བོད་ཀྱི་ཉིན་མོ།

༢༠༢༤ ལོའི་བོད་ཀྱི་ཉིན་མོར་འོ་འཐུང་སྲོག་ཆགས་ཀྱི་རི་མོའི་འགྲེམ་སྟོན། On Tibet Day at Ragya Mahayana Buddhist Cultural Center

སྲོག་ཆགས་འདི་དག་ནི་བོད་མཐོ་སྒང་དུ་གནས་པའི་འོ་འཐུང་སྲོག་ཆགས་རེད། འདིར་སྲོག་ཆགས་༤༨ ཡོད། སྤྱིར་ན་བོད་མཐོ་སྒང་དུ་འོ་འཐུང་སྲོག་ཆགས་༡༢༠ ལྷག་ཡོད་པར་བཤད། ཨ་རིའི་རྭ་རྒྱ་ཐེག་ཆེན་གླིང་དུ་༢༠༢༤ ལོའི་ཟླ་ ༩ ཚེས་ ༢༨ ལ་བོད་ཀྱི་ཉིན་མོ་འཚོགས་པའི་སྐབས་སུ་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་འོ་འཐུང་སྲོག་ཆགས་འདི་དག་གི་རི་མོ་འགྲེམ་སྟོན་བྱས་ནས་ཁོར་ཡུག་གོ་རྟོགས་སྤེལ་ཡོད། རི་མོ་བ། ཡེ་ཤེས་ལྷ་མོ།

གནམ་གཤིས་འགྱུར་ལྡོག་གིས་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ།

ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱོགས་ཡོངས་ནས་གོ་ལའི་ཚ་དྲོད་རྒྱས་ཏེ་གནམ་གཤིས་ལ་འགྱུར་ལྡོག་བྱུང་ནས། འཕྲོད་བསྟེན་གྱི་བཀའ་ངལ་སྣ་ཚོགས་བྱུང་བཞིན་པ་དེ། མི་མང་པོས་ཡུན་རིང་ལ་གླེང་སློང་ཤུགས་ཆེན་བྱས་ཡོད་སྟབས། ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཉིན་དང་པོའི་བརྗོད་གཞི་གནམ་གཤིས་འགྱུར་ལྡོག་གིས་འཕྲོད་བསྟེན་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་སྐོར་ལ་བགྲོ་གླེང་བྱ་རྒྱུ་རེད།

གནས་གཤིས་ཚོགས་ཆེན་ COP28 2023

WHO སྟེ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་གནམ་གཤིས་འགྱུར་ལྡོག་ནི་འགྲོ་བ་མིའི་མདུན་ཡོད་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཆེ་ཤོས་དེ་ཡིན་པར་བཤད་ཡོད།

ཕྱི་རོལ་ཀྱི་ཚ་དྲོད་དང་། མཁའ་རླུང་འབག་གཙོག  འཆི་རྐྱེན་དུ་གྱུར་པའི་ནམ་ཡམས་ཁྱབ་བརྡལ་མགྱོགས་པ་ཡོད་པ་སོགས་ནི། གནམ་གཤིས་འགྱུར་ལྡོག་དེ་འཕྲོད་བསྟེན་གྱི་ཉེན་ཁ་ཆེ་ཤོས་དེ་རེད་ཟེར་བའི་རྒྱུ་རྐྱེན་ཁག་ཅིག་ཡིན་པར་བཤད།

འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གནམ་གཤིས་འཕོ་འགྱུར་གྱི་རྐྱེན་གྱིས་མི་ས་ཡ་མང་པོ་རྐྱེན་ལམ་དུ་མི་འགྲོ་བ་དང་། འཇིགས་སུ་རུང་བའི་འཕྲོད་བསྟེན་གྱི་དཀའ་ངལ་དེ་དག་སྔོན་འགོག་གི་ཆེད་དུ། འཛམ་གླིང་གི་ཚ་དྲོད་དེ་ངེད་པར་དུ་ཕ་རི་སིའི་གྲོས་ཆོད་ནང་དུ་འཁོད་པའི་ Celsius ཚད་རིམ་ ༡་༥ ཚད་བཀག་དེ་ལ་སླེབས་ཐུབ་པར་བཟོ་དགོས་པར་བཤད།

