བྷན་ཁེ་མོན་(Ban Ki-Moon)གྱིས།
འདས་ཟིན་པའི་ལོ་དེ་ནི་འཛམ་གླིང་ནོར་སྲིད་གནད་འགག་
གི་ལོ་ཞིག་ཡིན་མོད། འོན་ཀྱང་སང་ལོའི་ཉེན་ཁ་ཡང་
རྒྱུ་རྐྱེན་གཞན་པ་དག་ནས་འབྱུང་ངེས་ཡིན་པས་
གནད་འགག་དེ་རིགས་ཇེ་ཆུང་དུ་འགྲོ་མི་སྲིད།
དཔལ་འབྱོར་ཉམས་ཉེན་གྱི་གླེང་གཞི་འདི་ནི་ཧ་ཅང་
གལ་ཆེན་ཞིག་རེད། ཡིན་ཡང་སྤྱི་ལོ་༢༠༠༧ལོའི་ཐན་དང་།
དབྱང་གཉིས་འགྱུར་རྫས། དྲོད་ཁང་གི་རླངས་གཟུགས་
སོགས་ཕྱིར་འདོན་ཚད་དེ་བརྒྱ་ཆའི་གསུམ་གྱིས་
ཇེ་མང་དུ་སོང་བ་རེད།
འདིར་བརྗོད་པ་ནི་སྤྱི་ལོ་༢༠༥༠ལོའི་བར་དུ་ཐན་གྱི་སློག་ཚད་བརྒྱ་ཆའི་ལྔ་བཅུ་དེ་ཡོ་རོབ་གླིང་དང་
ས་ཁུལ་གཞན་པ་འགའ་ནས་སློག་ཚད་བརྒལ་ཟིན་པ་དང་།
ཚན་རིག་པ་ཚོས་རང་བྱུང་གི་གནོད་འཚེ་ཆེན་པོ་སྔོན་འགོག་བྱ་ཕྱིར་བརྒྱ་ཆའི་དྲུག་ཅུ་ནས་བརྒྱད་
ཅུ་བར་ཇེ་ཉུང་གཏོང་དགོས་ཟེར།
ཚང་མས་ཤེས་གསལ་ལྟར་འདིར་ཡིད་སྐྱོ་བའི་གནས་ཚུལ་ཞིག་འབྱུང་བཞིན་པ་ནི་བྱང་སྣེ་གླིང་གི་
འཁྱག་རོམ་ཞུ་ཚད་ཧ་ཅང་མགྱོགས་པ་དེ་ད་ལྟ་རྒྱལ་སྤྱིའི་སྟེང་ནས་མིག་མཐོང་ལག་ཟིན་གྱི་བདེན་དཔང་
ཉུང་རུང་འགྱུར་ལྡོག་གི་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ་རེད། ང་ཚོའི་ས་སྒང་འདིའི་རྩ་མེད་དུ་
འགྱུར་བའི་གཞི་རྒྱུའི་ཚད་གྲངས་དེ་སྔོན་བྱུང་མ་མྱོང་བའི་ཚད་རིམ་ཞིག་ལ་སླེབས་པ་དང་།
རྒྱལ་སྤྱིའི་
ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་རྩ་མེད་ཁྱབ་ཁོངས་ཞེས་པ་ལ་གཞིགས་ནས་བཤད་ན་བྱུར་སྡོང་
རྩ་མེད་དུ་འགྲོ་བ་དང་དང་ཉ་རིགས་ཇེ་ཉུང་འགྲོ་བཞིན་ཡོད་པས། དེས་རྒྱ་མཚོར་བཙོག་སྐྱོན་བཟོ་ཚད་
ཧ་ཅང་ཆེ་བ་གསལ་བོ་ཤེས་ཐུབ་པ་རེད།
གནམ་གཤིས་འགྱུར་ལྡོག་གིས་ཧྰེ་ཐྰེ་(Haiti)དང་མྰེན་ན་མར་
(Myanmar)ས་ཁུལ་སོགས་ལ་གནོད་འཚེ་བཏང་བ་དང་གནོད་འཚེའི་གནས་ཚུལ་མུ་མཐུད་དུ་
འབྱུང་ངེས་ཡིན་པ་རེད། སྤྱི་ལོ་༢༠༠༨ལོ་ནི་ནོར་སྲིད་གནད་འགག་གི་ལོ་ཡིན་པ་སྔོན་ནས་དཔོག་
