དྲེད་མོང་གིས་འགྱིག་ཤོག་ཟ་བ།

བོད་ཀྱི་དྲེད་མོང་གིས་འགྱིག་ཤོག་ཁུག་མ་ཟས་སུ་ཟ་བཞིན་པ།

བོད་ཀྱི་དྲེད་མོང་གིས་འགྱིག་ཤོག་ཁུག་མ་ཟས་སུ་ཟ་བཞིན་པ།

བོད་མཐོ་སྒང་གི་གྲོང་རྡལ་དང་ཡུལ་ཚོ་ཁག་གི་གད་སྙིགས་ལ་དོ་དམ་ཡག་པོ་མ་བྱུང་བས་རྐྱེན་གྱིས་དྲེད་མོང་དང་དོམ་ཀྱིས་ཟས་སུ་འགྱིག་ཤོག་ཟ་བཞིན་པའི་གནས་ཚུལ་ཐོན་འདུག

དྲ་མིང་ལ་巧克力 ཟེར་བའི་ལྗོངས་རྒྱུ་བ་ཁོ་མོས་༢༠༢༠ ཟླ་༨ཚེས་༤ལ་སྤེལ་པའི་བརྙན་ཐོ་ཞིག་གི་ནང་དུ། མོ་རང་གྲོགས་པོ་བཞི་དང་མཉམ་དུ་གདང་ལའི་(ལྡང་ལ་ 唐古拉山) དམག་སྒར་འགྲམ་དུ་མཚན་མོར་ཞག་སྡོད་བྱས་ཏེ། མཚན་དེར་དྲེད་མོང་ལ་བལྟ་རུ་སོང་སྐབས། དེ་ན་ཡོད་པའི་སྤྱི་བའི་གད་སྙིགས་སྤུངས་སར་དྲེང་མོད་ཁྱུ་ཞིག་ཡོང་སྟེ། གད་སྙིགས་ཟས་བ་དངོས་སུ་མཐོང་འདུག

དེ་མ་ཟད་དྲེད་མོང་དེ་རྣམས་ཀྱིས་གད་སྙིགས་གི་ནང་ནས་འགྱིག་ཤོག་ཟས་ཏེ་མིད་པ་བརྙན་བླངས་འདུག གནས་ཚུལ་འདིས་བོད་མཐོ་སྒང་གི་གད་སྙིགས་ལ། ས་གནས་ཁག་གི་མགོ་ཁྲིད་རྣམས་ཀྱིས་ལས་འགན་ཡག་པོ་ཁུར་གྱིན་མེད་པའི་རྟགས་བསྟན་ཡོད། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་དེ་བས་ཀྱང་དོ་སྣང་ཙམ་ཡང་མེད་པ་མཚོན་ཐུབ།

རྫོང་དཔོན་དང་། ཡུལ་དཔོན། གྲོང་དཔོན། སྡེ་དཔོན་སུ་འདྲ་ཞིག་ཡིན་ན་ཡང་། དབང་ཆ་ག་ཚོད་མེད་ཀྱང་། གད་སྙིགས་དོ་དམ་བྱེད་པའི་དབང་ཆ་ཡོད་ངེས་རེད།

རྫོང་དང་། ཡུལ་ཚོ། གྲོང་རྡལ་སོགས་ལ་ལོ་རེར་བཞིན་ཁོར་ཡུག་དང་གད་སྙིགས་ལ་ཆེད་དུ་དམིགས་པའི་འགྲོ་སོང་གཞུང་གི་ནོར་སྲིད་ལས་ཁུངས་ནས་རྩིས་མགོ་གཏོང་གིན་ཡོད་པ་ང་ཚོས་ཤེས་གསལ་རེད།

སྐྱེ་ཁམས་དང་། ཁོར་ཡུག རི་སྐྱེས་སྲོག་ཆགས་སོགས་ལ་བདག་སྐྱོང་བྱེད་ཆེད། ས་གནས་དཔོན་པོ་དང་མི་དམངས་ཀྱིས་གནད་དོན་འདིའི་ཕྱོགས་ལ་ལས་འགུལ་དང་བྱ་གཞག་སྤེལ་བར་འབོད་སྐུལ་ཞུ།

བརྙན་ཆ་ཚང་ལ་ལྟ་འདོད་ན་གཤམ་གྱི་ཡུ་ཏུ་བྷི་དྲ་སྣེ་འདི་ལ་ལྟ་རོགས།

མེ་ཏོག་ཨུད་པལ།

ཨུད་པལ་སྔོན་པོ།

Blue Poppy
(Meconopsis)

