གསར་འགྱུར།
ཀྲུང་གོ་དང་ཉི་ཧོང་གཉིས་ཀྱི་ནུས་པའི་འབྱུང་ཁུངས་ཐད་ཀྱི་མཉམ་ལས།
སྤྱི་ལོ་༢༠༡༡་ཟླ་༡༡ཚེས་༢༨་
ཀྲུང་གོ་དང་ཉི་ཧོང་གཉིས་ཀྱིས་ཁོར་ཡུག་དང་ནུས་ཤུགས་འབྱུང་ཁུངས་ཐད་ལ་ལོ་ལྔ་ཡིའི་འཆར་གཞི་མཉམ་ལས་ཞིག་ལ་མིང་རྟགས་བཀོད་པ་གསལ་སྒྲགས་བྱས།
ལས་འཆར་དེ་ལ་སྡེ་ཚན་༥༡་ཡོད་ཅིང་གཙོ་ཆེ་བ་ས་དྲོད་ནུས་པ་ལགས་ལེན་རྒྱ་ཆེར་གཏོང་བ་དང་དེ་ལ་ཚན་རིག་ལག་དང་དཔལ་འབྱོར་ཀྱི་ལས་རིགས་མང་དག་གཅིག་འ་འབྲེལ་པ་ཡོད་སྟབས་ཀྲུང་ཉི་གཉིས་ཀྱི་མཉམ་ལས་རྒྱ་ཇེ་ཆེར་འགྲོ་རྒྱུ་གཏོང་བཞིན་ཡོད་པ་རེད།
མཉམ་ལས་འདིས་ཀྲུང་ཉི་ལ་ཁོར་ཡུག་སྲུང་སྐྱོད་ཐད་ཀྱི་ལས་གྲྭ་ལག་ལེན་བྱེད་པའི་གོ་སྐབས་སྐྲུན་ཡོད་པ་མ་ཟད་དཔལ་འབྱོར་གོང་འཕེལ་གྱི་གོ་སྐབས་ཡང་སྐྲུན་ཡོད་པ་རེད།
ཉི་ཧོང་ཀྱི་ས་ཡོམ་དང་རྡུལ་ཕྲན་གྱི་ཉེན་ཁ་སོགས་ཀྱི་རྐྱེན་གྱིས་རྡུལ་ཕྲན་ནུས་པ་ལ་མ་བརྟེན་པའི་ནུས་པའི་འབྱུང་ཁུངས་གཞན་ཞིག་མི་འཚོལ་ཀ་མེད་བྱུང་ཡོད་པ་དང་། ཐེངས་འདིར་ཀྲུང་གོ་དང་མཉམ་ལས་ཀྱིས་ས་དྲོད་ནུས་པ་ལག་ལེན་བྱེད་པའི་ཚན་རྩལ་སྔར་ལས་ཀྱང་ཡར་རྒྱས་གཏོང་འཆར་ཡོད་པ་རེད།