ཡོད་པ་དང་ཆབས་ཅིག་སྤྱི་ལོ་༢༠༡༠ནི་གནམ་གཤིས་འགྱུར་ལྡོག་གིས་མི་གྲངས་ས་ཡ་༥༠ལ་རང་བྱུང་
གནོད་འཚེ་ཡོང་ངེས་པ་ཡང་དཔག་ཡོད་པ་རེད།
ད་དུང་སྤྱི་ལོ་༢༠༥༠ལོའི་བར་དུ་མི་གྲངས་ས་ཡ་
༢༠༠ལྷག་ལ་རང་བྱུང་གནོད་འཚེ་འབྱུང་སྲིད་པའང་སྔོན་དཔག་བྱུང་ཡོད་པ་རེད།
སྤྱི་ལོ་༢༠༠༨ལོའི་
ནོར་སྲིད་ཉམས་རྒུད་དེ་ང་ཚོས་སླར་གསོ་བྱ་ཐུབ་མོད། འོན་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་དེ་
ང་ཚོས་སྔོན་ནས་བཀག་འགོག་བྱེད་རྒྱུ་ལས་ཐབས་ལམ་གཞན་པ་ཅི་ཡང་མ་མཆིས་སོ།།
འཇིགས་རུང་གི་
དོན་དངོས་སྣང་ཚུལ་འདི་ལས་སྤྱི་ལོ་༢༠༠༩ལོ་ནི་ང་ཚོའི་མི་རབས་འདིར་འཕྲད་པའི་དཀྱོགས་མཚམས་
ཆེན་པོ་ཞིག་རེད།
ཟླ་བ་བཅུ་གཉིས་པའི་ཟླ་སྟོད་དུ་ཕྰོ་ལན་ཌི་(Poland)ཡི་ཕྰོ་ཟོ་ནན་(Poznan)ཞེས་པ་ནས་རྒྱལ་ཁབ་
སོ་སོའི་དབུ་འཛིན་རྣམས་མཉམ་དུ་འཚོགས་ཏེ་ལྗོངས་ཁམས་འགྱུར་ལྡོག་གི་དཔེ་དབྱིབས་ལ་བརྟེན་ནས་
མ་འོངས་པའི་མདུན་ལྗོངས་གླེང་བ་དང་།
ལོ་འགའི་རྗེས་སུ་སླར་ཡང་ཁྰོ་ཕྰིན་ཧྰ་གྷེན་(Copenhagen)
ཞེས་པ་ནས་འདུ་ཚོགས་དེ་འཚོགས་པའི་སྟ་གོན་ཡོད་པས་རྒྱལ་ཁབ་སོ་སོས་གནམ་གཤིས་འགྱུར་ལྡོག་གི་
གནད་དོན་ཐག་གཅོད་ཀྱི་ཐབས་ལམ་གསར་བ་ཞིག་རྙེད་པར་རེ་ལྟས་བྱས་ཡོད། ཚོགས་འདུ་དེ་རུ་
དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གང་རུང་གིས་རང་ཉིད་ཀྱི་
ལས་འགན་བསྒྲུབ་པ་དང་། དམིགས་ཡུལ་རེ་རེར་ཞིབ་ཆ་ལྡན་པའི་འཆར་གཞི་ལྡན་དགོས་ལ་ད་དུང་
ཕན་ཚུན་འཆམ་མཐུན་གྱི་འཛུགས་སྐྲུན་རིག་པའི་སྒྲིག་གཞི་སོགས་ཀྱང་ཡོད་དགོས་པ་རེད།
སྐྱེ་ཁམས་ལ་མི་གནོད་པའི་སྒོ་ནས་ཚན་རྩལ་ལྗང་མདོག་ཅན་དུ་བསྒྱུར་བ་དང་དེ་མིན་གོང་གི་
ལས་འགན་དག་ཀྱང་རེ་རེ་བསྒྲུབ་དགོས་སོ།།
རྒྱལ་ཁབ་སོ་སོའི་འགོ་གཙོ་དག་མཉམ་འབྲེལ་མ་བྱས་ན་དོན་དེ་རྩ་ནས་བསྒྲུབས་མི་ཐུབ་པ་དང་།
མིག་སྔར་ང་ཚོ་གནོད་འཚེ་ཆུང་ངུ་ལས་འཕྲད་མེད་ནའང་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་
(USA)དང་དར་རྒྱས་ཆེ་བའི་རྒྱལ་ཁབ་འགས་ཀྲུང་གོ་དང་།