གང་ལྟར། རྒྱལ་ཁབ་རྣམས་ཀྱི་ད་ལྟའི་དབྱངས་གཉིས་ཐན་རྫས་ཕྱི་གཏོང་གི་ཚད་གཞི་འདི་ལྟར་སོང་ན། དུས་རབས་འདིའི་ནང་ལ། འཛམ་གླིང་གི་ཚ་ཚད་ Celsius ༢་༩ འཕར་རྒྱུ་ཡིན་པ་འདུན་ཕྲག་འདིའི་ནང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཤད་ཡོད། 

གནམ་གཤིས་འགྱུར་ལྡོག་གི་ཆེད་ལས་པ་ཚོས། གནམ་གཤིས་འཕོ་འགྱུར་ལས་མི་ཚང་མར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། ལྷག་པར་ཏུ། ཡར་རྒྱས་མེད་པའི་རྒྱལ་ཁབ་ཁག་གི་བྱིས་པ་དང་། བུད་མེད། རྒན་ཁོག གནས་སྤོར་བ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པར་བཤད།

སྤྱི་ཟླ་༡༢ པའི་ཚེས་ ༣ ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ COP28 ཟེར་བའི་གྲོས་མོལ་གྱི་ཚོགས་འདུ་དེ་ Dubai གྲོང་ཁྱེར་དུ་འཚོགས་བཞིན་པ་རེད། ཨེ་མི་ར་ཏྲེ་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཐེངས་དང་པོར་COP28 གྲོས་མོལ་ཚོགས་འདུ་དེ་གཙོ་སྐྱོང་བྱེད་བཞིན་པ་རེད།

ཚ་དྲོད།

ཕྱིའི་ཚ་དྲོད་ཀྱི་ཆ་ནས་བཤད་ན། ༢༠༢༣ ལོར་འདི་ནི་འཛམ་གླིང་གི་ཚ་བ་ཆེས་ཆེ་བའི་ལོ་ཡིན་པ་དང་། ད་དུང་མུ་འཐུད་དུ་ཚ་རླབས་འཕྱུར་ཡང་ནས་ཡང་འཕྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད།

༢༠༢༢ལོའི་དབྱར་ཁར་ཡུ་རོབ་ཀྱི་མི་ཁྲི་༧ ཚ་དྲོད་ཆེ་བས་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པར་མི་མང་པོས་ཡིད་ཆེས་བྱས་ཡོད། ཞིབ་འཇུག་པས་གྲངས་བཤེར་བྱས་སྐབས་མི་ཁྲི་ ༦ དང་༢ སྟོང་ཚ་དྲོད་ཀྱི་དབང་གིས་ཤི་ཡོད་པར་བཤད།

Lancet Countdown ཟེར་བའི་ཚོགས་པའི་སྙན་ཐོ་ལྟར་ན། ན་ནིང་༢༠༢༣ ལོར་ཆ་སྙོམས་བྱས་ན་མི་རྣམས་ཉིན་༨༦ གི་རིང་ལ་ཚ་དྲོད་འཕོགས་ཡོད་པ་དང་། ཚ་དྲོད་ཀྱི་དབང་གིས་ལོ་ན་ ༦༥ ཡན་གྱི་མི་ཤི་བའི་གྲངས་ཀ་དེ། ༢༠༡༣-༢༠༢༢ལོའི་གྲངས་ཚད་དང་། ༡༩༩༡-༢༠༠༠ལོའི་བར་གྱི་གྲངས་ཚད་དང་བསྡུར་ན་བརྒྱ་ཆ་༨༥འཕར་ཡོད་པར་བཤད། ཡང་༢༠༢༥ ལོར་ཚ་དྲོད་ཀྱིས་མི་ཤི་བའི་གྲངས་ཀ་ལྡབ་ལྔ་འཕར་རྒྱུ་ཡིན་པའི་ཚོས་དཔག་བྱས། ཚ་དྲོད་རྒྱས་པ་དང་མཉམ་དུ་འཛམ་གླིང་ཁྱོན་ཡོངས་སུ་ཆར་རླུང་དང་། ཆུ་ལོག མེ་སྐྱོན་སོགས་ཀྱི་ཉེན་ཁ་མུ་འཐུད་དུ་འཕར་རྒྱུ་རེད་ཅེས་བཤད།

