ཐན་པ་བྱུང་ནས་གཙང་ཆུ་སོགས་སྐམ་རྗེས་ཡ་མཚན་པའི་དངོས་པོ་མང་པོ་ཕྱི་ལ་ཐོན།

ཐན་ཤུལ་ཡ་མཚན་པ་གསུམ།

༢༠༢༢ལོར་གནམ་གཤིས་འཕོ་འགྱུར་ལ་བརྟེན་ནས་འཛམ་གླིང་གི་ཆུ་བོ་དང་གཙང་བོ་སྐོར་ཞིག་སྐམ་སྟེ་ཐན་པ་བྱུང་བའི་གནས་ཚུལ་མང་པོ་བྱུང་། གཙང་བོ་སྐམ་ཤུལ་ནས་ཡ་མཚན་པའི་དངོས་པོ་མང་པོ་ཕྱིར་ཐོན།

འབྲི་ཆུའི་བཞུར་རྒྱུན་དུ་ཡོད་པའི་རྒྱ་ནག་ཁྲོན་ཆིན་(重庆)ས་ཆ་ནས་ཆུའི་ནང་འོག་གི་བྲག་ཐོ་ཞིག་ཕྱི་ལ་མངོན་པ་མ་ཟད། དེའི་སྟེང་དུ་ནང་པའི་རྡོ་བརྐོས་སྐུ་བརྙན་གསུམ་མཐོང་། སྐུ་དེ་དག ལ་ལོ་༦༠༠ཙམ་གྱི་ལོ་རྒྱུས་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། རྡོ་བརྐོས་དེས་སྔོན་ཆད་ལོ་དྲུག་བརྒྱའི་གོང་ལ་ཡང་། ས་དེ་རུ་འབྲུ་ཆུ་སྐམ་ནས་ཆུའི་མཐོ་ཚད་སྐུ་དེ་དག ལས་དམའ་བའི་དུས་ཤིག་བྱུང་ཡོད་པ་མཚོན་ཐུབ།

འཇར་མན་གྱི་གཙང་བོ་ཨིལ་བྷེ་(Elbe)སྐམ་སྟེ་ཇེ་དམའ་སོང་རྗེས་རྡོ་བརྐོས་ཡི་གེ་ཞིག་ཕྱི་ལ་ཐོན། རྡོ་དེ་ལ་བཀྲེས་རྡོ་ཟེར། བཀྲེས་རྡོ་ཟེར་དོན་ནི་སྤྱི་ལོ་༡༦༡༦ ལ་ཡུ་རོབ་ཏུ་ཐན་པ་བྱུང་ཏེ་ཟས་དཀོན་པས་བཀྲེས་ལྟོགས་ཀྱི་དུས་ཤིག་བྱུང་སྐབས་རྡོ་དེ་ལ་ཡི་གེ་དེ་བརྐོས། ཡི་གེ་དེ་རུ་ “ང་མཐོང་དུས་ངུས་”ཞེས་བྲིས་ཡོད་པ་རེད། དེས་སྔོན་ཆད་ཀྱང་ཆུ་བོ་ཨིལ་བྷེ་སྐམ་ནས་ཆུའི་དམའ་ཚད་དེར་སླེབས་པ་དང་། ཐན་པས་དབང་གིས་བཀྲེས་ལྟོགས་བྱུང་བ་ཤེས་ཐུབ།

ཨ་རིའི་ཁོ་ལོ་ར་ཌོ་(Colorado)གཙང་བོ་བཀག་ནས་མེས་དྷི་(Lake Mead)ཟེར་བའི་མིས་བཟོས་མཚོ་མོ་ཞིག་ཡོད། ལོ་འདིའི་ནང་ལ་ཁོ་ལོ་ར་ཌོ་གཙང་པོ་སྐམ་སྟེ་མཐོ་ཚད་ཤིན་ཏུ་དམའ་བོར་གྱུར་རྗེས་མཚོ་ཤུལ་དུ་མི་ལྔའི་བེམ་པོ་རྙེད། བེམ་པོ་དེ་དག་ལ་ཉེན་རྟོག་པས་རྟོག་དཔྱོད་བྱས་ཏེ་ལོ་ཉི་ཤུའི་གོང་གི་གྱོད་དོན་ཞིག་ཐག་གཅོད་ཐུབ་པ་བྱུང་། འོན་ཀྱང་། བེམ་པོ་གཞན་རྣམས་ཀྱི་གྱོད་དོན་ད་དུང་བརྟག་དཔྱད་བྱེད་མུས་ཡིན།