རྒྱ་གར། བྷར་ཟིལ་(Brazil)སོགས་
འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འགའ་མི་ཞུགས་རུང་ཁོ་ཚོས་གཙོ་བོ་སྒོས་སྣེ་ཁྲིད་མཛད་ངེས་
ཡིན་ཅིང། དེང་སེང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་གནོད་འཚེ་འདི་བསྐྲུན་མཁན་ནི་
བཟོ་ལས་ཅན་གྱི་རྒྱལ་ཁབ་དག་ཡིན་པས་ཁོ་ཚོར་ཐག་གཅོད་ཀྱི་འོས་འགན་ཡོད་ཅེས་ཤོད་ཀྱིན་འདུག
དཀའ་གནད་ཀྱི་ནད་གཞི་ལ་ཐག་གཅོད་ཀྱི་སྨན་ཡིག་དགོས་པ་ལྟར་འདི་འགོག་དགོས་ན་
གཤམ་གྱི་གནས་ཚུལ་གཉིས་མངོན་འགྱུར་ཡོང་བ་བྱ་དགོས། དང་བོ།
ཨ་མེ་རི་ཁ་རྒྱལ་ཕྲན་
མཉམ་འབྲེལ་རྒྱལ་ཁབ་ནི་ཚོང་ལས་དང་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པས་
འཛམ་གླིང་ཧྲིལ་བོ་ཨ་མེ་རི་ཁའི་སྣེ་ཁྲིད་ལ་སྒུག་ནས་འདུག་པ་དང་། ཡང་ཅིག་བཤད་ན་རྡོ་སྣུམ་ཀྱི་
རིན་གོང་ཇེ་མཐོར་བཏང་བ་དང་ལོ་འདི་འགར་ཨ་རིའི་མ་དངུལ་རྣམས་ལྗང་མདོག་གི་ནུས་པ་
བཀོལ་བས་གནོད་འཚེའི་ཉེན་ཁ་ཇེ་ཆུང་དུ་བཏང་ན་ཡང་དེས་རྙིང་གསོ་སླར་སྐྱེས་བྱེད་མི་ནུས་པ་རེད།
ད་ལྟ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྲིད་གཉེར་ཁང་གསར་བས་གནམ་གཤིས་
འགྱུར་ལྡོག་གི་ལས་དོན་དེ་གྲོས་གཞི་གཙིགས་ཆེན་ཞིག་ཏུ་འཛིན་པའི་གྲོས་ཡོད་པ་རེད།
གཉིས་པ་ནི་གལ་སྲིད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་རོགས་སྐྱོར་མ་བྱས་ན་དེ་
མངོན་འགྱུར་ཡོང་དཀའ་བ་ཡིན། ཀྲུང་གོའི་དྲོད་ཁང་གི་རླངས་གཟུགས་ཕྱིར་གཏོང་ཚད་དེ་ཨ་རི་ལས་
བརྒལ་ཞིང་འཛམ་གླིང་གི་ཆེས་མང་པོར་གྱུར་བ་དང་།
རྒྱ་གར་ཡང་འཛམ་གླིང་གི་རླངས་གཟུགས་
ཕྱིར་གཏོང་ཚད་མང་པོ་ལས་ཨང་གསུམ་པར་འགྱུར་ལ་ཉེ་བ་ཡིན། ཡིན་ཡང་དགའ་འོས་བའི་
གནས་ཚུལ་ཞིག་ནི་རྒྱལ་ཁབ་འདི་དག་གིས་གནམ་གཤིས་འགྱུར་ལྡོག་ལ་བྱེད་ཐབས་ལག་ཏུ་
བསྟར་བའི་འགོ་བརྩམས་ཟིན་པ་རེད།
ཀྲུང་གོས་སྤྱི་ལོ་༢༠༡༠བར་དུ་ནུས་ཁུངས་བཀོལ་ཚད་ཇེ་ཉུང་དུ་
