གསར་འགྱུར།
༄༅།།རང་རྒྱལ་གྱི་ཟུར་གསུམ་ས་ཁུལ་གྱི་རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་གོང་འཕེལ་ཆེན་པོ་བྱུང་བ།
ཧྥུ་ཅན་དང་། ཧྲའན་ཤིའི། ནང་སོག ཉིང་ཤ ཀན་སུའུ་བཅས་ཀྱིས་ལྟེ་བ་བྱས་པའི་ཟུར་གསུམ་ས་ཁུལ་ནི་རང་རྒྱལ་གྱི་ནུས་པའི་ འབྱུང་ཁུངས་ཀྱི་ཐོན་ཁུངས་མང་བའི་ཁུལ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་རྡོ་སོལ་ཐོན་ཁུངས་གསོག་འཇོག་བྱེད་རྒྱུའི་ཆ་རྐྱེན་ཡག་པ་དང་། གསོག་ཚད་མང་ཤོས། རྡོ་སོལ་སྤུས་ཚད་ལེགས་ཤོས་བཅས་ཀྱི་སྨིན་ཟིན་པའི་རྡོ་སོལ་ཞིང་ཁ་འདུས་ཁུལ་ཆེ་ གྲས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་ནང་ས་ཁུལ་དེར་རྡོ་སོལ་རྫས་འགྱུར་བཟོ་ལས་ཐོན་ལས་གོང་འཕེལ་ཆེན་ པོ་བྱུང་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ལོ་མང་རིང་འཛུགས་སྐྲུན་དང་གོང་འཕེལ་བཏང་བ་བརྒྱུད། ཟུར་གསུམ་ས་ཁུལ་དེ་རང་རྒྱལ་གྱིས་དེང་རབས་ཅན་གྱི་རྫས་འགྱུར་རྡོ་གཏེར་གསར་ སྤེལ་བྱེད་རྒྱུས་གཙོ་བོ་བྱས་པའི་རྡོ་སོལ་ཐོན་སྐྱེད་རུབ་བསྡུས་ཁུལ་ཞིག་ཏུ་ གྱུར་ཏེ། རང་རྒྱལ་གྱི་རྡོ་སོལ་བཟོ་ལས་ཀྱི་འཕེལ་ཕྱོགས་དང་གོང་འཕེལ་ཆུ་ཚད་ཀྱི་མཚོན་ རྟགས་སུ་འགྱུར་ཡོད་པ་དང་། རང་རྒྱལ་གྱི་རྡོ་སོལ་ཕྱིར་འདྲེན་ཁུལ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་རྡོ་སོལ་མཁོ་འདོན་རྣམ་པའི་ཁྲོད་གལ་འགངས་ཆེ་བའི་གནས་བབ་བཟུང་ ཡོད། སྤྱི་ལོ་༢༠༡༠ལོར་ཧྥུ་ཅན་དང་། ཧྲའན་ཤིའི། ནང་སོག ཉིང་ཤ ཀན་སུའུ་བཅས་ཞིང་ཆེན་ལྔའི་རྡོ་སོལ་ཐོན་ཚད་ཏུན་དུང་ཕྱུར་༡༩དང་བྱེ་བ་༧ ཟིན་པ་དང་། དེས་རྒྱལ་ཡོངས་ཀྱི་རྡོ་སོལ་ཐོན་འབོར་ཧྲིལ་པོའི་བརྒྱ་ཆའི་༦༠.༩ཟིན་ཡོད་པ་རེད། མིག་སྔར། གནས་བཟང་ཟུར་གསུམ་ཁུལ་དེ་ཧྲན་དུང་གཏེར་ཁུལ་གྱིས་མཚོན་བྱེད་བྱས་པའི་རྒྱལ་ སྤྱིའི་སྔོན་ཐོན་ཆུ་ཚད་ལྡན་པའི་ཏུན་བྱེ་བ་རིམ་པའི་རྡོ་སོལ་གཏེར་ཁུལ་འདུས་ སྡོད་ཁུལ་བསྐྲུན་ཟིན་པ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
སྒྱུར་མཁན། ཚེ་འཛིན་དབང་མོ།
རྩོམ་སྒྲིག་པ། སངས་རྒྱས་སྒྲོལ་མ།


