)ཐོན་ཚེ་འབབ་རྒྱུད་ཞོལ་མས་འབབ་རྒྱུད་སྟོད་མར་ཆུ་བོ་སྤྱོད་པའི་ཁེ་དབང་གསར་བ་དག་བསྒྲགས་ངེས་ཤིང་དོན་ཚན་གསུམ་པ་དང་
འགལ་མི་རུང་།

  ཁོ་ལོ་ར་ཌོ་གཙང་བོ་སྤྱོད་པའི་ཁེ་དབང་གཞན་རྣམས་འབབ་རྒྱུད་ཀྱི་བེད་སྤྱོད་མཁན་ཚོར་ཡིད་ཚིམ་པ་ཞིག་ཡོང་བ་བྱ་དགོས།

དོན་ཚན་དགུ་བ།

 གྲོས་མཐུན་འདི་རུ་མངའ་སྡེ་གང་རུང་གི་ལམ་ལུགས་དང་ཁྲིམས་མཐུན་བྱ་འགུལ་སོགས་རྒྱུད་འཛིན་བྱ་བའི་ཁེ་དབང་སོགས་སྲུང་སྐྱོབ་
བྱ་བའི་ནང་དོན་ཅི་ཡང་མི་འདུས །

དོན་ཚན་བཅུ་བ།

 མངའ་སྡེ་ཕན་ཚུན་མོས་མཐུན་བྱུང་ཚེ་གྲོས་མཐུན་འདི་ནམ་ཞིག་ལའང་མཇུག་བསྒྲིལ་ཆོག་པ་དང་། གྲོས་མཐུན་མཇུག་བསྒྲིལ་བའི་སྐབས་སུ་མ་འོངས་པར་ཕན་ཚུན་གནོད་པའི་ཁེ་དབང་སོགས་གཏན་འབེབ་བྱ་མི་འོས།                        

དོན་ཚན་བཅུ་གཅིག་པ།

གྲོས་མཐུན་འདི་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མངའ་སྡེ་སོ་སོའི་ཁྲིམས་དཔྱོད་ཁང་བཅས་ཀྱི་ཆོག་མཆན་ཐོབ་པ་ནས་དངོས་སུ་
ལག་བསྟར་བྱ་ཆོག་མོད།  འོན་ཀྱང་ཁྲིམས་དཔྱོད་ཁང་གིས་གཏན་འབེབས་བརྡ་ཡིག་དེ་མངའ་སྡེ་སོ་སོའི་སྲིད་འཛིན་པ་རྣམས་དང་
ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་འཛིན་བཅས་ཀྱིས་གནང་དགོས་བ་མ་ཟད།  ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་
ཐག་བཅད་པའི་ཡིག་ཆ་དེ་མངའ་སྡེ་སོ་སོའི་སྲིད་འཛིན་པ་ཚོར་ཨ་རིའི་སྲིད་འཛིན་གྱིས་བསྒྲགས་དགོས་བ་ཡིན།   

བདེན་དཔང་དུ།

འཐུས་མི་ཚོས་མིང་རྟགས་བཀོད་ཡོད་པའི་གྲོས་མཐུན་འདིའི་མ་དཔེ་ཐོག་མ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་
ཡིག་ཚགས་ཁང་དུ་ཡོད་པ་དང་། མངའ་སྡེ་སོ་སོའི་སྲིད་འཛིན་པ་ཚོར་གྲོས་མཐུན་
གྱི་དཔང་ཡིག་དཔར་མ་རེ་ཡོད་དོ།།

སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ཉི་ཤུ་རྩ་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་མེག་ཟེ་ཁོ་གསར་མའི་སན་ཐ་ཧྥེ་གྲོང་ཁྱེར་ནས།

སྐུ་ཞབས་ནྰོར་ཝོལ་དང་། W. S. Norviel
མྰ་ཁི་ཁོ་ལུར།  
W. F. McClure
ཤིང་བཟོ་བ།
 ཌེལ་ཧྥི་ཁར་ཕེན་ཐྲིར་། Delph E. Carpenter
སི་ཀུར་ཧམ་དང་། 
J. G. Scrugham
ཟི་ཌྲེ་ཧྥིན་ཌེ་ཝིན་སི། 
Stephen B. Davis, Jr. 
ཁྰལ་ཌི་ཝེལའོ། 
 R. E. Caldwell
ཧྥིན་རེ་ཁྰི་ཨེར་མར་ཟི
   Frank C. Emerson 
སྐུ་ཞབས་ཧེར་བྷེར་ཋི་ཧོ་ཝེར་ (Herbert Hoover) ལགས་ཀྱིས་དངོས་སུ་ཆོག་མཆན་གནང་། 

 

ཡིག་སྒྱུར་གྱི་མིང་ཚིག་གསལ་བཤད།

acre‑feet དབྱིན་མུའུ།
Arizona
 ཨྰ་རི་ཟོ་ནྰ།
California 
ཁྰ་ལི་ཧྥོར་ནི་ཡ།
Colorado 
ཁོ་ལོ་ར་ཌོ།
Delph E. Carpenter
  ཌེལ་ཧྥི་ཁར་ཕེན་ཐྲིར།
Frank C. Emerson 
ཧྥིན་རེ་ཁྰི་ཨེར་མར་ཟི

Herbert Hoover  ཧེར་བྷེར་ཋི་ཧོ་ཝེར།
Indian tribes
 
ཨིན་དེ་ཨན་ནམ་གདོད་མའི་འཚོ་ཁག

J. G. Scrugham སི་ཀུར་ཧམ།
Lee
  ལྰེས།
Nevada
  ནེ་བ་ཌ།
New Mexico
 
མེག་ཟི་ཁོ་གསར་མ།
Paria River
 ཕྰ་རེ་ཨྰ་གཙང་བོ།
R. E. Caldwell 
ཁྰལ་ཌི་ཝེལའོ
Santa Fe སན་་ཧྥེ།

Stephen B. Davis, Jr. 
ཟི་ཌྲེ་ཧྥིན་ཌེ་ཝིན་སི་གཞོན་པ།
Utah
 
ཡུ་ཐྰ།
W. F. McClure 
མྰ་ཁི་ཁོ་ལུར
W. S. Norviel
 ནྰོར་ཝོལ།
Wyoming
 
ཝ་ཡོ་མིན།

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com