༄།སྐྱེ་ཁམས་ཤེས་བྱ།
༄།ཁྲིམས་ལུགས།
༄།གསར་འགྱུར།
༄།གློག་བརྙན།
༄།མི་སྣ།
༄།ཡུལ་ལྗོངས།
༄།སྲོག་ཆགས།
༄།བྱིས་པའི་སློབ་གསོ།
༄།དྲི་བ་དྲི་ལན།
༄།འདྲ་དཔར།
༄།ས།
༄།ཆུ
༄།མེ།
༄།རླུང་།
 
༄།བོད་ཡིག་ཕབ་ལེན།
༄།གསར་འགྱུར།

ཁོ་ཕེན་ཧ་གྷེན་གནམ་གཤིས་ཚོགས་ཆེན་གྱི་འཇུག་འབྲས།
སྤྱི་ལོ་༢༠༠༩་ཟླ་༡༢ཚེས་༣༠་ གཟའ་ཟླ་བ


རྒྱལ་ཁབ་༡༩༢་ཀྱི་སྐུ་ཚབ་རྣམས་ཁོ་ཕེན་ཧ་གྷེན་དུ་འཛོམས་ནས་བདུན་ཕྲག་གཉིས་ཀྱི་རིང་ལ་མཉམ་འབྲེལ་རྒྱལ་ཚོགས་གྱི་
གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཚོགས་ནས་མ་འོངས་པའི་རྒྱལ་སྤྱིའི་ཐན་རྫས་(CO2)ཕྱིར་གཏོང་གི་གྲོས་མཐུན་
བཙན་པོ་ཞིག་འཇོགས་ཐུབ་པའི་རེ་བ་བྱས་ཡོད། ཁོ་ཕེན་ཧ་གྷེན་གྱི་ཚོེགས་ཆེན་འདིས་ཉེ་ཆར་གྱི་ཟླ་བ་འདིའི་ནང་དུ་
སྐད་གྲགས་ཆེན་པོ་བྱུང་བ་དང་ནུས་པ་ངེས་ཅན་ཐོན་པར་ཁོར་ཡུག་སྲུང་སྐྱོབ་མི་སྣ་མང་པོས་རེ་བ་ཆེན་པོ་བཅིང་
ཡོད་པ་རེད།
རྒྱལ་ཁབ་མང་པོ་ཞིག་གི་འགོ་ཁྲིད་ཀྱིས་ད་རེའི་ཚོགས་ཆེན་འདིའི་སྟེང་ནས་གནམ་གཤིས་ཀྱི་གནད་དོན་ལ་ནུས་པ་ཐོན་པའི་
རྒྱལ་སྤྱིའི་ཁྲིམས་ལུགས་ཞིག་འཛུགས་རྒྱུའི་གོ་སྐབས་ཡོད་པའི་རེ་བཟུང་། འོན་ཀྱང་ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་
ཐན་རྫས་ཕྱིར་གཏོང་ཚད་བཀག་གི་དམིགས་ཚད་ཡོངས་བསྒྲགས་བྱས་ནས་ཚོགས་ཆེན་གྱི་རྒྱུད་རིམ་ལ་སྔར་ལས་
བཟང་ཕྱོགས་ཀྱི་ནུས་པ་གསར་པ་བསྣན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལས་རིགས་ཀྱི་འགན་འཛིན་མཐོ་ཤས་ཡེ་ཝོ་དི་བྷོར་(Yvo de Boer,)ནི་ཚོགས་ཆེན་འདིའི་གྲོས་གཞི་གྲོས་མོད་བྱེད་མཁན་གཙོ་བོ་ཡིན་པ་དང་ཁོང་གིས་རེ་འདོད་ནི་འཕེལ་རྒྱས་ཅན་གྱི་
རྒྱལ་ཁབ་ཁག་གིས་མ་འོངས་པའི་ལོ་༡༠་ནས་༡༥་ནང་དུ་ཉུང་མཐའ་ཡང་ཐན་རྫས་ཕྱིར་གཏོང་གི་བརྒྱ་ཆ་༥༠་
ཉུང་དུ་བཏང་ནས་༢༠༥༠་ལོར་ཕྱིར་གཏོང་ཚད་གཞི་དེ་༢༠༠༠་ཚད་གཞི་ལ་སླེབས་དགོས་པའི་སྐུལ་མ་བྱས་ཡོད།
ཚོགས་ཆེན་འདིའི་སྟེང་གི་ཚོགས་ཞུགས་རྒྱལ་ཁབ་གཙོ་བོ་ཁག་ནི་གཤམ་གསལ།

