ཁོར་ཡུག་རྩོམ་རིག་གསལ་བརྡ།

ཁོར་སྲུང་བ།

རྩོམ་ཡིག་གི་བརྗོད་གཞི།

༢༠༢༢ ལོའི་ཁོར་ཡུག་གི་རྩོམ་རིག་འགྲན་སྡུར་གྱི་བརྗོད་གཞི་ནི་གངས་རི་དང་གནམ་གཤིས་གཉིས་ཀྱི་འབྲེལ་བ་ཡིན། དེང་སང་གནམ་གཤིས་འཕོ་འགྱུར་ལ་བརྟེན་ནས་གངས་རི་མང་པོ་ཞུ་བཞིན་ཡོད། འོན་ཀྱང་། གངས་རི་དེ་དག་གི་བྱུང་རབས་དང་། ད་ལྟའི་གནས་སྟངས་ཁ་ཇེ་གསལ་དུ་བཏང་ཡོད་པའི་བོད་ཡིག་གི་རྒྱུ་ཆ་ཤིན་ཏུ་ཉུང་བས་ཐེངས་འདིར་བརྗོད་གཞི་འདི་འདེམས་པ་ཡིན། སྐབས་འདིར་བོད་ཀྱི་གངས་རི་གང་རུང་དང་། ཡང་ན། གོ་ལ་འདིའི་སྟེང་གི་གངས་རི་གང་ཡིན་ཀྱང་ཆོག

ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་དམིགས་ཡུལ་ནི་བོད་ཀྱི་སྤྱི་ཚོགས་སུ་ཁོར་ཡུག་སྐོར་གྱི་བགྲོ་གླེང་དང་གོ་རྟོགས་སྤེལ་སའི་སྡིངས་ཆ་ཞིག་བསྐྲུན་རྒྱུ་དང་། བོད་རང་གི་སྐད་ཡིག་གི་ནང་དུ་ཁོར་ཡུག་དང་འབྲེལ་བའི་རྩོམ་གྱི་རྒྱུ་ཆ་མང་དུ་སྤེལ་རྒྱུ་དེ་ཡིན།

རྩོམ་རིག་འགྲན་སྡུར་གྱི་ཆ་རྐྱེན།།

༡།  ནང་དོན། གངས་རི་དང་གནམ་གཤིས་ཀྱི་འབྲེལ་བ།
༢།  རིང་ཐུང་ལ་ཚེག་བར་༤༠༠༠ ལས་མ་བརྒལ་བ་དགོས། པར་རིས་དང་རེའུ་མིག་ག་ཚོད་ཡོད་ཀྱང་ཆོག ལུང་འདྲེན་རིགས་ཡོད་ན་ཟུར་མཆན་གསལ་བོར་འགོད་དགོས།
༣།  སྤུས་ཚད། བོད་སྐད་ཡིག་གི་བརྡ་སྤྲོད་དང་མཐུན་པའི་རྩོམ་ཡིག་ཚད་ལྡན་ཡིན་དགོས།
༤།  དབང་ཚད། ང་ཚོ་ལ་བསྐུར་ཚར་བའི་རྩོམ་ཡིག་རྣམས་དེབ་དང་དྲ་ཐོག་ཏུ་འགོད་པའི་དབང་ཚད་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པར་ཡོད།

དཔྱད་འདེམས།

དཔྱད་འདེམས་ཚོགས་ཆུང་གི་ཚོགས་མི་རེ་རེས་རྩོམ་ཡིག་རེར་༠-༡༠ བར་གྱི་སྐར་གྲངས་སྤྲད་དེ་ཆ་སྙོམས་ཀྱི་བརྒྱ་ཆ་མང་རིམ་བཞིན་འདེམས་རྒྱུ་ཡིན།

 

གསལ་བསྒྲགས།

སྤྱི་ཟླ་༡༠་ཚེས་༤ སྟེ་འཛམ་གླིང་སྲོག་ཆགས་ཀྱི་ཉིན་མོར་གྲུབ་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན།

གཟེངས་རྟགས།

དཔྱད་རྩོམ་གྱི་ནང་དོན་དང་ཉམས་ཞིབ་ཀྱི་གནད་ལ་གདེང་འཇོག་བྱས་ཏེ། རིམ་པ་བཞིན་ཨང་དང་པོ་དང་། གཉིས་པ། གསུམ་པ་རྣམས་ལ། དམངས་སྒོར་ ¥2345 དང་། ¥1500 ། ¥800 དང་། བྱ་དགའི་དཔང་ཡིག་བཅས་འབུལ་རྒྱུ་ཡིན། རྩོམ་པ་པོ་ཕྱི་རྒྱལ་དུ་ཡོད་ན། གོང་གི་དམངས་སྒོར་གྱི་རིང་ཐང་གི་རྩོམ་ཡོན་རང་རང་གི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་ནང་དུ་འབུལ་རྒྱུ་ཡིན། གཞན་ཡང་ཕུལ་བྱུང་གི་རྩོམ་པ་པོ་དང་། ཚད་ལྡན་རྩོམ་ཡིག་རྣམས་ལ་གང་འཚམས་ཀྱི་རྩོམ་ཡོན་འབུལ་རྒྱུ་དང་། རྩོམ་ཡིག་རྣམས་དྲ་ཚིགས་སུ་འགོད་རྒྱུ་ཡིན།

 

རྩོམ་ཡོན་འབུལ་ལམ།

ཕེ་ཕཱལ།


ཀྲུང་གོའི་ཕྱི་ན་ཡོད་པའི་རྩོམ་པ་པོ་ཡིན་ན་PayPal དང་ཡང་ན་Western Union བརྒྱུད་ནས་རྩོམ་ཡོན་བསྐུར་རྒྱུ་ཡིན། ཕེ་ཕཱལ་ཡོད་ན་ཕེ་ཕཱལ་གྱི་ཁ་བྱང་དང་། གཞུང་འབྲེལ་བེད་སྤྱོད་བྱེད་ཀྱིན་པའི་རང་གི་མིང་ཆ་ཚང་རྩོམ་ཡིག་དང་མཉམ་དུ་ང་ཚོར་བསྐུར་རོགས། མིང་དེ་ལ་བསྟུན་ནས་རྩོམ་ཡོན་བསྐུར་ཡོང་རྒྱུ་ཡིན།

ཟེ་ལེ།

ཨ་རི་ན་ཡོད་པའི་རྩོམ་པ་པོ་ཡིན་ན་Zelle བརྒྱུད་ནས་རྩོམ་ཡོན་བསྐུར་ཀྱང་ཆོག

རྩོམ་སྐུར་ཡུལ།

རྩོམ་ཡིག་སྐུར་སའི་གློག་འཕྲིན་ཁ་བྱང་ནི་ info@tibetanecology.org ཡིན། བོད་ཕྱི་ནང་གང་ནས་ཡིན་ཀྱང་གློག་འཕྲིན་ཁ་བྱང་འདི་ལ་འབྲེལ་བ་གནང་རོགས། རྩོམ་ཡིག་རྣམས་སྤྱི་ཟླ་ ༩ ཚེས ༡ སྔོན་ལ་འབྱོར་དགོས་པས་དེ་དོན་དགོངས་འཇགས་འཚལ།།

 

གསལ་བརྡ།

༢༠༢༡ ལོའི་ཁོར་ཡིག་རྩོམ་རིག་འགྲན་སྡུར་གྱི་གསལ་བསྒྲགས་ PDF ཡིག་ཆ་འདིར་ཡོད།