མཁའ་རླུང་འབག་གཙོག

མཁའ་རླུང་འབག་གཙོག་གི་ཆ་ནས་བཤད་ན། འཛམ་གླིང་གི་མི་འབོར་རྒྱ་ཆ་ ༩༩ ཡིས་རྔུབ་བཞིན་པའི་མཁའ་རླུང་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཚད་གཞི་ལས་འབག་གཙོག་བརྒལ་ཡོད། ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གྲངས་ཐོ་ལ་གཞིགས་ན། ཁང་བའི་ཕྱི་རོལ་གྱིས་རླུང་ནང་དུ་རླངས་འཁོར་བསྐོར་བའི་རྡོ་སྣུམས་སོགས་ཀྱི་དུ་བས་ཁ་རླུང་འབག་གཙོག་བཟོས་ནས་ལོ་རེར་མི་ས་ཡ་༤ ལྷག་རྐྱེན་ལམ་དུ་འགྲོ་བཞིན་པར་བཤད།  

མཁའ་རླུང་འབག་གཙོག་གིས། མི་རྣམས་ཀྱི་དབུགས་ལམ་མ་ལག་ལ་ཉེན་ཁ་བཟོས་ནས། གློ་བའི་སྐྲན་ནད་དང་། སྙིང་ནད། གྲུབ་སྐྱོན། གཅིན་སྙིའི་ནད་ཀྱི་བཀའ་ངལ་མང་པོ་བཟོས་བཞིན་པ་དེ། ཐ་མག་འཐེན་ན་ཉེན་ཁ་ཅི་ཙམ་ཡོད་མེད་ལ་བསྡུར་ནས་འགྲེལ་བཤད་བརྒྱབ་འདུག

རླངས་འཁོར་རྡོ་སྣུམ་གྱི་དུ་བ་ལས་ཐོན་པའི་རྡུལ་ཕྲ་མོ་ PM2.5 ཟེར་བ་དེ་མི་རྣམས་ཀྱིས་དབུགས་རྔུབ་གཏོང་བྱེད་བཞིན་པའི་སྐབས་སུ་གློ་བའི་ནང་དུ་སོང་ནས། རིམ་གྱིས་ཁྲག་ལམ་དུ་སོང་སྟེ་ལུས་ལ་ན་ཚ་བཟོ་བཞིན་ཡོད་པར་བཤད།

ན་ཚ་ཁྱབ་བརྡལ།

ནད་ཡམས་ཁྱབ་བརྡལ་གྱིས་ཆ་ནས་བཤད་ན། གནམ་གཤིས་འགྱུར་ལྡོག་གིས། དུག་སྦྲང་དང་།  འདབ་ཆགས། འོ་འཐུང་སྲོག་ཆགས་སོགས་ཀྱི་གནས་ཡུལ་ལ་འགྱུར་བ་ཐེབས་ནས་ནད་ཡམས་ཀྱི་རིགས་ཁྱབ་པའི་ཉེན་ཁ་ཇེ་ཆེར་འགྲོ་རྒྱུ་ཡིན་པར་བཤད། དུག་སྦྲང་གིས་ Chikungunya ཟེར་བའི་ནད་དང་། ཛེ་ཀ་(Zika)ནད། དུང་ West Nile Virus ནད་དུག་དང་། འདར་ཚད་ན་ཚ་སོགས་ཁྱབ་བརྡལ་གཏོང་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག

Lancet Countdown ཚོགས་པས་གནམ་གཤིས་དྲོད་ཚད་ C2 འཕར་བ་ཡིན་ན། ན་ཚ་འགོ་བའི་ཉེན་ཁ་བརྒྱ་ཆ་ ༣༦འཕར་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རླུང་འཚུབ་དང་། ཆུ་ལོག་གིས་དུག་སྦྲང་གི་གྲངས་འབོར་འཕར་བའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་པ་དང་། དུག་སྦྲང་གི་གྲངས་འབོར་ཅི་ཙམ་འཕར་བ་དེ་ཙམ་གྱིས་ཆུ་ལས་བྱུང་བའི་ན་ཚ་ཇེ་མང་དུ་འགྲོ་རྒྱུ་ཡིན་པར་བཤད།

༢༠༢༣ལོའི་ལོ་མཇུག་གི་བདུན་ཕྲག་འདིའི་ནང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་པ་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་གིས་འགྲོ་བ་མིའི་འཕྲོད་བསྟེན་སྤྱི་ཡོངས་ལ་ཉེན་ཁ་ཡོད་པའི་སྐོར་གྱི་བགྲོ་གླེང་བྱ་བཞིན་པ་རེད།