ཨ་མེ་རི་ཀ

ཨ་རི་ནི་འཛམ་གླིང་གི་རྡོ་སྣུམ་བེད་སྤྱོད་བཏང་གཙོ་པོ་ཡིན་པས་ཐན་རྫས་ཕྱིར་གཏོང་མཁན་
ཨང་གཉིས་པ་ཡིན། སྟོབས་ཆེན་རྒྱལ་ཁབ་འདི་ད་རེ་ཚོགས་ཆེན་འདིའི་སྟེང་དུ་གྲོས་ཞུགས་བྱས་
ཀྱང་སྔོན་གྱི་ཁ་ཡོ་ཐོ་ཆིངས་ཡིག་དངོས་ལེན་བྱས་མེད། ཐན་རྫས་ཕྱིར་གཏོང་ལ་ཨ་རིའི་རྒྱལ་ཁབ་
ནང་ཁུལ་དུ་ཁྲིམས་ལུགས་གཏན་འབེབས་བྱས་ན་ནུས་པ་ཐོན་ཀྱང་ཨ་རིའི་རྒྱལ་ཚོགས་ཀྱིས་དེའི་
སྐོར་ལ་ཁྲིམས་ལུགས་བཟོ་རྒྱུ་ཕྱི་འགྱང་བྱས་ནས་བསྡད་ཡོད།
ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཚོགས་ཆེན་འདིའི་སྟེང་དུ་ཕྱིར་གཏོང་ཚད་བཀག་བཟོས་པ་མུས་
འཐུན་ཡོད་པ་དང་ནང་དོན་སྙིང་ལྡན་པ་ཡིན་པར་མ་ཟད་མངོན་གྱུར་བྱེད་ཐུབ་པ་ཞིག་རེད་
ཞེས་བཤད། ཨོ་བྷ་མས་གནས་སྐབས་ཙམ་གྱི་ཐན་རྫས་ཕྱིར་གཏོང་ཚད་བཀག་གི་གྲོས་འཆར་ནི་
༢༠༢༠ལོ་ཡི་ཐན་རྫས་ཕྱིར་གཏོང་གི་ཚད་དེ་༢༠༠༥ལོའི་ཚད་དང་ཆ་མཉམ་པའི་གྲོས་འཆར་ཞིག་
བཏོན་ཡོད་པ་རེད།

ཀྲུང་གོ

བཟོ་ལས་ཧ་ཅང་ཆེ་བའི་ཀྲུང་གོ་རྒྱལ་ཁབ་ནི་ཐན་རྫས་ཕྱིར་གཏོང་ཆེས་ཆེ་བ་དང་ཆེས་མི་གྲངས་མང་
བའི་འཛམ་གླིང་གི་རྒྱལ་ཁབ་ཉེག་ཅིག་ཏེ་ཡིན། ལོ་རྒྱུས་ཀྱི་ནང་དུ་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་
ཁག་དང་གཅིག་མཚུངས་གི་ཐན་རྫས་ཕྱིར་བཏང་བྱས་མེད་པས་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་ཁག་གིས་
མགོ་ཁྲིད་ནས་ཐན་རྫས་ཕྱིར་གཏོང་ཚོད་འཛིན་དངོས་ཅན་བྱེད་དགོས་པའི་རེ་འདུན་བཏོན་ཡོད།
 “འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་རེ་མདུན་འདོན་
མི་འོས་ལ་དེ་ནི་རྒྱུ་མཚན་དང་ལྡན་པ་མ་རེད་” ཞེས་བཤད། ཀྲུང་གོའི་གནམ་གཤིས་སྐུ་ཚབ་
ཡུ་ཆེན་ཐོའོ་(Yu Qingtai)ཡིས་གསར་འགོད་པར་བཤད་རྒྱུ་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་དག་གིས་
རང་ཉིད་ཀྱིས་བཟོས་བའི་དཀའ་ངལ་དེ་རང་ཉིད་ཀྱིས་ཇི་ལྟར་སེལ་བར་མ་ལྟོས་པར་འཕེལ་རྒྱས་
འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་ཐན་རྫས་ཕྱི་གཏོང་ཚོད་འཛིན་བྱེད་དགོས་པའི་ཆ་རྐྱེན་འདོན་པ་ནི་
རྒྱུ་མཚན་ལྡན་པ་མ་རེད་ཟེར།

ཀྲུང་གོའི་རྒྱལ་ཁབ་ཀྱིས་ཐན་རྫས་(CO2)ཕྱིར་གཏོང་གི་དམིགས་ཚད་དེ་བརྒྱ་ཆ་༤༠ནས་༤༥་ཉུང་དུ་
བཏང་ནས་༢༠༢༠་ཕྱིར་གཏོང་གི་ཚད་དེ་༢༠༠༥་དང་མཉམ་པར་བྱེད་རྒྱུ་ཁས་ལེན་བྱས་ཡོད།