གཏོང་རྒྱུར་རྒྱལ་ཁབ་རང་བཞིན་གྱིས་དམིགས་ཡུལ་ལྡན་པའི་སྒོ་ནས་ཐག་གཅོད་བྱ་རྒྱུ་དང་། ཀྲུང་གོ་ནི་
འཛམ་གླིང་གི་རླུང་ནུས་དང་འོད་ནུས་འདོན་ཚད་ཆེས་ཆེ་བའི་རྒྱལ་ཁབ་ཀྱི་ཞིག་ཀྱང་རེད།
བྷར་ཟིལ་
(Brail)རྒྱལ་ཁབ་ཀྱི་བརྒྱ་ཆ་བརྒྱད་ཅུ་ཡན་གྱི་གློག་ནུས་ཆུ་ནུས་ཀྱིས་འདོན་བཞིན་ཡོད་པས་དེ་ནི་
འཛམ་གླིང་གི་དཔལ་འབྱོར་ཆེས་གཙང་མར་བགྲངས་བཞིན་ཡོད་པ་དང་། སྐྱེ་དངོས་སྣུམ་དང་
བསྲེས་རྫས་སྐྱེལ་འདྲེན་གྱི་འགོ་རྩོམ་མཁན་ཡང་ཡིན།
དེ་མིན་མེག་སེ་ཁོ་(Mexico)རྒྱལ་ཁབ་ཀྱི་
མི་གྲངས་ས་ཡ་གཅིག་དང་ཕྱེད་ཀས་མ་འོངས་པའི་གནམ་གཤིས་འགྱུར་ལྡོག་ལ་སྔོན་འགོག་བྱ་ཆེད་
ནགས་ཚལ་ལེགས་བསྒྱུར་གྱི་བྱ་བར་འབད་བཞིན་ཡོད།
དོན་དངོས་སུ་སྨྲས་ན་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་
ཡོངས་ཀྱིས་འོས་འགན་དེ་རྩ་བ་ནས་འགན་དུ་བླངས་མེད་པས།
རྒྱལ་ཁབ་དག་གི་དབུ་འཛིན་ཚོ་
ཕན་ཚུན་ལ་ལྟོས་ཏེ་མི་འདུག་པར་གནམ་གཤིས་འགྱུར་ལྡོག་མ་བྱུང་གོང་ནས་ནོར་སྲིད་གནད་འགག་
བཞིན་དུ་མྱུར་དུ་རང་འགན་དུ་བླངས་ཏེ་ལས་དོན་འདི་འགོ་བརྩམས་ན་འོས་སོ།།
ང་ཚོས་ཁྰོ་ཕྰིན་ཧྰ་གྷེན་(Copenhagen)གྱི་འཚོགས་འདུ་ལ་བསྒུག་ཏེ་ལམ་མང་བོས་རོ་མ་
(Rome)རྒྱལ་ཁབ་ལ་ཐོན་ཐུབ་ཅེས་བའི་གཏམ་དཔེ་དེ་ཡིད་ལ་འཛིན་པ་དང་།
ཆེད་མཁས་པ་
འགའ་ཡིས་རླངས་གཟུགས་ཕྱིར་གཏོང་ཚད་ཚོད་འཛིན་བྱེད་དགོས་པའི་སྐོར་གཙིགས་ཆེན་སྒོས་
བརྗོད་པ་དང་། འགའ་ཞིག་གིས་ཐད་ཀར་དམིགས་འབེན་བསྒྲུབས་དགོས་པ་གཙོ་བོར་
འདོད་པ་རེད།
ཡང་འགའ་ཤས་ཀྱིས་བོང་བུའི་ཁེ་འབབ་ཀྱི་དཔེ་བཞིན་ཚོང་རྭའི་ལམ་ལུགས་དང་
ཁྲལ་དོན་སོགས་གླེང་བཞིན་ཡོད་པ་རེད། གང་ལྟར་། གནམ་གཤིས་འགྱུར་འགོ་བརྩམ་ཚེ་ལས་དོན་
ཡོད་ཚད་འཕྱི་སོང་བས་ང་ཚོར་གནམ་གཤིས་འགྱུར་ལྡོག་གི་ཐད་ལ་ལས་འགན་གལ་ཆེན་ཞིག་
ཡོད་པ་ནི་གོང་གི་གྲོས་གཞི་ཡོངས་དང་ལས་དོན་འདི་དག་འགོ་རྩོམ་རྒྱུ་དེ་ཡིན་ལ།
འདི་དག་
སྔོན་འགོག་བྱེད་པའི་ལས་དོན་ཡང་ད་ལྟ་ཉིད་ནས་འགོ་རྩོམ་དགོས་པ་ཡིན་ནོ།། །།