COP28 ཁོར་ཡུག་ཚོགས་ཆེན་གྱི་གཞུང་འབྲེལ་དྲ་ཚུགས།

https://www.cop28.com/

སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ་ནི་སེར་བྱེས་དགེ་བཤེས་ལྷ་རམས་པ་ཞིག་ཡིན་ལ། ཁོང་གིས་སེར་བྱེས་བྱ་བྲལ་ཁང་ཚན་དུ་ལོ་དྲུག་རིང་ལ་རིག་གནས་དགེ་རྒན་གནང་མྱོང་བར་མ་ཟད། ༢༠༠༨ ལོ་ནས་ད་བར་དུ། གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས། ཤེས་རབ་བླ་འབོད། རྟོག་འགྱུའི་ང་རོ། ཤེས་རབ་ཀྱི་བདག་པོ། དཔྱོད་པའི་ལམ། སོགས་དེབ་ཕྲེང་ལྔ་ཡི་བརྩམས་མྱོང་ཡོད། ཡང་བོད་ཕྱི་ནང་གཉིས་ནས་སྔ་ཕྱིར་རྩོམ་ཡིག་མང་པོར་བྱ་དགའ་མང་པོ་ཐོབ་མྱོང་བའི་རྩོམ་པ་པོ་ཞིག་ཡིན།

རྔ་བ་ཀུན་བཟང་སྒྲོལ་མ།

རྔ་བ་ཀུན་བཟང་སྒྲོལ་མ།

ཀུན་བཟང་སྒྲོལ་མ་ནི་ཨ་མདོ་རྔ་བར་སྐྱེས་ཤིང་། རྒྱ་གར་ལ་ཡོང་ནས་ཝཱཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས། བོན་གྱི་ལྟ་གྲུབ་དང་ནང་པའི་མཚན་ཉིད་རིག་པའི་སྐོར་ལ་ཤཱ་སི་ཏྲི་དང་ཨཅཱརྱ་ཆ་ཚང་ཐོན། ད་ལྟའི་ཆར་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་ཝཱཎའི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་ནང་ནས་འབུམ་རམས་པ་འདོན་བཞིན་ཡོད། འདས་པའི་ལོ་བཅུ་ཙམ་གྱི་རིང་ལ་བོན་གྱི་ལམ་རིམ་སྐོར་ལ་དཔྱད་ཞིབ་གནང་ནས། ཕྱི་ལོ་2022 ལོར་<<བྱང་ཆུབ་སྒྲུབ་ཐབས་ཚིགས་སུ་བཅད་པ་སུམ་བརྒྱ་ཉི་ཤུ་པ། >>གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན། ཡང་ཁོ་མོའི་ད་ལྟའི་བར་དཔྱད་རྩོམ་དང་བསྒྱུར་རྩོམ། ལྷུག་རྩོམ། སྙན་ངག་མང་པོ་བྲིས་པའི་ཁོངས་ནས་བྱ་དགའ་ཐོབ་མྱོང་བའི་དཔྱད་རྩོམ་བཅོ་བརྒྱད་ཕྱོགས་བསྒྲིགས་བྱས་ཏེ་<<བསམ་གཞིག>>ཅེས་པའི་དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་བྱས།

བྱ་སྨྱོན་པ།

བྱ་སྨོན་པ། མྱུག་མིང་།

སྐལ་བཟང་མེ་ཏོག་གམ་བྱ་སྨྱོན་པ་ནི་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་སྐྱེས་ཤིང་། ཆུང་དུས་ནས་ས་གནས་སློབ་ཆུང་སོགས་འགྲིམས། གོ་བརྒྱད་ལོར་རྒྱ་གར་དུ་འབྱོར་བ་དང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྐབས་གཉིས་པའི་མཐར་ཕྱིན་སློབ་མའི་གྲས་སུ་ཚུད་དེ་འཛིན་གྲྭ་མཐར་ཕྱིན། ༢༠༠༠ལོར་ནོར་གླིང་མཐོ་སློབ་ཏུ་འཛུལ་ཞུགས་བྱས་ཀྱིས་རྩོམ་ཡིག་འབྲི་བའི་ལས་ལ་ཞུགས་ཏེ་སྔ་རྗེས་སུ་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་སྤེལ། ༢༠༠༧ལོར་ས་མཐའི་རླུང་ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་བརྩམས། ༢༠༠༩ལོར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས། ད་ལྟ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རྒྱལ་བའི་མཛད་རྣམ་སྡེ་ཚན་དུ་རྩོམ་སྒྲིག་པའི་ལས་ཀ་བྱེད་མུས་ཡིན།