རྒྱ་གར།

རྒྱ་གར་ནི་ཐན་རྫས་ཕྱིར་གཏོང་བྱེད་མཁན་ཨང་བཞི་པ་ཡིན་ཞིང་ད་རེ་གྲོས་ཚོགས་འདིའི་སྟེང་དུ་ཞུགས་ནས་
འཕེལ་རྒྱས་ཅན་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཐན་རྫས་ཕྱིར་གཏོང་ཚོད་འཛིན་བྱེད་དགོས་པ་དངོས་ལེན་
མེད་པའི་ང་རྒོལ་ཤུགས་ཆེན་བྱས་ཡོད།  གནམ་གཤིས་འགྱུར་ལྡོག་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་བརྟན་ལྷིང་
སོགས་ལ་འབྲེལ་བ་ཡོད་པས་རྒྱལ་ཁབ་ཁག་གིས་དང་བླང་གི་སྒོེ་ནས་ཕྱིར་གཏོང་ཚོད་འཛིན་བྱེད་དགོས་པའི་
གྲོས་འཆར་བཤད།  རྒྱ་གར་རྒྱ་ཡོངས་ཀྱིས་ཆ་ནས་ཕྱིར་གཏོང་ཚོད་འཛིན་དམིགས་ཚད་ནི་རྒྱ་ཆ་༢༠་ནས་
༢༥་ཉུང་དུ་བཏང་ནས་༢༠༢༠་ལོ་ཡི་གཏོང་ཚད་དེ་༢༠༠༥་ཡི་ཚད་དུ་སླེབས་ཐུབ་པར་བྱེད་རྒྱུའི་གྲོས་གཞི་བསྒྲགས།

ཡོ་རབ་མཉམ་འབྲེལ།  ༼རྒྱལ་ཁབ་༢༧་༽

ཡོ་རབ་ནི་ཐན་རྫས་ཕྱིར་གཏོང་མཁན་ཨང་ལྔ་བ་ཡིན་ཞིང་གྲོས་ཚོགས་འདི་སྟེང་དུ་གྲོས་མཐུན་བྱེད་པའི་
སྐུ་ཚབ་གཙོ་བོ་ནི་ཡོ་རབ་ཡིན་པ་དང་ཡོ་རབ་ཀྱིས་༢༠༢༠་ལོ་ལ་༡༩༩༠་ལོ་ཡི་ཚད་དུ་སླེབས་ཐུབ་པར་
བྱེད་རྒྱུ་མོས་མཐུན་བྱས་ཡོད།  ༢༠༡༠ལ་ཡོ་རབ་ཀྱི་སྲིད་འཛིན་ཇྷོ་སེ་མན་ནེལ(
José Manuel Barroso)
གཙོ་བྱས་ནས་རྒྱལ་སྤྱིའི་གྲོས་མཐུན་འཇོག་རྒྱུའི་སྙན་ཞུ་འབུལ་གྱིན་ཡོད་པ་རེད།

གྲོས་མཐུན་ཀྱི་བརྗོད་བྱ་ཞིབ་ཕྲ་ཁག་ཞིག་ནི་གྲོད་ཁང་གི་ཐན་རྫས་ཕྱིར་གཏོང་ཚད་བཀག་དང་།
ནུས་ཤུགས་གཙང་མའི་ལག་རྩལ། རྒྱལ་སྤྱིའི་རང་བཞིན་ཀྱི་དོ་དམ་སོགས་ཀྱི་ཐད་ལ་གྲོས་བསྡུར་བྱས་ཡོད། 
ཁ་ཡོ་ཐོ་ཆིངས་ཡིག་གི་སྟེང་དུ་ཆིངས་ཡིག་གསར་བ་འཇོགས་པའི་ནུས་ཤུགས་འདོན་བཞིན་ཡོད་ཀྱང་།
རྒྱ་གར་དང་ཀྲུང་གོ་གཉིས་ཀྱི་དཔལ་འབྱོར་རྒྱས་འགྲོ་བཞིན་ཡོད་པའི་རྒྱུ་མཚན་གྱིས་ཨ་རིས་ཁ་ཡོ་ཐོ་
ཆིངས་ཡིག་ལ་ཁས་ལེན་བྱས་མེད། གནས་ཚུལ་འདི་འདྲ་ཞིག་གི་འོག་ནས་ཆིངས་ཡིག་གསར་འཇོགས་
བྱེད་པ་ཧ་ཅང་བཀའ་བའི་གནས་ཞིག་རེད།

༡༩༩༧ལོའི་ཁ་ཡོ་ཐོ་ཆིངས་ཡིག་འཇོགས་སྐབས་ཡོ་རབ་ཀྱི་འཕེལ་རྒྱས་ལྡན་པའི་རྒྱལ་༣༧་ཀྱི་ཐན་རྫས་
ཕྱིར་གཏོང་བརྒྱ་ཆ་༥་ཏེ་ཉུང་དུ་བཏང་ནས་༢༠༠༨ནས་༢༠༡༢་གྱི་ཕྱིར་གཏོང་གི་ཚད་དེ་༡༩༩༠ལོའི་
ཚད་དུ་སླེབས་སུ་འཇུག་རྒྱུའི་ཁས་ལེན་བྱས།
གལ་ཏེ་ཁ་ཡོ་ཐོ་ཆིངས་ཡིག་གི་ནང་དོན་ལག་ལྟར་
མ་བྱས་པ་ཡིན་ན་ཨ་རིའི་རྒྱ་སྤྱིའི་སྤྱི་ཚོགས་ཀྱི་སྟེང་དུ་ཐན་རྫས་ཕྱིར་གཏོང་གི་ཐད་ལ་ནུས་ཤུགས་
གསར་བ་འཇོག་པ་ཧ་ཅང་དཀའ་བར་བཤད་དོ།

 

 


------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------------
2006-2009 All copy right@ reserved Tibetads.com