སྦྱར་ཤོག

གོང་གི་ནང་དོན་རྣམས་མདོར་བསྡུས་ཏེ་སྦྱར་ཤོག་བཟོས་ཡོད།

ཁོར་ཡུག་དང་མཐུན་པའི་འགྲིམ་འགྲུལ།

གཅིག རླངས་འཁོར་བསྐོར་མ་དགོས་པར་རྐང་ཐང་ལ་འགྲོ་བ་ནི་ཁོར་ཡུག་དང་འཕྲོད་བསྟེན་གཉིས་ལ་ཕན།

གཉིས། རླངས་འཁོར་གྱི་འཁོར་ལོ་ལ་རྒྱུན་དུ་དབུགས་ཚད་ལྡན་བརྒྱབ་ན་རླངས་འཁོར་འགྲོ་བདེ་བས་སྣུམ་རིན་བརྒྱ་ཆའི་%2.5གྲོན་ཆུང་བྱེད་ཐུབ་པ་མ་ཟད། འཁོར་ལོའི་འདང་ཚད་བརྒྱ་ཆའི་%3 ཇེ་རིང་ལ་འགྲོ།

གསུམ། སྤྱི་སྤྱོད་རླངས་འཁོར་དུ་བསྡད་ཏེ་སྒེར་འཁོར་མ་བསྐོར་བ་ཡིན་ན། འགྲིམ་འགྲུལ་ཐེངས་གཅིག་གི་CO2 ཕྱིར་གཏོང་ཚད་བརྒྱ་ཆའི་%45 ཉུང་དུ་གཏོང་ཐུབ།

བཞི། རླངས་འཁོར་བསྐོར་དགོས་བྱུང་ན། ཟུང་ལྡན་(HYBIRDསྣུམ་དང་གློག་གཉིས་ལྡན་པའི་)རླངས་འཁོར་དང་། ཡང་ན། གློག་རྐྱང་བའི་རླངས་འཁོར་བསྐོར་ཚེ་ཁོར་ཡུག་ལ་གནོད་པ་ཆུང་།

མི་འབོར་དང་ཁོར་ཡུག

སྤྱི་ལོ་༢༠༢༢ ལོ་རབ་བྱུང་༡༧པའི་ཆུ་སྟག་བགྲང་བྱ་༣༦པར་འཛམ་གླིང་གི་མི་འབོར་ཐེར་འབུམ་༧.༩༦ཡོད།
འགྲོ་བ་མིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག

  • “དེང་སྐབས་ལོ་རེར་མི་གྲངས་ས་ཡ་༧༤འཕར་གྱིན་ཡོད།
  • འཛམ་གླིང་གི་ཡུལ་ལུང་སོ་སོའི་མི་འབོར་འཕར་ཚད་ཆ་སྙོམས་མིན།
  • སའི་གོ་ལར་འགྲོ་བ་མི་ཅི་ཙམ་ཤོང་མིན་ཚན་རིག་པས་ད་དུང་ཐག་ཆོད་མེད།
  • ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་མཁན་གཙོ་བོ་ཞིག་ནི་མིའི་གྲངས་འབོར་ཡིན།
  • འདས་པའི་ལོ་ ༥༠ རིང་ལ་ང་ཚོས་ཐོན་ཁུངས་བེད་སྤྱད་པའི་ཚད་དེ་ནི་འགྲོ་བ་མིའི་ལོ་རྒྱུས་སུ་བེད་སྤྱད་ཟིན་པའི་ཐོན་ཁུངས་ཡོངས་ལས་ཀྱང་མང་བ་བེད་སྤྱད་ཡོད། 
  • དུས་རབས་ཉི་ཤུ་བའི་རིང་གི་མི་འབོར་འཕར་ཚད་འདི་འདྲ་ལོ་རྒྱུས་སུ་བྱུང་མྱོང་མེད།”

དགེ་རྒན་ཆེན་མོ་སི་ཏེ་ཧྥེན་དྷོ་ཝེར་སི།
ཨུ་སི་ཊི་རེ་ལི་ཡ་རྒྱལ་ཡོངས་སློབ་ཆེན་གྱི་གསོ་རིག་སློབ་གླིང་གི་སྐྱེ་དངོས་དང་ཁོར་ཡུག་ཚན་ཁག
ཧྥེན་ནེར་ཁོར་ཡུག་དང་སྤྱི་ཚོགས་སློབ་གྲྭའི་འགན་འཛིན།

དགེ་རྒན་ཆེན་མོ་ཁཱོ་ལིན་བྷུ་ཊི་ལེར།
ཁན་བྷེ་ར་སློབ་ཆེན་ཀྱི་འཕྲོད་བསྟེན་ཚན་ཁག