毛瓣绿绒蒿

ཨུལ་པལ་སྔོན་པོ་ནི་ལོ་མ་ཅན་གྱི་རྩྭ་རིགས་ཤིག་ཡིན། མཐོ་ཚད་ལ་སྨི་ཆ་ ༤༠(40cm) ཙམ་སྐྱེས། སྡོང་རྐང་ཡོངས་སུ་སྤུ་འཇམ་པོ་སེར་པོ་མཐུག་པོས་ཁྱབ་ཡོད། རྩ་བར་མ་གཏོགས་སྡོང་བོར་ལོ་མ་སྐྱེས་པ་ཤིན་ཏུ་དཀོན། རྩ་བའི་ལོ་མ་རྣམས་ཐུར་མའི་དབྱིབས་ཅན་ཡིན། མེ་ཏོག་བཞད་དུས་འདབ་མ་ལྔ་དང་ལྡན་པའི་མེ་ཏོག་སྔོ་སྨུག་ཞིག་སྐྱེས། བོད་མཐོ་སྒང་གི་རྩྭ་མང་སར་སྐྱེས་བ་ཡིན། སྨན་གཞུང་དུ། དུག་ཤས་ཅུང་ཡོད་ཀྱང་། ཚ་བ་སེལ་ཞིང་ཆུ་སེར་འཇགས། གློ་དང་མཆིན་ཚད། འབམ་ཆུ་བསགས་པ་སོགས་སེལ་བའི་ཕན་ནུས་ལྡན་པར་བཤད།

གཡུ་རྩེའི་ཨུད་པད།

Tibetan Yurtse Poppy

བོད་ཀྱི་ཁོར་སྲུང་བ་བཀྲ་ཤིས་བཟང་པོས་མང་ཚོགས་ལ་ཨུད་པལ་འགྲེལ་བཤད་གནང་བ།
Tibetan environmentalist Tashi Sangpo explains a species of Meconopsis that only grows on Yurts mountain of  Tibetan Plateau.

ཚྭ།

Tibetan Salt Lake

བོད་ཀྱི་ཚྭ།
ཚྭ་མཚོ་འདི་ནི་བོདམཐོ་སྒང་གི་མཚོ་སྔོན་ཞིང་ཆེན་དབུས་ལམ་རྫོང་གི་ཚྭ་ཁ་ཟེར་བའི་ས་ཆ་དེ་ན་ཡོད། མཚོ་འདིའི་མིང་ལ་དབུས་ཚྭ་མཚོ་དཀར་མོ་ཟེར། ཚྭ་ཁའི་ཆ་སྙོམས་ཀྱི་སའི་མཐོ་ཚད་སྨི་༣༠༠༠ དང་། ཚྭ་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༢༨ (128 Square kilometer)ཙམ་ཡོད།

ཆུ་མ་རྩི།

ཆུ་མ་རྩི།

ཆུ་མ་རྩི་ནི་རྩྭ་རིགས་ཤིག་ཡིན། མཐོ་ན་སྨི་ 2(m)ཙམ་སྐྱེས་ཐུབ། འདི་ལ་་རིལ་དབྱིབས་དང་། ཡང་ན་སྙུང་རིལ་དབྱིབས་ཞེས་འབོད། སྡོང་པོ་ཡོད་པའི་ལྕུམ་རིགས་ཡིན། ལོ་མ་འཇམ་ལ་སྤུ་མེད་པའི་ལོ་མ་ཡིན། ལོ་མའི་མདུན་ལྗང་ནག་དང་རྒྱབ་ལྗང་ཁུ་ཡིན། སྨིན་དུས་ཁམ་མདོག་ཏུ་འགྱུར་བ་ཡིན། སའི་མཐོ་ཚད་སྨི་༣༠༠༠ནས་༤༠༠༠ཙམ་མཐོ་བའི་ས་གཤེན་སར་སྐྱེས་བ་ཡིན། བྲོ་བ་ཁ་ཏིག་དང་རང་བཞིན་བསིལ་བ་ཡིན། ཆབ་མདོ་དང་། ཉིང་ཁྲི་སོགས་བོད་མཐོ་སྒང་གི་ལྷོ་ཤར་ཁུལ་དུ་ཡོད།  དབྱིན་སྐད་དུ་ Rheum nobile ཟེར།